Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཆེར་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་ཁམས་སྡེ་དགེ་དབོན་པོ་སྟོད་ཁུལ་དུ་སྐམ་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེའི་འོག དབོན་སྟོད་གྲོང་སྡེ་སོགས་གྲོང་སྡེ་ཁག་གཅིག་གནས་སྤོ་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། ས་གནས་ཀྱི་བོད་མི་རྣམས་ནས་ངོ་རྒོལ་དང་ཞུ་འབོད་སོགས་ཀྱི་ལས་འགུལ་སྤེལ་བ་རྣམས་རིམ་པས་ཕྱིར་བསྒྲགས་བྱུང་བ་ནས་བཟུང་།ཁུལ་དེར་དམ་དྲག་ཤུགས་ཆེར་བྱས་རྐྱེན་གནས་ཚུལ་མཁོ་སྤྲོད་བྱེད་ཐབས་ཁག་པོར་འགྱུར་ཡོད་པའི་མཚམས་འདིར། ཁ་སྔོན་ཕྱི་ཟླ་ ༣ པའི་ནང་ཆུ་མཛོད་ཀྱི་ལས་གཞི་དེའི་འོག་གནས་སྤོ་བྱ་དགོས་པའི་གྲོང་སྡེའི་རིའུ་མིག་ནང་ཚུད་པའི་འཇོ་མདའ་རྫོང་གི་གྲོང་སྡེ་ནང་། རྒྱ་གཞུང་གིས་ཡུལ་མི་ཚོར་སྐོར་གཡེང་བ་དང་ཁྱིམ་ཚང་རེ་རེ་བཞིན་འཚོལ་ཞིབ་བྱས་ཡོད་པའི་གནས་ཚུལ་ར་སྤྲོད་གནང་འདུག

photo: Free Tibet

དེ་ཡང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་ཐོག་སྤེལ་བའི་གནས་ཚུལ་ནང་། བོད་གནས་ལྟ་ཞིབ་ཁང་དང་ཟུང་སྦྲེལ་གྱིས་གནས་ཚུལ་ཤེས་རྟོགས་བྱུང་བར། ཉེ་སྔོན་དབོན་པོ་སྟོད་ཀྱི་གཞུང་འབྲེལ་སྐད་འཕྲིན་གླེང་སྟེགས་ནང་གནས་ཚུལ་སྤེལ་བ་ཡོད་པ་བཞིན། ཕྱི་ཟླ་ ༣ ཚེས་ ༡༣ དང་ ༡༤ ནང་ཆབ་མདོ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དང་སྤྱི་ཁྱབ་རྩིས་ཁང་གི་དྲུང་ཆེ་གཅིག་ལྕོགས་ Huang Jun གྱིས་སྒྲིག་གྲས་ལས་བྱེད་སྟོང་ཕྲག་མང་པོ་མཉམ་ཁྲིད་ཀྱིས། འཇོ་མདའ་རྫོང་གིས་དབོན་སྟོད་ཁུལ་གྱི་ Chage དང་ Zhouge ཞེས་པའི་གྲོང་སྡེའི་གྲོང་ཁྱིམ་སྟོང་ཕྲག་མང་པོའི་ནང་འཛུལ་ཏེ། འགལ་ཟླ་དང་བདེ་འཇགས་ཀྱི་ཉེན་ཁ་ལ་ཞིབ་བཤེར་བྱས་ཡོད་པ་མངོན་གསལ་གནང་འདུག་པ་མ་ཟད།  (一户一档) ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་ལས་འགུལ་འོག་གྲོང་སྡེ་གཉིས་ཚུད་པའི་དབོན་པོ་སྟོད་ཁུལ་གྱི་བོད་པའི་ཞིང་པ་དང་འབྲོག་པའི་སྐོར་གྱི་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་ཚོད་དཔག་གནང་འདུག

ལྷག་པར་གྲོང་སྡེའི་རྒྱ་ནག་དམར་པོའི་གཞུང་གི་ལས་བྱེད་པ་ཚོས་ཁྱིམ་ཚང་རེ་རེའི་ནང་རྟོག་ཞིབ་དང་། ལྟ་ཞིབ། དེ་བཞིན་འདྲི་རྩད་སོགས་བྱེད་ཀྱི་ཡོད་ཅིང་། དེའི་བརྒྱུད་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་དེའི་སྲིད་ཇུས་ཐད་ཡུལ་མི་ཚོའི་བསམ་ཚུལ་དང་ཆབ་སྲིད་ཀྱི་ཚོར་སྣང་ཇི་འདྲ་ཡོད་མེད་འདོན་ཐབས་ཐོག ཡུལ་མི་ཚོར་བཙན་པོ་དབང་ཡོད་ཀྱིས་གཞུང་གི་བཀའ་བཀོད་རྣམས་ལག་བསྟར་བྱེད་དུ་འཇུག་ཐབས་ཤིག་ཡིན་པ་ཐེར་འདོན་གནང་འདུག མ་ཟད་གྲོང་སྡེའི་ལས་བྱེད་པ་ཚོས་དེ་ལྟར་བྱེད་དགོས་དོན་ནི་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་ཡིན་པ་ཐེར་འདོན་གནང་འདུག

འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་དང་འབྲེལ་ནས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྒྱ་གཞུང་གིས་འཇོ་མདའ་རྫོང་ནང་དུ་འགོ་ཁྲིད་དང་ཉེན་རྟོག་པ་སོགས་ཡོང་ནས་ One household and One file (一户一档) ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་ལས་འགུལ་འོག་བསྔོག་བཤེར་ཁྲོད། མིང་དང་དཔལ་འབྱོར་སོགས་ཀྱི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཡོངས་རྫོགས་བསྡུ་རུབ་གྱིས་མ་འོངས་པའི་ཞི་བའི་ལས་འགུལ་དང་རང་དབང་རྩོད་ལེན་སོགས་གཞི་རྩ་ནས་འགོག་ཐབས་ཀྱི་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་དང་འབྲེལ། ད་ལྟའི་ཆར་དམ་བསྒྲགས་རྐྱེན་པས་གནས་ཚུལ་མཁོ་སྒྲུབ་ཐུབ་ཁག་པོ་གྱུར་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།