Tibetan Royal Year of 2151 | Year of the Wood Dragon

བོད་མི་ནང་ཕན་ཚུན་ལ་སོ་མྱུལ་གྱི་སྒྲིག་གཞི་གསར་པ་ལག་བསྟར།

Tibetan News Headlines

  • Tibet and the Himalayas: revisiting cross border trade through Uttarkashi
  • Feature : His Holiness the Dalai Lama’s speech to devotees from Himalayas

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༠

  • བོད་དང་ཧི་མཱ་ལ་ཡ། བོད་དང་ཚོང་ས་རོང་པ།
  • ཕྱི་ལོ་ ༢༠༡༢ ལོར་༸གོང་ས་མཆོག་གིས་ཧི་མ་ལ་ཡའི་ཆོས་ཞུ་བར་སྩལ་བའི་བཀའ་སློབ།

ཉེ་ཆར་རྒྱ་ནག་རྒྱལ་ཡོངས་ཀྱི་བདེ་འཇགས་ཀྱི་མིང་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁུལ་ནང་བོད་མི་ནང་ཕན་ཚུན་དབར་སོ་མྱུལ་གྱི་སྒྲིག་གཞི་གསར་པ་ཞིག་ལག་བསྟར་ཤུགས་ཆེར་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུགཨ་རིར་རྟེན་གཞིར་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འདོན་སྤེལ་གནང་བའི་སྙན་ཐོར་སོ་ལྟའི་སྒྲིག་གཞི་དེ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡ ནས་ལག་བསྟར་འགོ་བཙུགས་པ་ཞིག་དང་སྒྲིག་གཞི་དེ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤ དང་ ༢༠༡༥ དེ་བཞིན་ ༢༠༡༧ བཅས་སོ་སོར་གཏན་འབེབས་བྱས་པའི་རྒྱལ་ཡོངས་སོ་མྱུལ་གྱི་ཁྲིམས་སྒྲིག་ལྟར་བོད་རང་སྐྱོང་ལྗོངས་ཁུལ་གྱི་ས་གནས་སོ་སོའི་ནང་ལག་བསྟར་བྱེད་དགོས་པའི་སྒྲིག་གཞི་ཞིག་ཆགས་ཡོད་སྐོར་གསུངས་འདུག

ལས་འགུལ་ཁང་གིས་སྒྲིག་གཞི་དེ་བརྒྱུད་ནས་རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་རྣམས་བློ་འགུགས་ཐབས་ཀྱི་སྲིད་བྱུས་ཇི་སྙེད་ཅིག་སྤེལ་བ་རྣམས་ལམ་ལྷོངས་བྱུང་གི་མེད་པར་ཤེས་རྟོགས་ཐུབ་ནས་ཆབ་སྲིད་ཀྱི་སྟངས་འཛིན་འོག་ནས་བོད་མི་ནང་ཕན་ཚུན་དབར་སོ་ལྟ་བྱས་པའི་དམ་དྲག་བརྒྱུད་དེ་སྟངས་འཛིན་བྱེད་ཀྱི་ཡོད་པ་གསལ་པོ་ཞིག་ཆགས་ཡོད་པར་མ་ཟད། སྤྱིར་བོད་ནང་བོད་མི་ནང་ཕན་ཚུན་དབར་སོ་མྱུལ་བྱ་རྒྱུ་དེ་ལོ་ངོ་བཅུ་ཕྲག་འགའི་སྔོན་ནས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། ད་ལན་ཆེད་དུ་མངགས་ནས་སྒྲིག་གཞི་བཟོས་པ་དེས་རྒྱ་ནག་གཞུང་གིས་ལས་གཞི་དེར་ངོས་འཛིན་དང་ཁས་ལེན་ཡོད་པ་གསལ་པོ་རེད་ཅེས་བཀོད་འདུགསྙན་ཐོའི་ནང་ད་དུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལག་བསྟར་བྱས་པའི་ཁྲིམས་གཞི་དེའི་ནང་དོན་ཚན་ ༣༢ ཡོད་པ་དང་དོན་ཚན་ཕལ་མོ་ཆེ་རྒྱལ་ཡོངས་སོ་ལྟའི་ཁྲིམས་སྒྲིག་སྤྱི་དང་གཅིག་པ་ཆགས་ཡོད་ཀྱང་། རྒྱ་ནག་གི་ཞིང་ཆེན་གཞན་ཁག་ལ་ལག་བསྟར་བྱེད་བཞིན་པའི་ཁྲིམས་སྒྲིག་དང་མ་འདྲ་བར་བོད་ནང་གི་ཁྲིམས་སྒྲིག་གི་འབྲུ་དོན་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་དེ་མི་རིགས་ཁ་བྲལ་ཞེས་པ་དང་། ཆོས་ཁ་ལ་འཁྱེར་ནས་རྒྱལ་ཁབ་ཁ་བྲལ་གཏོང་བ་ཞེས་པའི་བརྗོད་ཚིག་བཀོད་ཡོད་པ་ལས་རྒྱ་གཞུང་གིས་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་བྱེད་བཞིན་པ་མངོན་གསལ་ཡོད་པར་གསུངས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནད་དོན་དེ་དང་འབྲེལ་ནས་དེ་སྔ་པེ་ཅིང་གཙུག་ལག་སློབ་གྲྭའི་སློབ་དཔོན་དང་རྒྱ་ནག་གི་ཁྲིམས་ཀྱི་མཁས་དབང་སྐུ་ཞབས་ Wang Tiancheng ལགས་སུ་བཀའ་འདྲི་ཞུས་པར་སྐུ་ཞབས་ Wang Tiancheng ལགས་ཀྱིས་སོ་ལྟའི་ཁྲིམས་སྒྲིག་དེ་རྒྱལ་ཁབ་ཁ་བྲལ་གྱི་གནད་དོན་ལ་སྦྱར་ནས་ཁ་གསལ་ཞིག་མེད་སྐོར་བརྗོད་འདུག་པར་མ་ཟད། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་བོད་མི་དཀྱུས་མ་རྣམས་ཉེན་ཁའི་ནང་ཡོད་པ་དང་། རྒྱ་གཞུང་གིས་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ཐད་ལ་མུ་མཐུད་དམ་དྲག་ཇེ་ཆེར་གཏོང་མུས་ཡིན་པ་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།