Tibetan Royal Year of 2151 | Year of the Wood Dragon

བྷ་ཌན་གྱིས་བོད་དོན་གཙོས་འགྲོ་བ་མིའི་ཐོབ་ཐང་གླེང་བ་དང་འབྲེལ་ཞི་ཅིན་ཕིང་ལ་སླར་སྲིད་དབང་སྒེར་གཅོད་པ་ཞེས་གསུངས་འདུག

Tibetan News Headlines

  • NED honors Sikyong Penpa Tsering and Tibet Action Institute with Democracy awards
  • Dalai Lama congratulates Mexico’s President-Elect Claudia Sheinbaum
  • US lawmakers to meet Dalai Lama on India trip next week
  • Tibetans protest Chinese premiere visit to New Zealand
  • US expands Russia sanctions, targeting entities in China
  • DIASPORA: Geshe Lobsang Gyaltsen, Former TCV Staff and Registrar of Dalai Lama College

རེས་གཟའ་པ་སངས། ༢༠༢༤།༠༦།༡༤

  • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
  • ༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།
  • ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
  • རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།
  • ཨ་རིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ།
  • བཙན་བྱོལ་བོད་མིའི་གནས་སྟངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ San Francisco གྲོང་ཁྱེར་དུ་ APEC ལྷན་ཚོགས་ཆེད་འབྱོར་ཡོད་པ་དང་བསྟུན། ཁ་སང་ཕྱི་དྲོར་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་ཞི་ཅིན་ཕིང་དང་ལྷན་ཟུར་དུ་ཐུག་འཕྲད་གནང་བའི་ཁྲོད་ཨ་རིའི་སྲིད་འཛིན་མཆོག་གིས་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་སྤྱི་དང་བོད་དང་ཤིན་ཅང་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་བར་མ་ཟད། གསར་འགོད་ལྷན་ཚོགས་ཐོག་སླར་ཡང་ཞི་ཅིན་ཕིང་ལ་སྲིད་དབང་སྒེར་གཅོད་པ་ཞེས་གསུངས་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་གསལ། ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་ཨ་རིའི་ San Francisco གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཆགས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ Filoli Estate གླིང་གའམ་སྤྲོ་ཁང་དུ་ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་ཁྱོན་ཕྱག་ཚོད་བཞིའི་རིང་ཐུག་འཕྲད་གནང་འདུག་པ་དང་།  ཕྱོགས་གཉིས་ཀྱི་མཇལ་འཕྲད་དང་འབྲེལ་ནས་སྐུ་ཞབས་བྷ་ཌན་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། ཐེངས་འདིའི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་གྱི་མཇལ་མོལ་དེ་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་བ་བཟང་དུ་གཏང་རྒྱུ་གཙོས་ཚོང་དང་བདེ་འཇགས་ཀྱི་གནད་དོན་སོགས་ཀྱི་ཐོག་གྲོས་བསྡུར་གནང་ཡོད་པ་དང་། ལྷག་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་བོད་དང་ཤིང་ཅང་། ཧོང་ཀོང་བཅས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་ཡོད་ཅེས་གསུངས་འདུག

སྲིད་འཛིན་རྣམ་གཉིས་ཀྱི་ལྷན་ཚོགས་ཐོག་ཕྱོགས་གཉིས་ཀྱི་གནད་དོན་གཙོས་རྒྱལ་སྤྱིའི་གནད་དོན་མང་དག་ཅིག་གི་ཐོག་དྲང་བདེནདང་དོན་ཕན་ལྡན་པའི་གྲོས་བསྡུར་གནང་ཡོད་པ་དང་། སྲིད་འཛིན་བྷ་ཌན་མཆོག་གིས་ཨ་རྒྱ་གཉིས་ཚོང་འབྲེལ་གྱི་འགྲན་རྩོད་ནང་ཡོད་པ་དེ་ལྟར་ཡང་། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དེ་བཟང་སྤྱོད་དང་དྲང་བདེན་ ཐོག་ནས་འགྲན་རྩོད་ནང་མཉམ་ཞུགས་གནང་ཐུབ་ཚེ་དགེ་མཚན་ཡོད་སྐོར་དྲན་སྐུལ་གནང་འདུག

