ཡུ་རོབ་གྲོས་ཚོགས་སུ་མི་རིགས་མཐུན་སྒྲིལ་སྐོར་གྱི་ཁྲིམས་གཞི་གསར་པར་སེམས་འཚབ་ཀྱིས་བགྲོ་གླེང་ལྷུག་པོ་གནང་བ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོར་ཡུ་རོབ་གྲོས་ཚོགས་ཀྱི་དབུས་སུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཁྲིམས་གཞི་གསར་པའི་ཐད་སེམས་འཚབ་ཀྱིས་བགྲོ་གླེང་གནང་ཟིན་ནས་དེ་རིང་ཕྱི་དྲོ་གྲོས་འཆར་དེ་ཉིད་གཏན་འབེབས་དགོས་མིན་གྱི་ལས་རིམ་ཐོག་ཕེབས་རྒྱུ་རེད་འདུག

European Parliament Urges China to Repeal ‘Ethnic Unity and Progress’ Law

རྩ་བའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་དང་མི་རིགས་ཀྱི་ངོ་བོར་བཙན་གནོན་ཇེ་ཆེར་གཏོང་བའི་སྐོར་གྱི་ཁྲིམས་ཡིག་གསར་པ་དེར་ཁ་ཉིན་ཚེས་ ༢༨ ཉིན་ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Catarina Vieira ལགས་དང་སྐུ་ཞབས་ Erik Marquardt ལགས་རྣམ་གཉིས་ཀྱིས་སེམས་འཚབ་དང་འབྲེལ་ནས་གྲོས་ཆོད་གྲོས་འཆར་ཞིག་ཆེད་འདོན་གནང་བ་དང་དེར་གྲོས་ཚོགས་འཐུས་མི་གཞན་ཚོས་རྒྱབ་སྐྱོར་གྱིས་མཉམ་སྦྲེལ་གནང་རྗེས་ཁ་སང་ཕྱི་དྲོ་ཡུལ་དེའི་གྲོས་ཚོགས་ནང་དུ་དེའི་ཐད་བགྲོ་གླེང་ལྷུག་པོ་གནང་ཡོད་འདུག

མཉམ་སྦྲེལ་གྱི་གྲོས་ཆོད་དེའི་ནང་དུ་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གསར་པ་གཏན་འབེབས་བརྒྱུད་བོད་དང་ཤིན་ཅང་། ནང་སོག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུར་དམིགས་འབེན་བཟུང་ཡོད་པར་སེམས་འཚབ་དང་སྦྲགས།  ཁྲིམས་ཡིག་འདིས་གྲངས་ཉུང་མི་རིགས་རྣམ་པའི་སྨྲ་བརྗོད་དང་བསམ་བློའི་རང་དབང་།  ཆོས་དད་རང་དབང་སོགས་ཡོངས་རྫོགས་སྔར་ལྷག་ཚོད་འཛིན་བྱེད་ངེས་ཡིན་པ་གསལ་སྟོན་གྱིས།  རྒྱ་ནག་ངོས་ནས་ཁྲིམས་དེ་མེད་པར་བཟོ་བ་དང་། མི་རིགས་དང་ཆོས་ལུགས་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་དང་ཚོགས་པ་ཁག་ལ་ཡུ་རོབ་མཐུན་ཚོགས་ཀྱིས་ཉེས་ཆད་འགེལ་དགོས་པ། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚང་མས་རྒྱ་གཞུང་དང་ལྷན་དུ་རྒྱལ་མཚམས་བརྒལ་བའི་བཙན་གནོན་བྱེད་པའི་ཉེན་ཁ་ལས་སྐྱོབ་ཆེད་ཕྱིར་སྤྲོད་ཆིངས་ཡིག་མཚམས་འཇོག་དགོས་པའི་སྐུལ་མ་གནང་འདུག

དེ་བཞིན་གྲོས་ཆོད་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་དབུ་ཁྲིད་རྣམས་ལ་མུ་མཐུད་ནས་སྡུག་སྦྱོང་གཏོང་བཞིན་པ་དང་སྲིད་གཞུང་གི་བཅའ་སྡོད་སློབ་གྲྭ་ཁག་བརྒྱུད་བོད་མིའི་རིག་གཞུང་དང་སྐད་ཡིག་གི་ངོ་བོ་རྩ་མེད་བཟོ་བཞིན་པ། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པ་ཁག་ལ་སྐྱོན་བརྗོད་ནན་པོ་དང་སྦྲགས།  ཁྲིམས་འཆར་འདི་ངོ་སྤྲོད་དང་ལག་བསྟར་བྱས་པ་དེས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་བར་མཇུག་འབྲས་ཚབས་ཆེ་བཟོ་རྒྱུ་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་བཀོད་ཡོད་པ་རེད།

མ་ཟད་དེའི་ནང་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་རྣམས་དང་ལྷག་པར་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག  དེ་བཞིན་དཔལ་ལྡན་ཡེ་ཤེས་ལགས་དང་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་སོགས་འཕྲད་མར་གློད་བཀྲོལ་དགོས་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལྷན་ཁང་དང་། རྒྱལ་དོན་ལྷན་ཁང་། ཚོགས་མི་རྒྱལ་ཁབ་ཁག་བཅས་ཀྱིས་རྒྱ་ནག་དང་མཉམ་དུ་གནད་དོན་འདི་དག་རྒྱུན་དུ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

གྲོས་ཆོད་ནང་གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་ལ་རྒྱ་ནག་ནང་གི་གནས་སྟངས་དང་ལྷག་པར་དུ་ ༢༠༢༦ ལོའི་ཁྲིམས་ལུགས་བཅས་འཁོད་པའི་སྙན་ཐོ་གསར་ཤོས་ཤིག་འདོན་སྤེལ་བྱེད་དགོས་པའི་རེ་འདུན་བཏོན་པ་མ་ཟད། གྲོས་ཆོད་འདི་ཉིད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་། ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ཁག  རྒྱ་ནག་གཞུང་། མཉམ་འབྲེལ་རྒྱལ་ཚོགས།  བོད་མིའི་སྒྲིག་འཛུགས་བཅས་སུ་གཏོང་དགོས་པའི་བཀོད་ཁྱབ་གནང་དགོས་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།