Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་འཁྱོག་བཤད་དྲིལ་བསྒྲགས་སླད་སྤྱི་ཚོགས་དྲ་ལམ་ཐོག་སྒེར་གྱི་དྲ་བརྙན་བཟོ་མཁན་ནུབ་ཕྱོགས་པའི་ཆེད་ལས་པ་སྐྱེད་སྲིང་།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་ནས་འགྲོ་སོང་ཕོན་ཆེར་བཏང་སྟེ་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བའི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་སླད་སྤྱི་ཚོགས་དྲ་ལམ་ཐོག་སྒེར་གྱི་དྲ་བརྙན་བཟོས་ཏེ་མང་ཚོགས་ལ་ཤུགས་རྐྱེན་ཆེན་པོ་བཟོ་མཁན་གྱི་ཕྱི་རྒྱལ་བའི་ཆེད་ལས་མང་པོ་སྐྱེད་སྲིང་བྱེད་བཞིན་པ་ཐེར་འདོན་བྱས་འདུག

དེ་ཡང་ཨོ་སི་ཊི་ལི་ཡའི་ཐབས་བྱུས་ཉམས་ཞིབ་ཁང་གིས་སྤེལ་བའི་སྙན་ཐོར་གཞིགས་ན། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ཐོག་སྒེར་གྱི་དྲ་བརྙན་བཟོས་ཏེ་མང་ཚོགས་འབོར་ཆེན་ལ་ཤུགས་རྐྱེན་བཟོ་མཁན་གྱི་ཕྱི་རྒྱལ་བའི་མི་སྣ་མང་པོ་འབྲེལ་མཐུད་བྱ་ཡུལ་སྐད་སྣ་མང་གི་གླེང་སྟེགས་བཙུགས་པ་དང་འབྲེལ་ནས་དེའི་ནང་རྒྱལ་སྤྱིའི་སློབ་ཕྲུག་མང་དག་ཅིག་མཉམ་ཞུགས་བྱེད་དུ་འཇུག་ནས་དེ་དག་ཁྲོད་ཆེད་མངགས་འགྲན་བསྡུར་གོ་སྒྲིག་གིས་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་སྲིད་བྱུས་གོང་འཕེལ། ལྷག་དོན་རྒྱ་ནག་ལ་འཛིན་པའི་འཛམ་གླིང་རང་བཞིན་གྱི་ལྟ་ཚུལ་ལ་འཐབ་རྒོལ་སོགས་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པར་འགྲེལ་བརྗོད་གནང་འདུག

ཁེན་བི་རར་ Canberra རྟེན་གཞི་བྱས་པའི་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་གསུམ་གྱིས་སྤེལ་བའི་སྙན་ཐོར་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་རིན་ཐང་དང་འབྲེལ་བའི་བརྗོད་བྱ་དང་སྲིད་བྱུས། ལྟ་བ་བཅས་ཁྱབ་སྤེལ་གྱི་ལམ་སྟོན་བཞིན་ད་བར་དམར་ཤོག་ཚོགས་པའི་ངོ་བོ་དང་མཐུན་པའི་བརྗོད་བྱ་སྤེལ་མཁན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་དྲ་ལམ་གྱི་ཤུགས་རྐྱེན་ལྡན་པའི་མི་སྣ་ ༡༢༠ ལྷག་སྐྱེད་སྲིང་གིས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་མང་ཚོགས་ཁྲོད་དམར་ཤོག་ཚོགས་པར་ཆེ་མཐོང་དང་། དེ་བཞིན་རྒྱལ་སྤྱིའི་ཁྲོད་ཚོགས་པའི་འཁྱོག་བཤད་དྲིལ་བསྒྲགས་ལ་རྒྱབ་སྐྱོར་བསྐྲུན་ཐབས་བྱས་ཡོད་པ་མངོན་གསལ་གནང་འདུག

སྤྱི་ཚོགས་དྲ་རྒྱ་ལམ་བརྒྱུད་རྒྱ་ནག་ལ་དགའ་ཞེན་གྱི་ཤུགས་རྐྱེན་ཆེན་པོ་སྤྲོད་མཁན་མི་སྣ་དེ་དག་ཁོངས་སུ་མང་ཆེ་བ་མང་གཙོའི་རྒྱལ་ཁབ་ནས་ཡིན་ཞིང་ཁོང་རྣམས་གཙོ་བོ་ཨ་རི་དང་དབྱིན་ཡུལ། ནིའུ་ཛ་ལན་ཌི། ཨིས་རེལ། ཐེ་ཝན་བཅས་ནས་ཡིན་པ་དང་དེའི་དཔེ་མཚོན་དུ་ཡུ་ཊུབ་དྲྭ་རྒྱ་སྤྱོད་མཁན་ཨ་རི་བ་ Jerry Kowal ལྟ་བུར་མཚོན་ན། ཁོང་གི་ཡུ་ཊུབ་དྲྭ་རྒྱ་དང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་འདྲ་མིན་ཐོག་རྗེས་འབྲང་པ་འབུམ་ ༢༦༠ ཙམ་ཡོད་པ་མ་ཟད། དེ་སྔ་ཁོང་གིས་རྒྱ་གཞུང་ནས་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ལ་གདོང་ལེན་ཡག་པོ་བྱས་ཡོད་པར་དགའ་བསུའི་བརྙན་ཐུང་ཞིག་བཟོས་པར་ནུབ་ཕྱོགས་པའི་བརྙན་འཕྲིན་ལས་ཁང་ཁག་གིས་སྤྱོད་པ་དང་ཕྱིས་སུ་ཁོང་རྒྱ་ནག་གི་བརྙན་འཕྲིན་ལས་ཁུངས་ལ་མགྲོན་འབོད་བྱས་པའི་གནས་ཚུལ་ཡང་བྱུང་ཡོད།

