fbpx

Tibetan Royal Year of 2150 | Year of the Water Rabbit

བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་འཁྲིས་ས་ཁུལ་དུ་ཚད་རིམས་ཁྱབ་གདལ་ཁྲོད་སྟོད་ལུང་ཁུལ་དུ་སློབ་ཕྲུག་བཞི་འདས་གྲོངས།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་དང་ཁ་ཆེ་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།
  • གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་ཆ་ཚང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོར་བཏང་ཡོད།
  • སུད་སིར་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་གྲོས་ཆོད་གཏན་འབེབས།
  • རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དབུ་འཛུགས།
  • སྦེལ་འཇམ་གཞུང་གིས་ནང་ཆོས་དེ་ཉིད་གཞུང་འབྲེལ་ཆོས་བརྒྱུད་གྲས་སུ་ངོས་འཛིན།
  • བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་ཟབ་ཁྲིད།

Monday 20/03/2023

  • Dalai Lama meets with Muslim scholars, speaks on common values between Islam and Buddhism
  • 11th Public Accounts Committee presents report to Parliament
  • Swiss National Council approves motion seeking relief for asylum seekers
  • Tibetan Opera ‘Shoton’ festival begins in Mundgod Tibetan settlement
  • Belgium officially recognises Buddhism as a non-denominational religion
  • SEE Learning conducts workshop for North America’s weekend Tibetan language and culture teachers
(Visited 2 times, 2 visits today)

ཉེ་ཆར་རྒྱ་ནག་ཏུ་ Influenza ཞེས་པའི་ཚད་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པ་ལྟར་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་འཁྲིས་ཀྱི་ས་ཁུལ་དུའང་རིམས་ནད་དེ་ཁྱབ་གདལ་སོང་བའི་གནས་ཚུལ་ཐོན་པའི་ཁྲོད་སྟོད་ལུང་བདེ་ཆེན་རྫོང་ཁུལ་དུ་འདས་པའི་ཉིན་གྲངས་གསུམ་ནང་སློབ་ཕྲུག་ ༤ གྲོངས་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

བོད་རིག་པའི་མཁས་པ་སྐུ་ཞབས་  Robert Barnett ལགས་ཀྱིས་རྒྱལ་ས་ལྷ་སའི་མང་ཚོགས་ཁག་གཅིག་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་གནང་བ་ཞིག་ཁ་སང་འཕྲུལ་སྒྲ་ཐོག་སྤེལ་འདུག་པར་ དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་འཁྲིས་ས་ཁུལ་དུ་ཚད་རིམས་ཁྱབ་གདལ་ཁྲོད་སློབ་ཕྲུག་བྱིས་པར་རིམས་ནད་དེ་ཕོག་མཁན་མང་པོ་བྱུང་ཡོད་པ་ལས་སྟོད་ལུང་བདེ་ཆེན་རྫོང་ཁུལ་དུ་སློབ་ཕྲུག་ ༤ གྲོངས་བའི་གནས་ཚུལ་ཐོན་པ་དང་འབྲེལ་ས་གནས་སུ་མང་ཚོགས་རྣམས་དངངས་སྐྲག་ཆེན་པོ་གནང་དགོས་པའི་གནས་སྟངས་ཆགས་བྱུང་འདུག

སྐུ་ཞབས་ Robert Barnett ལགས་ཀྱིས་བོད་ནང་དུ་ཚད་རིམས་ཁྱབ་གདལ་ཐད་མང་ཚོགས་ཀྱི་ངོས་ནས་སེམས་འཚབ་བྱེད་བཞིན་པ་དེ་ནི་རྒྱུ་མཚན་ལྡན་པ་ཞིག་དང་། བོད་ཁུལ་དུ་དེང་སྐབས་སློབ་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཞག་ཡོད་པར་མ་ཟད། ལྷ་སའི་ཉེ་འགྲམ་དུ་ Education City ཞེས་ཉུང་མཐར་སློབ་གྲྭ་ ༡༤ ཙམ་ས་ཁོངས་གཅིག་རང་གི་ནང་དུ་མཉམ་དུ་གནས་ཡོད་སྟབས་རིམས་ནད་ཁྱབ་གདལ་གྱི་ཉེན་ཁ་ཆེན་པོ་ཡོད་པ་གསུངས་འདུག