སྐབས་དེར་འགོ་ཁྲིད་གཉིས་ཀྱིས་གནད་དོན་གཙོ་ཆེ་ཁ་ཤས་ལ་མོས་མཐུན་གནང་ཡོད་པའི་ཁོངས་སུ་ཕྱི་ལོ་ ༢༠༡༩ ལོར་སྲིད་འཛིན་ཞི་ཅིན་ཕིང་གིས་ Fentanyl ཞེས་པའི་སྨན་རྫས་དེ་ཨ་རིར་ཚོང་འབྲེལ་བྱ་རྒྱུ་མེད་པའི་ཁས་ལེན་བྱས་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གིས་ད་ལྟའང་ཨ་རི་ནང་སྨན་རྫས་ཕོན་ཆེ་འཚོང་མུས་ཡིན་པ་བཀག་སྡོམ་དང་། རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་ལམ་སླར་གསོ་དགོས་པ། མིས་བཟོས་རིག་ནུས་མ་ལག་གི་ཉེན་ཁར་གདོང་ལེན། དེ་བཞིན་རྒྱ་གཞུང་གིས་ཨུ་རུ་སུ་དང་འབྲེལ་ལམ་བཟང་པོ་ཡོད་པ་དེ་སྤྱོད་ནས་དམག་འཁྲུག་ཞི་ཐབས་གནང་དགོས་སྐོར་གསུངས་ཡོད།

དེ་བཞིན་རྒྱ་གཞུང་གིས་ཡུལ་དེའི་ནང་ཁྲིམས་འགལ་གྱིས་བཀག་ཉར་བྱས་ཡོད་པའི་ཨ་རིའི་མི་སེར་རྣམས་ཀྱི་སྐོར་དང་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལ་བརྩི་མེད་རྡོག་རོལ་བཏང་ནས་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ། ལྷོ་རྒྱ་ནག་རྒྱ་མཚོར་དྲག་ཤུགས་ཆེན་པོའི་ཐོག་ནས་རང་ཉིད་ཀྱི་དབང་ཐང་རྒྱ་སྐྱེད་གཏོང་བཞིན་པའི་གནད་དོན་ཐད་གླེང་སློང་གནང་ཡོད་ཅེས་དང་། ལྷག་པར་རྒྱ་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་མུས་ཀྱི་གནད་དོན་ལ་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག

ཨ་རིའི་སྲིད་འཛིན་མཆོག་གི་གསར་འགོད་ལྷན་ཚོགས་གྲུབ་མཚམས་སུ་གསར་འགོད་པ་ཞིག་གིས་སྲིད་འཛིན་བྷ་ཌན་མཆོག་ལ་སྔར་བཞིན་ཞི་ཅིན་ཕིང་དབང་ཆ་སྒེར་གཅོད་བྱེད་མཁན་ཞིག་ཡིན་པའི་གཟིགས་ཚུལ་ལ་འགྱུར་བ་ཕྱིན་ཡོད་དམ་ཞེས་དྲིས་པར་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ང་ཚོའི་སྲིད་གཞུང་དང་གཏན་ནས་མི་འདྲ་བའི་དམར་ཤོག་རྒྱལ་ཁབ་སྐྱོང་མཁན་གྱི་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་ཆབས་ཅིག་ཁོང་གི་བཀའ་མོལ་ལ་འགྱུར་བ་གང་ཡང་མེད་ཅེས་ནན་བརྗོད་གནང་འདུག

གཞི་རྩའི་ཁ་སང་སྲིད་འཛིན་རྣམ་གཉིས་ཀྱི་ཀྱི་མཇལ་འཕྲད་བསྟུན། བྱང་ཀེ་ལི་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་གྲོགས་པོ་ཚོགས་པ་བཅས་བཞིའི་གོ་སྒྲིག་འོག་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ་ བརྒྱ་ཁྲག་ཁ་ཤས་ཀྱིས་སྔ་དྲོ་ཕྱག་ཚོད་ ༩༌༣༠ ནས་ཕྱི་དྲོ་ཕྱག་ཚོད་ ༣ བར་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་ཕྱོགས་སུ་འདུ་འཛོམས་གནང་སྟེ་ཞི་ཅིན་ཕིང་གི་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ལ་སྐྱོན་བརྗོད་དང་། དེ་རྗེས་ APEC ལྷན་ཚོགས་ཚོགས་ཡུལ་ Moscone ལྟེ་གནས་ཁང་གི་ཚོགས་ཁང་བར་ཞི་བའི་གོམ་བགྲོད་སོགས་གནང་ཡོད། པར་ Aljazeera དང་། CNN

འབྲེལ་ཡོད་གསར་གནས།

གསར་གནས།