སྤྱི་ཚོགས་དྲ་རྒྱ་བརྒྱུད་གཞན་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་མཁན་མང་པོས་རྒྱ་ནག་གི་རྒྱལ་གཅེས་རིང་ལུགས་ལ་དགའ་མོས་བྱ་ཚེ་ཁོང་རྣམས་དུས་ཡུན་ཐུང་ངུ་ཞིག་ནང་སྐད་གྲགས་ཆེ་རུ་འགྲོ་བ་དང་རྒྱ་ནག་གི་དྲ་རྒྱའི་སྒྲིག་སྲོལ་གྱིས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བཞིན་པ་ཤེས་རྟོགས་བྱུང་རྗེས་ Youtube དྲ་རྒྱའི་སྟེང་གི་སྙན་གྲགས་ཆེ་བའི་ Bart Baker ལྟ་བུས་ཀྱང་ཕྱི་ལོ་ ༢༠༡༩ ལོར་རང་གི་ Youtube དྲ་རྒྱའི་ཐོག་རྗེས་འབྲང་པ་ས་ཡ་བཅུ་ཡོད་པ་བཞག་ནས། རྒྱ་རིགས་ཁོ་ནས་སྤྱོད་པའི་དྲ་བརྙན་གྱི་གླེང་སྟེགས་གཞན་གསར་བཟོ་བྱས་ཏེ་ད་ཆ་ཁོང་ནས་རྒྱ་ནག་གི་རྒྱལ་གཅེས་གླུ་གཞས་གོང་འཕེལ་དང་། རྒྱ་ནག་གིས་བཟོས་པའི་ཚོང་ཟོག་ཁག་ལ་རྒྱབ་སྐྱོར་ཁྲོད། ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་རྡོག་བརྫིས་བཏང་སྟེ་རྒྱ་ནག་གིས་བཟོས་པའི་ Huawei ཁ་པར་སྤྱོད་པའི་རྣམ་པ་མངོན་གསལ་བྱས་ཡོད་པ་རེད།

སྙན་ཐོའི་ནང་ད་དུང་། རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་འཁྱོག་བཤད་དྲིལ་བསྒྲགས་ཁྱབ་སྤེལ་ཇེ་ཆེར་གཏོང་སླད་གཞུང་གིས་གཉེར་བའི་མཐོ་རིམ་སློབ་གྲྭ་ཆེན་མོའི་ཕྱི་རྒྱལ་གྱི་སློབ་མ་རྣམས་བརྙན་ཐུང་བཟོ་བཅུག་པ་དང་། དེའི་ཁོངས་ Huaqiao གཙུག་ལག་སློབ་གྲྭ་ཆེན་མོས་ཕྱི་རྒྱལ་གྱི་སྐད་གསར་བརྙན་འཕྲིན་ཁང་གིས་ཧོང་ཀོང་དང་ Macao ཐེ་ཝན་བཅས་ཀྱི་སློབ་མ་ཆེད་མངགས་ སྤྱོད་ནས་རྒྱ་ནག་གི་གཏམ་རྒྱུད་དང་སྐད་གསར་གྱི་གླེང་མོལ། རིག་གཞུང་སྣ་མང་གི་བརྒྱུད་ལམ་བཅས་ཀྱི་ཐོག་ནས་འབྲེལ་མཐུད་པ་བཟོས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༡ ལོར་རྒྱལ་ཁབ་ ༡༦ ནས་ཡོང་བའི་ཕྱི་རྒྱལ་སློབ་མ་ ༢༠༠ ལྷག་གིས་འབྲེལ་ཡོད་བརྙན་འཕྲིན་ལས་འཆར་ནང་མཉམ་ཞུགས་བྱས་འདུག

སྤྱི་ཚོགས་དྲ་ལམ་ཁྲོད་མང་ཚོགས་ལ་ཤུགས་རྐྱེན་སྤྲོད་མཁན་གྱི་ཕྱི་རྒྱལ་བ་དེ་དག་ལ་རྒྱ་ནག་གཞུང་འབྲེལ་བརྒྱུད་ཐད་ཀར་བཀོད་ཁྱབ་མེད་པ་དང་དེའི་ཚབ་ཏུ་ཁོང་རྣམ་པར་ངེས་མེད་ཀྱི་བྱ་དགའ་དང་ཀུན་སློང་། བཏང་འཛིན་སོགས་བྱས་ནས་ལམ་སྟོན་བྱེད་བཞིན་ཡོད་པ་མ་ཟད། ད་ཆ་རྒྱ་གཞུང་གིས་ཕྱི་རྒྱལ་གྱི་ཤུགས་རྐྱེན་སྤྲོད་མཁན་རྣམས་སྤྱོད་ཤུགས་ཆེ་རུ་གཏོང་བཞིན་པ་དེས་སྤྱི་ཚོགས་རྒྱ་དྲྭའི་གླེང་སྟེགས་དང་ཕྱི་རྒྱལ་གྱི་གཞུང་ཁག དེ་བཞིན་གང་ཟག་སྒེར་བཅས་ཀྱི་ངོས་ནས་དངོས་འབྲེལ་དང་དངོས་འབྲེལ་མིན་པའི་འཁྱོག་བཤད་གནས་ཚུལ་དབར་ལ་དབྱེ་འབྱེད་བྱ་རྒྱུ་དཀའ་རུ་འགྲོ་ངེས་ཡིན་པར་ནན་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།