གནས་ཚུལ་ཡོང་ཁུངས་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ཁུལ་དུའང་ཚད་རིམས་ཁྱབ་གདལ་གྱི་གནས་ཚུལ་འཐོན་བཞིན་པའི་ཁྲོད་སློབ་ཕྲུག་མང་དག་ཅིག་སྨན་ཁང་དུ་འཁྱེར་ཡོད་སྐོར་གསུངས་འདུག ད་ལྟའི་ཆར་ལྷ་ས་དང་ཉེ་འཁྲིས་ས་ཁུལ་དུ་སློབ་གྲྭ་རྣམས་ཕྱིར་བཤོལ་བྱེད་ཀྱི་མེད་པ་དེ་ལྟར་ཡང་། སློབ་གྲྭའི་འབོད་སྐུལ་ཐོག་ཕ་མ་རྣམས་ཀྱིས་སློབ་ཕྲུག་རྣམས་སློབ་གྲྭ་ནས་ཕྱིར་འཐེན་གྱིས་རང་ཁྱིམ་དུ་འཁྲིད་བཞིན་ཡོད་པ་རེད་འདུག

སྟོད་ལུང་བདེ་ཆེན་རྫོང་དང་ལྷ་སའི་ Weixin དྲ་གནས་ཀྱི་ཁ་བྱང་མཉམ་སྦྱར་བྱས་པའི་ནང་སྟོད་ལུང་ས་གནས་སྲིད་གཞུང་གིས་མང་ཚོགས་ལ་ Influenza ཚད་རིམས་འགོག་ཐབས་ཀྱི་ཐབས་ལམ་བརྒྱུད་བསྒྲགས་བྱེད་བཞིན་པ་དང་། དེ་བཞིན་ལྷ་སའི་དྲ་གནས་ཐོག་ཚད་རིམས་ཀྱི་ནད་རྟགས་གང་ཡིན་གསལ་བཀོད་ཀྱིས་མང་ཚོགས་ནས་དོ་སྣང་རྒྱ་གང་ཆེ་བྱེད་དགོས་པའི་གཞེན་སྐུལ་བྱས་པར་མ་ཟད། གལ་སྟེ་གཉན་རིམས་ཕོག་པའི་བྱིས་པའི་ཁྲོད་སྣ་ཁྲག་ཐོན་པའི་གནས་ཚུལ་བྱུང་བ་ཡིན་ན། གཞུང་གི་ཛ་དྲག་འཕྲོད་བསྟེན་འབྲེལ་གཏུག་ཁ་པར་ཨང་གྲངས་ ༡༢༠ ཐོག་འབྲེལ་བ་བྱེད་དགོས་ཞེས་ནན་བརྗོད་འདུག

རྩ་བའི་འདས་པའི་ཉིན་ཤས་ནང་ Xi’an གཙོ་བོར་གྱུར་པའི་རྒྱ་ནག་གི་གྲོང་ཁྱེར་ཁག་གཅིག་གི་ནང་ Influenza ཚད་རིམས་ཕོག་མཁན་བརྒྱ་ཆ་ ༦༠ ཙམ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད། དེའི་ཁྲོད་ Xi’an སྲིད་བཞུང་གིས་རིམས་ནད་འགོག་ཐབས་ཆེད་སྒོ་རྒྱ་བསྡམ་འཆར་ཡོད་སྐོར་བཤད་པར་ཝི་བོ་སྤྱི་ཚོགས་དྲ་ལམ་ཐོག་མང་ཚོགས་མང་དག་ཅིག་གིས་གཞུང་གི་འཆར་གཞིར་སྐྱོན་བརྗོད་ཤུགས་ཆེ་གནང་མུས་རེད་འདུག

(Visited 195 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།