Tibetan Royal Year of 2151 | Year of the Wood Dragon

བོད་དོན་ཆབ་སྲིད་ལས་འགུལ་ནང་བོད་མི་གང་མང་མཉམ་ཞུགས་ཡོང་ཐབས་སོགས་ཀྱི་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

དེ་རིང་ཨ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པ་མཇུག་སྒྲིལ་དང་སྦྲགས། ཐེངས་འདིའི་ཚོགས་འདུ་ཐོག་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་ནང་བོད་མི་གང་མང་མཉམ་ཞུགས་ཡོངས་ཐབས་གནང་རྒྱུ་སོགས་དོན་ཚན་ ༢༠ བདག་ཉིད་ཅན་གྱི་གྲོས་ཆོད་གཏན་འབེབས་གནང་འདུག

ཨོ་སི་ཊོ་ལི་ཡའི་ Victoria བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཟླ་ ༤ ཚེས་ ༧ ནས་ ༡༠ བར་ Melbourne གྲོང་ཁྱེར་དུ་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་ཚོགས་འདུག་པ་དང་། ཚོགས་འདུ་ཐོག་སིཌ་ནི་དང་NewCastle ཝིག་ཊོ་རི་ཡ། ཁེན་བི་ར། དེ་བཞིན་ Queensland དང་ནོར་ཝ་བཅས་ཀྱི་ས་གནས་བོད་རིགས་མཐུན་ཚོགས་ཀྱིསཚོགས་མི་དང་རྩེད་འགྲན་པ་བཅས་ཁྱོན་མི་གྲངས་ ༣༠༠ ཡས་མས་ལྷན་ཞུགས་གནང་འདུག

གསར་འགོད་པས་དེ་རིང་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་དཔལ་ལྡན་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐོག་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་ནང་བོད་མི་གང་མང་ནས་མཉམ་ཞུགས་གནང་ཐབས་གནང་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བཅས་ཀྱི་གནད་དོན་གཙོས་དོན་ཚན་ ༢༠ བདག་ཉིད་ཅན་གྱི་གྲོས་ཆོད་གཏན་འབེབས་གནང་ཡོད་སྐོར་དང་། ལྷག་པར་དུ་ཚོགས་ཆེན་གྱི་གོ་སྐབས་དང་བསྟུན་བོད་རིགས་གཞོན་སྐྱེས་རྣམས་ཕན་ཚུན་འབྲེལ་ལམ་ཡོང་ཐབས་དང་བེུད་ནུས་སྟོབས་གོང་འཕེལ་སོགས་ལ་དམིགས་ཏེ་རྐང་སྤོལ་རྩེད་འགྲན་སོགས་གོ་སྒྲིགས་ཞུས་ཡོད་སྐོར་གསུངས་སོང་། པར་ཁག་ TibetanCommunity AU Victoria

  

འབྲེལ་ཡོད་གསར་གནས།

གསར་གནས།