ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་འགོ་ཁྲིད་གཞོན་པ་བོད་རིགས་ཆེ་དགྲ་ལྷ་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༦ པའི་ཚེས་ ༥ ཉིན། ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞིའི་རྒྱུན་ལས། ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་འགོ་ཁྲིད་གཞོན་པ་ཆེ་དགྲ་ལྷ་ལྐོག་རྔན་བླངས་བའི་ནག་ཉེས་ཕོག་རྗེས་ཚེ་བཙོན་གྱི་ཉེས་ཆད་བཅད་པ་དང་། ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་མ་ཟད་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་ཀྱིས་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༢༣ ཉིན་ཁོང་གིས་རྒྱལ་ཁབ་ལ་གནོད་པའི་ཁྲིམས་འགལ་བྱས་ཡོད་པའི་ནག་ཉེས་ཐོག་ཞིབ་བཤེར་བྱ་རྒྱུ་ཡོངས་བསྒྲགས་བྱས་རྗེས། ཀྲུང་དབྱང་སྒྲིག་ཁྲིམས་ལྷན་ཁང་དང་། རྒྱལ་ཁབ་ལྟ་སྐུལ་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་ཡོད་པ་དང་ཁྲིམས་ཆད་ཕོག་པ་ངོས་ལེན་བྱས་ཡོད་འདུག

ཆེ་དགྲ་ལྷ་ནི་ཕྱི་ལོ་ ༡༩༥༨ ལོར་ཡུན་ནན་བདེ་ཆེན་རྫོང་དུ་སྐྱེས་པའི་བོད་རིགས་ཤིག་ཡིན། ཕྱི་ལོ ༡༩༨༢ ལོའི་ཟླ་ ༥ པའི་ནང་རྒྱ་ནག་གུང་ཁྲན་ཏང་ནང་དུ་ཞུགས། ཕྱི་ལོ་ ༡༩༧༩ ལོའི་ཟླ་ ༡༢ ནང་ལས་ཀ་བྱེད་འགོ་བཙུགས། རྒྱ་ནག་གི་དབུས་གཞུང་གི་ཏང་གི་སློབ་གྲྭར་མཐོ་རིམ་སློབ་སྦྱོང་བྱས། ཐེངས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་བྱུས་གྲོས་ཚོགས་ཀྱི་རྒྱུན་ལས་སོགས་མཐོ་རིམ་གོ་གནས་ཐོག་ལས་ཀ་ལོ་མང་བྱས་ཡོད་མཁན་ཞིག་རེད་འདུག

དེ་བཞིན་ཉེ་ཆར་ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༥ ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་ཉི་མ་ཚེ་རིང་ལ་ཚབས་ཆེན་གྱི་དམ་འགལ་དང་ཁྲིམས་འགལ་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱས་འདུག་པའི་གནས་ཚུལ་སྤེལ་ཡོད་པ་དང་། ད་ལྟ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྩད་གཅོད་དང་ཞིབ་འཇུག་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན། རྒྱ་ནག་དབུས་གཞུང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀུན་དགའ་ཚེ་རིང་འཛིན་བཟུང་བྱས་ཡོད་པ་དང་། ཞི་ཅིན་ཕེན་གྱི་ལག་བལྟར་བྱེད་བཞིན་པའི་སྒྲིག་ཁྲིམས་དང་ལྟ་ཞིབ་ལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་བཟོས་པའི་དོགས་པ་ཡོད་ཅེས་བཤད་འདུག མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་ལྟ་སྐུལ་ཨུ་ལྷན་ཁང་གཉིས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱས་ཡོད་སྐོར་བཤད་འདུག

ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡ ཚེས་ ༡༧ སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁང་གི་འགན་འཛིན་དཀོན་མཆོག་ལས་འཁྱུར་ངལ་གསོ་བྱས་ནས་ལོ་གཅིག་ཟིན་ཡོད་ནའང་རྒྱ་ནག་དབུས་གཞུང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་འཛིན་བཟུང་བྱས་འདུག དཀོན་མཆོག་སྒྲིག་ཁྲིམས་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་བཟོས་པའི་དོགས་གཞི་ཡོད་པ་དང་མིག་སྔར་དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག་

ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༢ ཚེས་ ༡༣ ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་དཔོན་ཤེས་རབ་རྒྱ་མཚོར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས་རང་འགུལ་ངང་རང་ཉེས་ངོས་ལེན་བྱས་རྗེས་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་པས་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད་འདུག

རྒྱ་ནག་དབུས་གཞུང་གིས་བོད་རིགས་དཔོན་པོ་མང་པོ་འཛིན་བཟུང་དང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་རྒྱ་ནག་དབུས་གཞུང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྟོགས་ཞིབ་བྱེད་བཞིན་ཡོད་པ་དང་ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་འགོ་ཁྲིད་གཞོན་པ་བོད་རིགས་ཆེ་དགྲ་ལྷ་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་འདུག

འབྲེལ་ཡོད་གསར་གནས།

གསར་གནས།