Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པ།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དེ་དབུ་འཛུགས་གནང་སོང་བ་དང་ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་བཅས་རྒྱལ་སྤྱི་ཁྱོན་ཡོངས་ལ་ཡོད་པའི་བེུད་མེད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་ ༣༧ ཀྱི་ཚོགས་མི་ ༡༨༠ ཙམ་ནས་མཉམ་ཞུགས་གནང་འདུག་པར་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བེུད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། གཞན་ཡང་དབུས་ས་གཉིས་ཀྱི་བེུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་དང་བཞུགས་སྒར་ཉེ་འཁོར་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ནས་མཉམ་ཞུགས་གནང་འདུག

TWA General Body Meeting

ཚོགས་ཆེན་ཐོག་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ནས་ལྷན་ཚོགས་ཀྱི་ལས་བསྡོམས་སྒྲོག་སྦྱང་གནང་སོང་བ་དང་། ཉིན་གྲངས་དྲུག་རིང་འཚོག་རྒྱུའི་ཚོགས་ཆེན་ཐོག་༸གོང་ས་མཆོག་གི་༸སྐུ་ཕྱཱའི་སྲུང་སྐྱོབ་གཙོས་༸པཎ་ཆེན་རིན་པོ་ཆེ་དང་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་གྲོས་གཞི་དོན་ཚན་བདུན་ཐོག་གོ་བསྡུར་གནང་གི་ཡོད་པ་མ་ཟད།  ཕྱི་ཚེས་ ༢༤ སྟེ་ཚོགས་དུས་ཉིན་མཐའ་མའི་ཐོག་དབུས་བོད་ཀྱི་བེུད་མེད་ལྷན་ཚོགས་ཀྱི་སྐབས་བཅུ་བཞི་པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་པ་འོས་འདེམས་གནང་གི་ཡོད་སྐོར་ཚོགས་གཙོ་སྒྲོལ་མ་ལགས་ཀྱིས་དེ་ལྟར་འགྲེལ་བརྗོད་གནང་སོང་།

TWA General Body Meeting

དེ་རིང་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་བེུད་ལྷན་ཚོགས་དེ་བཞིན་ཆོལ་གསུམ་བེུད་ཀྱི་སྒྲིག་འཛུགས་ཤིག་དང་དེ་ནས་བཙན་བྱོལ་དུ་སླར་གསོ་ཇི་ལྟར་གནང་བའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། ཚོགས་པ་འདིས་ད་བར་བོད་སྤྱི་བའི་རྩ་དོན་དང་སྒྲིག་འཛུགས། སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེ་སྤེལ་མུས་ལ་གུས་བཀུར་ཡི་རང་ཞུས་པ་དང་ཆབས་ཅིག འབྱུང་གྱུར་མི་རབས་ཚོའི་དམིགས་དཔེ་ཡར་རྒྱས་གནང་ནས་རྒྱུས་འཛིན་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྐོར་གསུངས་སོང་བ་མ་ཟད། སྒྲིག་འཛུགས་འདི་བཙན་བྱོལ་དུ་སླར་གསོ་ཐུབ་པར་གཙོ་འགན་བཞེས་མཁན་གྱི་བུད་མེད་ལྷག་བསམ་ཅན་གྱི་འགོ་ཁྲིད་གོང་མ་རྣམས་ཀྱི་ཕྱག་ལས་ཁག་མི་ཉམས་རྒྱུན་འཛིན་དང་བོད་དོན་བདེན་མཐའ་མ་སེལ་བར་དུ་འབད་བརྩོན་འདི་མུ་མཐུད་གནས་དགོས་པའི་ཐོག་བུད་རྣམས་ལ་དམིགས་བསལ་མདུན་བསྐྱོད་ཀྱིས་ལས་དོན་གཉེར་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་སོང་།

TWA General Body Meeting

ལྷག་དོན་རིན་པོ་ཆེ་མཆོག་གིས་སྤྱིར་བུད་མེད་ཅེས་པ་འདི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བརྒྱ་ཆ་ལྔ་བཅུའི་ཐུགས་འགན་བཞེས་མཁན་གྲས་སུ་རྩིས་སྲོལ་ཡོད་པ་གང་ཞིག་ལ་དམིགས་བསལ་འབྱུང་གྱུར་མི་རབས་ཀྱི་གནས་བབ་འདི་བུད་མེད་ཀྱི་སྤྱི་ཚོགས་ཁྲོད་ཨ་མ་གནང་ཐུབ་མཁན་ཁོ་ནའི་ཕྱག་ཏུ་ཡོད་སྟབས་དེའི་གལ་གནད་ཇི་ཡོད་སྐོར་བེུད་རྣམས་ནས་དགོངས་པ་བཞེས་དགོས་ཞེས་གསུངས་ཏེ། བོད་ཀྱི་བེུད་ལྷན་ཚོགས་འདི་བཞིན་རྒྱལ་སྤྱིའི་ཁྱོན་ལ་ཡོད་པའི་ཆོལ་ཁ་ཆོས་ལུགས་དབྱེར་མེད་ཀྱི་སྒྲིག་འཛུགས་གལ་ཆེན་ཞིག་དང་འདིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བརྒྱུད་བོད་མི་རིགས་ཡོངས་རྫོགས་དང་འཇིག་རྟེན་སྤྱི་ཡོངས་ལ་ཞབས་འདེགས་རླབས་ཆེན་བསྒྲུབ་རྒྱུའི་ནུས་པ་དང་འགན་ཡོད་སྟབས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུར་འབད་བརྩོན་གནང་རྒྱུའི་རེ་བ་ཡོད་སྐོར་གསུངས་སོང་།

TWA General Body Meeting

དེ་བཞིན་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ད་རེས་ཁོང་ནས་བོད་ནང་གི་དཔའ་མཛངས་སྙིང་སྟོབས་ལྡན་པའི་རྒྱལ་གཅེས་དཔའ་མོ་རྣམས་ཀྱིས་ངོ་ཚབ་གནང་སྟེ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཀྱི་གཟེངས་རྟགས་དེ་བཞེས་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། བེུད་རྣམས་ལ་དམིགས་བསལ་གྱི་ནུས་པ་ཆེན་པོ་ལྡན་ཡོད་པར་ཡིད་ཆེས་གནང་སྟེ་ཆིག་སྒྲིལ་ངང་མདུན་བསྐྱོད་གནང་ཚེ་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་ཡིད་ཆེས་ཡོད་ཅེས་གསུངས་སོང་།

དེ་རིང་དབུ་འབྱེད་མཛད་སྒོའི་ཐོག་གཞན་ཡང་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཀྱི་གཟེངས་རྟགས་དང་། དེ་བཞིན་བུད་མེད་ལྷན་ཚོགས་ལ་ཕྱག་རོགས་གནང་མཁན་རྒྱུན་ཟུར་གཙོས་དབུས་ས་གང་རུང་ནང་རྒྱུན་ལས་ལོ་བཅུ་གཉིས་གནང་མྱོང་ཡོད་པ་རྣམས་ལ་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།