Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡག་པོ་ཞིག་གནང་ཐུབ་ཚེ་མ་འོངས་པར་རྒྱ་ནག་མི་མང་ལའང་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཞེས་པའི་ཉིན་གསུམ་རིང་གི་ཚོགས་འདུའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་། བཀའ་སློབ་སྩལ་བའི་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡག་པོ་ཞིག་གནང་ཐུབ་ཚེ། མ་འོངས་པར་རྒྱ་ནག་མི་མང་ལའང་ཕན་ཐོགས་ཆེན་པོ་ཡོང་ཐུབ་ཀྱི་རེད་ཅེས་བཀའ་སྩལ་འདུག

དེ་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་ཐོག་སྤེལ་བའི་གནས་ཚུལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཀྱི་ཐོག་མར་ཚོགས་བཅར་བ་རྣམས་ཐུག་པ་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་ཞིང་། མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་ཕེབས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེར་རྒྱབ་སྐྱོར་གནང་གི་ཡོད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར་ཆོས་དད་རང་མོས་དང་། རིག་གཞུང་སྲུང་སྐྱོབ་གནང་རྒྱུའི་ལག་ལེན་ཆ་ཚང་ཞིག་བསྐྱལ་དགོས་ཀྱི་འདུག་ཅེས་གསུང་བཞིན་ཡོད་སྐོར་དང་ཆབས་ཅིག དེ་ལྟར་འཐུས་ཚང་གནང་ཐུབ་པའི་རང་སྐྱོང་ཞེས་ད་ལྟའང་ཐུགས་དགོངས་དེ་ལྟར་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡག་པོ་ཞིག་གནང་ཐུབ་ཚེ། མ་འོངས་པར་རྒྱ་ནག་མི་མང་ལའང་ཕན་ཐོགས་ཆེན་པོ་ཡོང་ཐུབ་ཀྱི་རེད་ཅེས་བཀའ་སྩལ་འདུག

རྩ་བའི་ཁ་སྔོན་ཚོགས་འདུ་དེའི་ཚོགས་བཅར་བ་རྣམས་ལ་མཇལ་ཁའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གཙོས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་རྣམས། དེ་བཞིན་དེ་སྔ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་རིགས་སྐུ་ཞབས་ལི་ཞའོ་པའོ་ Li Xiaobo དམ་པ་ཁོང་གི་སྐུ་ཟླ་ལིའུ་ཤཱ་ Liu Xia ལགས་ཀྱི་མཚོན་པའི་རྒྱ་དམར་སྲིད་གཞུང་གི་གདུག་རྩུབ་མྱོང་བཞིན་པའི་བོད་དང་ཡུ་གུར། ཐའེ་ཝན། ཧོང་ཀོང་། ནང་སོག དེ་བཞིན་ཀོ་རི་ཡ་དང་རྒྱ་རིགས་བཅས་མི་རིགས་དེ་དག་གི་སྐུ་ཚབ་ཁྱོན་མི་གྲངས་ ༥༠ ལྷག་ལྷན་ཞུགས་གནང་ཡོད།

སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་བོད་པ་ཞིག་གིས་ཞུ་དོན་ལ། ད་ལྟའི་ཆར་རྒྱ་ནག་གིས་བོད་ལ་ཆབ་སྲིད་ཀྱི་ཐོག་ནས་དབང་སྒྱུར་བྱས་ཡོད་ཀྱང་། མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་གིས་རྒྱ་ནག་ལ་ཕར་དབང་སྒྱུར་བྱེད་ཐུབ་ཀྱི་རེད་ཅེས་བརྗོད་ཡོད་སྐོར་ཐུགས་དྲན་གསོ་མཛད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་བཞུགས་ནས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཡག་པོ་ཞིག་གནང་རྒྱུར་ཐུགས་དགོངས་མཛད་ཀྱི་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད། བཙན་བྱོལ་དུ་འབྱོར་རྗེས་རྒྱ་རིགས་དང་ཐུག་འཕྲད་སྐབས་གྲོགས་པོའི་འདུ་ཤེས་དགོངས་ཀྱི་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ཚོགས་བཅར་བ་རྣམས་ལ་དེང་གི་ཆར་ཚན་རིག་པ་མང་པོས་ལོ་བཅུ་ཕྲག་འགའ་ཤས་རྗེས་འཛམ་གླིང་གི་ཚ་དྲོད་ཧ་ཅང་འཕེལ་སྟེ། རྒྱ་མཚོ་དང་གཙང་པོ་རྣམས་རིམ་བཞིན་སྐམ་འགྲོ་བའི་ཉེན་ཁ་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་། ནང་བསྟན་དཔེ་ཆའི་ནང་བསྐལ་པ་མེ་འཇིག་དང་ཆུ་འཇིག་ཅེས་གསལ་གྱི་ཡོད་སྟབས། ད་ཆ་ཚ་དྲོད་འཕེལ་བཞིན་པ་དེ་ནི་ཕལ་ཆེར་བསྐལ་པ་མེ་འཇིག་གི་མཚན་མ་ལྟ་བུ་ཞིག་ཡིན་སྐོར་བཀའ་སྩལ་དང་འབྲེལ། དེ་ལྟ་བུ་བྱུང་ཚེ་གང་ཡང་བྱེད་ཐབས་མེད། དེར་བརྟེན་དེ་ནི་ང་ཚོའི་ཐུན་མོང་གི་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་དང་། དེའི་ཐོག་འགན་ཁུར་དགོས་པ་བཀའ་སློབ་ནན་པོ་སྩལ་འདུག

ད་དུང་མགོན་པོ་༸གང་ཉིད་མཆོག་དུས་རྟག་ཏུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཉམས་བཞེས་མཛད་ཀྱི་ཡོད་པ་དང་། དེར་ཉམས་བཞེས་དགའ་རབ་ཐོབ་ཡོད་མ་ཟད། སྐབས་འགར་སེམས་ཅན་གྱི་དོན་དུ་ཐུགས་དགོངས་བཞེས་པར་སྤྱན་ཆབ་བསིལ་གྱི་ཡོད་སྐོར་བཀའ་སྩལ་དང་འབྲེལ། ཆོས་དད་ཡོད་མེད་ལ་ལྟོས་མེད་སེམས་བཟང་པོ་བྱུ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ཕྱོགས་གཅིག་ནས་བཙན་བྱོལ་བ་ཞིག་ཡིན་པ་ཆ་ནས་ཐུགས་ཕམ་གྱི་གནས་དོན་ཞིག་རེད་དེ། འོན་ཀྱང་ཕྱོགས་གཞན་ཞིག་ནས་མི་སྣ་ཚོགས་ཐུག་གི་ཡོད་པས་སྨོན་ལམ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་སྒྲུབ་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་འདུག ལྷག་པར་དུ་དུས་རྟག་ཏུ་འགྲོ་བ་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་ཐུགས་བསྐྱེད་མཛད་བཞིན་ཡོད་སྐོར་ཆབས་ཅིག འགྲོ་བ་མི་ཚང་མར་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་གལ་ཡིན་པའི་བཀའ་སློབ་ལམ་སྟོན་མཛད་འདུག

མ་ཟད་མགོན་པོ་༸གང་ཉིད་མཆོག་ད་དུང་ལོ་བཅོ་ལྔ་ཉི་ཤུ་བཞུགས་རྒྱུ་དང་། མཐར་དྲི་བ་ཁག་གཅིག་ལ་བཀའ་ལན་མཛད་སྐབས་འཛམ་གླིང་སྤྱིའི་འགྱུར་འགྲོས་དང་། ཡང་སྒོས་རྒྱ་ནག་ནང་འགྱུར་བ་ཏན་ཏན་འགྲོ་སྲིད་པར་གནས་སྟངས་གང་ལའང་གཟིགས་ན་བོད་ལ་ཆིབས་བསྒྱུར་མཛད་རྒྱུའི་རེ་བ་དང་གོ་སྐབས་ཡོད་པའི་སྐོར་བཀའ་བཞེས་བཟང་པོ་མཛད་འདུག

པར་དབང་དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།