ཡུ་རོབ་མཐུན་ཚོགས་ནས་བལ་ཡུལ་གནས་སྡོད་བོད་མིའི་བཙན་བྱོལ་བའི་ཐོབ་ཐང་ཐད་བལ་ཡུལ་གཞུང་ལ་ཞུ་སྐུལ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

ཡུ་རོབ་མཐུན་ཚོགས་ནས་བལ་ཡུལ་གཞུང་ལ་འབོད་སྐུལ་དང་སྦྲགས། བལ་ཡུལ་གནས་སྡོད་བོད་མི་བཙན་བྱོལ་བ་མང་དག་ཅིག་ལ་ཡིག་ཆ་མེད་པའི་དཀའ་ངལ་དེ་དག་སེལ་དགོས་པ་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སྤྲད་དགོས་པ་གསུངས་འདུག

European Union Urges Nepal to Address Tibetan Refugee Challenges, Including Issuing Personal Account Number Cards

དེ་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ལི་ཡ་སི་ཛ་ལི་མ་སི་ Dainius Zalimas ལགས་དང་ཧན་ནསེ་ཧ་ཌི་ Hannes Heide ལགས་རྣམ་གཉིས་ཀྱིས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་འགན་འཛིན་མ་རོ་སི་ ཤེབ་ཅོ་ཝིཆ་ Maros Sefcovic ལགས་ལ་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་རྣམས་ཀྱི་ངེས་གཏན་མེད་པའི་གནས་སྟངས་སྐོར་ཡིག་ཐོག་ནས་འདྲི་རྩད་གནང་བ་ལྟར། ཉེ་ཆར་ཟླ་ ༤ ཚེས་ ༢༩ ཉིན་སྐུ་ཞབས་ Sefcovic མཆོག་གིས་ལས་ཁུངས་ནས་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ལ་དེ་འབྲེལ་ལན་འདེབས་ཕྱག་ཡིག་ཞིག་གནང་འདུག

དེའི་ནང་ཡུ་རོབ་མཐུན་ཚོགས་ངོས་ནས་ Refugee Core Group ཞེས་སྐྱབས་བཅོལ་བར་གཟིགས་རྟོག་གནང་མཁན་རྒྱལ་སྤྱིའི་གནའ་འབྲེལ་ཚོགས་པའི་ཚོགས་མིའི་ངོ་བོའི་ཐོག་བལ་ཡུལ་གཞུང་ལ་ཕྱག་བྲིས་ཕུལ་བའི་བརྒྱུད། ཡུལ་དེའི་ནང་གནས་སྡོད་བོད་མིའ་བཙན་བྱོལ་བ་རྣམས་ལ་ཡིག་ཆའི་ཐོག་ནས་དཀའ་ངལ་ཡོད་པར་བརྟེན། བོད་མི་ཚོར་ PAN CARD འམ་གཏན་འཇགས་བྱང་བུ་ཡིག་ཆ་གནང་དགོས་པ་མ་ཟད། དེའི་བརྒྱུད་ནས་བོད་མི་སྤྱི་དང་ལྷག་དོན་གཞོན་སྐྱེས་རྣམས་ལ་དངུལ་ཁང་ཡིག་ཆ་བཟོས་ཐུབ་ཀྱི་ཡོད་པ། དེ་བཞིན་ཉིན་རེའི་འཛིན་སྐྱོང་ལས་དོན་ཁག་ལའང་དགོས་མཁོ་ཆགས་ཀྱི་ཡོད་པ་སྙན་སེང་ཞུས་ཡོད་སྐོར་གསུངས་འདུག

མ་ཟད་བལ་ཡུལ་གཞུང་ངོས་ནས་བོད་མིའི་བཙོན་བྱོལ་བ་རྣམས་ལ་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་དགོས་པ་དང་རིག་གཞུང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ། ལྷག་དོན་བོད་མི་ཚོར་བཀག་སྡོམ་དང་དམ་བསྒྲགས་མེད་པའི་ཐོག་ནས་ཆོས་ཕྱོགས་གི་བྱ་བ་དང་རིག་གཞུང་གི་དུས་སྟོན་གལ་ཆེན་ཁག་སྲུང་བརྩི་ཞུ་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

ད་དུང་ཡུ་རོབ་མཐུན་ཚོགས་ནས་བལ་ཡུལ་གཞུང་གིས་བོད་མི་བཙོན་བྱོལ་བ་རྣམས་རྒྱལ་ཁབ་གཞན་དུ་གཞིས་སྤོས་བྱེད་ཆོག་པར་ངོས་ལེན་ཐོབ་པའི་བོཙན་བྱོལ་བ་རྣམས་དང་། གཞན་ཡང་སོ་སོའི་ཕ་ཡུལ་དང་རྒྱལ་ཁབ་གསུམ་པར་འགྲོ་འདོད་ཡོད་པ་རྣམས་ལ་བལ་ཡུལ་གཞུང་གི་ངོས་ནས་མཐོང་མཆན་གུ་ཡངས་དང་ཕྱིར་བསྐྱོད་ལག་ཁྱེར་གྱི་མཐུན་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་ཞུས་འདུག

ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཌེ་ལི་ཡ་སི་ཛ་ལི་མ་སི་ Dainius Zalimas ལགས་དང་ཧན་ནསེ་ཧ་ཌི་ Hannes Heide ལགས་རྣམ་གཉིས་ལ་གནང་བའི་ཕྱག་བྲིས་དེའི་ནང་གསལ་ལྟར་ན། སྤྱིར་ཡུ་རོབ་མཐུན་ཚོགས་ངོས་ནས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་དང་འབྲེལ་བའི་རྒྱབ་གཉེར་དེ་དག་ཕྱི་ལོ་ ༢༠༢༥ ལོ་མཇུག་ནས་ཡུལ་དེའི་ནང་སྲིད་ལྷན་ཁང་གཞུང་འབྲེལ་ཐོག་ཕུལ་ཟིན་ཡོད་པ་དང་། ད་ལྟའི་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཐོག་གནད་དོན་དེ་དག་ནི་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ཡུ་རོབ་ཕྱི་འབྲེལ་ལས་འགུལ་ཞབས་ཞུ་ European External Action Service ཁང་ནས་འདི་ལོར་འཚོག་གཏན་ཁེལ་བའི་ལོ་འཁོར་ཡུ་རོབ་མཐུན་ཚོགས་དང་བལ་ཡུལ་གྱི་ཟུང་སྦྲེལ་ལྷན་ཚོགས་ཐོག་གནད་དོན་དེ་བཞིན་གླེང་གཞི་གཙོ་བོ་ཞིག་ཆགས་རྒྱུ་ཡིན་པ་འགྲེལ་བརྗོད་གནང་འདུག

གཞི་རྩའི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་བབ་དང་འབྲེལ། ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ Samir Paul Kapur མཆོག་ཉིན་གྲངས་གསུམ་རིང་བལ་ཡུལ་ནང་རྒྱལ་དོན་འཚམས་གཟིགས་གནང་བའི་ཁྲོད། ཁོང་གིས་བལ་ཡུལ་གཞུང་གི་འགོ་ཁྲིད་ཁག་གཅིག་དང་ལྷན་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ད་ལྟའི་ཆར་བལ་ཡུལ་གནས་སྡོད་བོད་མི་རྣམས་ལ་ཁུལ་དེར་གནས་སྡོད་ཆོག་པའི་ལག་འཁྱེར་མེད་པའི་དཀའ་ངལ་འཕྲད་བཞིན་པས། དེར་བལ་ཡུལ་གཞུང་ཕྱོགས་ནས་ཐུགས་ཁུར་བཞེས་རྒྱུ་དུས་ལ་བབས་ཡོད་སྐོར་གསུངས་ཡོད་པ་རེད།

མ་ཟད་ཟླ་བ་དེའི་ཚེས་ ༢༦ ཉིན་ཨ་རི་གྲོས་ཚོགས་གོང་འོག་གཉིས་ཀྱི་ Appropriations Committees ཞེས་གྲོས་ཚོགས་ཀྱི་དངུལ་གཏོང་ལེན་ཚོགས་ཆུང་ནས་ཨ་རི་གཞུང་གིས་བལ་ཡུལ་ནང་བཅའ་སྡོད་བོད་མི་རྣམས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བལ་ཡུལ་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་དང་འབྲེལ། གནས་སྟངས་ཡར་རྒྱས་གཏང་རྒྱུར་དམིགས་ཏེ། བོད་མིར་རོགས་དངུལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་གཏན་འབེབས་གནང་ཡོད་པ་རེད། དེའང་ཚོགས་ཆུང་ངོས་ནས་རྩིས་ལོ་ ༢༠༢༧ ལོའི་དངུལ་འགོད་ཀྱི་ཐོ་གཞུང་དང་དེ་འབྲེལ་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་། བལ་ཡུལ་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཤུགས་ཆེར་ཕྱིན་པའི་ཁྲོད། བལ་ཡུལ་ནང་དུ་གནས་སྡོད་བོད་མིར་སྐྱབས་བཅོལ་ཡིག་ཆ་སྤྲད་རྒྱུ་མཚམས་འཇོག་བྱས་ཤིང་། ཤེས་ཡོན་དང་ལས་ཀའི་གོ་སྐབས་མེད་པ། བོད་མི་རྣམས་གཞིས་སྤོ་བྱ་རྒྱུར་བཀག་སྡོམ། དེ་བཞིན་བཙན་བྱོལ་དུ་བྲོས་བྱོལ་ཕེབས་མཁན་རྣམས་ཕྱིར་སློག་དང་རྒྱ་གར་དུ་བསྐྱོད་རྒྱུར་བཀག་སྡོམ་སོགས་ཕྱོགས་ཡོངས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་བྱེད་བཞིན་པར་ཐེར་འདོན་དང་སྦྲགས། གནས་སྟངས་ཡར་རྒྱས་གཏང་རྒྱུར་དམིགས་ཏེ། བོད་མི་སྐྱབས་བཅོལ་བར་དེ་སྔོན་གྱི་དངུལ་རྩིས་ནང་སྤྲོད་ཡོད་པ་ལྟར་མུ་མཐུད་རོགས་དངུལ་རྒྱབ་སྐྱོར་གནང་རྒྱུ་གཏན་འབེབས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།