Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ལྷན་བོད་དོན་གླེང་དགོས་པའི་ཞུ་སྐུལ། 

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྲིད་བྱུས་ཚན་པའི་གཙོ་འཛིན་སྐུ་ཞབས་ Josep Borrell ལགས་གཙོས་ཆེས་མཐོའི་དབུ་ཁྲིད་ཁག་གཅིག་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་སྐབས་བོད་ཀྱི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྲིད་བྱུས་ཚན་པའི་གཙོ་འཛིན་སྐུ་ཞབས་ Josep Borrell ལགས་གཙོས་ཆེས་མཐོའི་འགོ་ཁྲིད་ཁག་གཅིག་དེ་རིང་དངོས་སུ་རྒྱ་ནག་ནང་འབྱོར་ནས་རེས་གཟའ་སྤེན་པ་བར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་དེ་མིན་འགོ་ཁྲིད་གཞན་ཁག་ཅིག་དང་ཡོ་རོབ་མཐུན་ཚོགས་དང་རྒྱ་དབར་གྱི་ཆེས་མཐོའི་ཐབས་བྱུས་ཚོགས་འདུ་ཐེངས་ ༡༢ ཚོགས་ཀྱི་ཡོད་པ་ལྟར་ཕྱོགས་གཉིས་ཀྱི་བདེ་འཇགས་ཐབས་བྱུས་དང་ཚོང་འབྲེལ། ཆབ་སྲིད་འབྲེལ་ལམ་སོགས་ཀྱི་ཐོག་གྲོས་བསྡུར་གནང་འཆར་ཡོད་པ་རེད། 

 ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འགོ་ཁྲིད་དབར་གྱི་ཚོགས་འདུ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམས་ནས་བོད་ཀྱི་གནད་དོན་དེ་གལ་འགངས་ཆེན་པོར་ངོས་འཛིན་གྱིས་རྒྱ་ནག་གི་འགོ་ཁྲིད་དང་ལྷན་བོད་ཀྱི་དཀའ་རྙོག་སེལ་ཐབས་གནང་རྒྱུར་ངེས་པར་དུ་གླེང་དགོས་པའི་ཞུ་སྐུལ་གནང་འདུག

ལྷག་དོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་དང་འབྲེལ་བའི་སྲིད་བྱུས་ཀྱི་འགན་འཛིན་སྐུ་ཞབས་ Vincent Metten ལགས་ཀྱིས་བོད་འདི་ཨེ་ཤ་ཡའི་བདེ་འཇགས་དང་ཐབས་བྱུས་ལ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་སྟབས། སྐུ་ཞབས་ Josep Borrell ལགས་ནས་བོད་ཀྱི་གནད་དོན་དེ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་ཀྱི་ཐབས་བྱུས་གྲོས་མོལ་ཁྲོད་དུ་ངེས་བཅུག་གནང་སྟེ་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ཀྱི་དཀའ་རྙོག་སེལ་དགོས་པའི་གལ་གནད་དང་། བོད་རྒྱ་གྲོས་མོལ་སླར་གསོ་བྱེད་དགོས་པ་སོགས་ཞུ་སྐུལ་གནང་དགོས་པར་གསུངས་འདུག

ཞུ་སྐུལ་ནང་རྒྱ་ནག་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་། ལྷག་པར་ཞི་ཅིན་ཕིང་གིས་སྲིད་འཛིན་བྱེད་བཞིན་པའི་ཁྲོད་བོད་ནང་གི་གནས་ཇེ་ཞན་ཇེ་སྡུག་ཏུ་འགྱུར་ཡོད་པར་མ་ཟད། ཉེ་ལོ་ནང་བོད་མིར་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་དང་། བོད་ཕྲུག་རྣམས་བཙན་དབང་གིས་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་པ་སོགས་བོད་ཀྱི་སྐད་དང་རིག་གཞུང་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པའི་རྒྱ་གཞུང་གི་བྱ་སྤྱོད་ཁག་ཐེར་འདོན་དང་སྦྲགས། བདེ་འཇགས་ཀྱི་གནས་བབ་ཐོག་ནས་ཨེ་ཤ་ཡ་ཁྱོན་དུ་ཞི་བདེ་དགོས་ཚེ་དང་ཐོག་བོད་མཐོ་སྒང་གི་གནས་བབ་དེ་ཞི་བདེ་ལྡན་པ་ཞིག་བཟོ་གལ་ཡིན་པ་དང་། བོད་ཀྱི་གནད་དོན་དེ་ནི་སྡེ་ཚན་བྱེ་བྲག་པ་ཞིག་གི་གནད་དོན་མིན་པར་ཨེ་ཤ་ཡ་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ཞི་བདེ་ལྷིང་འཇགས་དང་འབྲེལ་བ་ཡོད་པ་རེད་ཅེས་གསུངས་འདུག

རྩ་བའི་སྐུ་ཞབས་ Josep Borrell ལགས་ནི་དེ་སྔ་ཕྱི་ལོ་ ༢༠༠༦ ལོ་ལ་ཡོ་རོབ་གྲོས་ཚོགས་ཀྱི་གཙོ་འཛིན་གནང་སྐབས་བོད་ལ་ཕེབས་མྱོང་ཡོད་པ་དང། དེ་སྔ་གྲོས་ཚོགས་སུ་བོད་རྒྱ་དཀའ་རྙོག་དེ་འཚེ་མེད་ཞིའི་ལམ་ནས་སེལ་དགོས་གལ་ཡིན་པ་དང་། རྒྱ་ནག་གཞུང་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་པ་སོགས་གསུངས་ཡོད་པ་རེད།  

སྐུ་ཞབས་ Josep Borrell རྒྱ་ནག་ཏུ་མ་ཕེབས་པའི་གོང་ལ་ཐེངས་འདིའི་ཚོགས་འདུ་རྐང་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་དོགས་པ་ཁག་སེལ་ཐབས་བྱ་རྒྱུ་དེ་ཡིན་སྐོར་གསུངས་འདུག་ཀྱང་། དཔྱད་ཞིབ་པ་ཁག་གཅིག་ནས་ཕྱོགས་གཉིས་ཀྱི་དབར་ལ་འཕྲད་བཞིན་པའི་བདེ་འཇགས་དང་ཚོང་གི་གནད་དོན་ཙམ་མིན་པར་ཐེ་ཝན་དང་ཡུཀ་རེན་སོགས་ཀྱི་གནད་དོན་གླེང་སྲིད་པར་ཚོད་དཔག་གནང་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།