Tibetan Royal Year of 2150 | Year of the Water Rabbit

བོད་ནམ་ཡང་མ་བརྗེད་ཅེས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།
  • སྤྱི་འཐུས་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
  • སྲིད་སྐྱོང་མཆོག་གིས་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནའི་བོད་མིར་གསུང་བཤད།
  • རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་ནག་སུབ་གཏོང་བཞིན་པར་འགོག་རྒོལ་གནང་དགོས་པའི་ཞུ་སྐུལ།
  • རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Wednesday 29/11/2023

  • Dalai Lama meets head of Himachal police officer and other ranks
  • Telo Rinpoche urges end to religious persecution in Tibet at IRFBA Ministerial in Prague
  • Tibetan MPs embark on advocacy programs in northern India
  • Sikyong Penpa Tsering addresses Tibetan community in Barcelona, Spain
  • China’s chief weapon in quashing identity of Tibetan people is not dystopian camps, but residential schools
  • In China, athletes as young as 7 in military training to ‘create iron army’

དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཕྱ་ཚོད་ ༡༡ ཐོག་བོད་མི་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་ལམ་ཐག་སྤྱི་ལེ་ ༢༠༠༠ ལྷག་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ཞི་བའི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་།

འདི་ག་རླུང་འཕྲིན་ཁང་གིས་ཁོང་ལ་ལས་འགུལ་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས། ལས་འགུལ་དེའི་བརྒྱུད་ནས་གནས་ཡུལ་རྒྱ་གར་ཡུལ་མིའི་ཁྲོད་དུ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་དང་། བོད་མིའི་སྤྱི་ཚོགས་ནང་བོད་སྤྱིའི་རྩ་དོན་འཐབ་རྩོད་གལ་འགངས་ཆེ་བ་ཡོད་པའི་དྲན་སྐུལ་ཞུ་རྒྱུ། དེ་བཞིན་འཆར་ལོའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་གྲོས་ཚོགས་སོགས་གང་སྤྱིའི་ཐད་ནས་ཚགས་ཚུད་ལེགས་གྲུབ་ཡོང་བའི་སྨོན་འདུན་དང་། བོད་རིགས་གཞོན་སྐྱེས་ཚོར་མ་འོངས་པར་བོད་དོན་ལས་འགུལ་སྤེལ་རྒྱུའི་ཐད་སྐུལ་མའམ་སེམས་ཤུགས་སྤེལ་རྒྱུ་བཅས་ལ་དམིགས་པ་ཞིག་ཡིན་པ་མ་ཟད། དེ་ལྟ་བུ་བོད་དོན་གྱི་ལས་འགུལ་སྤེལ་རྒྱུ་དང་མཉམ་ཞུགས་གནང་རྒྱུ་སོགས་ནི་ཁོང་རང་ཉིད་ཀྱི་ཕ་དམ་པའི་བོད་ལ་བཅངས་པའི་ལ་རྒྱ་དང་རྒྱལ་ཞེན་བཅས་ཀྱི་བསམ་བློ་ལས་སེམས་འགུལ་ཐེབས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

དེ་བཞིན་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ལས་འགུལ་དེ་ནི་ཉིན་གྲངས་ ༥༥ ཙམ་གྱི་འཆར་གཞི་ཞིག་ཡིན་པ་དང་། ཐེངས་འདིའི་ལས་འགུལ་དེ་བཞིན་བོད་དོན་ཐོག་སེམས་ནང་སེམས་ཚབས་ཆེན་པོ་ཞིག་ཡོད་པའི་རྐྱེན་གྱིས་སྤེལ་བ་ཞིག་ཡིན་པ་མ་ཟད། དེའི་བརྒྱུད་ནས་གོང་གི་དམིགས་ཡུལ་དེ་དག་བསྒྲུབ་པའི་རེ་བ་དང་། ལྷག་པར་དུ་བོད་རིགས་གཞོན་སྐྱེས་རྣམས་ནས་བོད་དོན་ཐོག་ཐུགས་འཁུར་བཞེས་ཆེད་ཡིན་པ་གསུངས་སོང་།

རྩ་བའི་དེ་རིང་ལས་འགུལ་དེ་དབུ་འཛུགས་མ་ཞུས་གོང་དུ་འཇམ་དབྱངས་བསྟན་འཛིན་ལགས་སུ་བཞུགས་སྒར་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། དེ་བཞིན་ཚོགས་སྒེར་གཞན་ཁག་གིས་དཀར་གཙང་མཇལ་དར་གྱིས་སྨོན་འདུན་ཞུས་རྗེས་མེག་གྷན་ཁྲོམ་གཞུང་དུ་རྐང་འཁོར་ཐོག་སྐོར་བ་ལེན་གསུམ་རྒྱག་སྟེ་བོད་རྒྱལ་ལོ་ཞེས་འབོད་པའི་ཐོག་ནས་ཞི་བའི་ལས་འགུལ་དབུ་འཛུགས་གནང་ཡོད་པ་རེད།

གཞི་རྩའི་འཇམ་དབྱངས་བསྟན་འཛིན་ལགས་ལྟ་བུ་ཆ་མཚོན་ན། དྷེ་ར་དྷུན་གནས་སྡོད་བྱེད་མཁན་བོད་མི་ཞིག་ཡིན་པ་དང་འབྲེལ། ད་ལྟའི་ཆར་ཁོང་དགུང་ལོ་ ༦༣ ཡིན་པ་དང་། དུས་རྒྱུན་ནས་བོད་ཀྱི་གཞོན་ནུའི་ལས་འགུལ་སོགས་ཀྱི་ནང་མཉམ་ཞུགས་གནང་མཁན་ཞིག་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།