Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་བོད་དོན་རྐང་འཁོར་སྐོར་སྐྱོད་བ་བསམ་གཏན་ཡེ་ཤེས་ལགས་ Tatanagar ལ་འབྱོར་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཉེ་ལམ་ཟླ་བ་འདིའི་ཚེས་ ༥  ཉིན་རྒྱ་གར་གྱི་གྲོང་ཁྱེར་ཀལ་ཀ་ཊ་ནས་རྒྱལ་ས་ལྡི་ལི་བར་རྐང་འཁོར་སྐོར་སྐྱོད་བརྒྱུད་བོད་དོན་གོ་རྟོགས་སྤེལ་མཁན་རྒྱ་གར་བ་སྐུ་ཞབས་ Sandesh Meshram འམ་བོད་མིང་དུ་བསམ་གཏན་ཡེ་ཤེས་ལགས་དེ་རིང་ Tatanagar ལ་འབྱོར་འདུག

སྐུ་ཞབས་ Meshram ཁ་སང་ Nayagram ཁུལ་དུ་བདེ་འབྱོར་བྱུང་བ་མ་ཐག་དེ་གའི་ས་གནས་སུ་དགུན་ཚོང་གཉེར་བཞིན་པའི་བོད་མི་རྣམས་ཀྱིས་ཁོང་ལ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག

དེ་རིང་ Tatanagar ལ་བོད་དོན་གོ་རྟོགས་ཀྱི་རྐང་འཁོར་སྐོར་སྐྱོད་གནང་མུས་ཡིན་པ་དང་བསྟུན་གསར་འགོད་པར་ཁོང་ལ་ཐེངས་འདིའི་ལས་འགུལ་དང་འབྲེལ་ནས་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ས་གནས་རྒྱ་གར་བ་ཚོས་ཁོང་དང་ཐུག་འཕྲད་གནང་བའི་བརྙན་དང་པར་སོགས་བླངས་པ་མ་ཚད་པར་གོ་རྟོགས་ཀྱི་བརྙན་བླངས་ཏེ་རྒྱབ་སྐྱོར་གནང་གི་འདུག་ཅེས་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཁ་རཀ་པུར་དུ་དགུན་ཚོང་གཉེར་མཁན་བོད་མི་གཙོས་ལམ་བར་དུ་འཕྲད་པའི་བོད་མི་ཚོས་ཀྱང་བཞུགས་གནས་སོགས་གོ་སྒྲིག་གནང་སོང་ཞེས་སོགས་གསུངས་སོང་།

རྩ་བའི་སྐུ་ཞབས་ Sandesh Meshram འམ་བསམ་གཏན་ཡེ་ཤེས་ལགས་རྒྱ་གར་གྱི་Maharashtra མངའ་སྡེའི་ Nagpur གྲོང་ཁྱེར་ནས་ཡིན་པ་དང་། ཁོང་གིས་ད་བར་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་ལྔ་ལྷག་སྤེལ་མྱོང་ཡོད་པ་རེད།

ཐེངས་འདིའི་ལས་འགུལ་དེ་བརྒྱུད་རྒྱ་གར་གྱི་མང་ཚོགས་རྣམས་ལ་བོད་རང་བཙན་དང་རྒྱ་གར་གྱི་བདེ་འཇགས་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་དྲིལ་བསྒྲགས་གནང་རྒྱུ་གཙོས་བོད་མིའི་ཆབ་སྲིད་བཙོན་པ་ཀརྨ་བསམ་གྲུབ་ལགས་གློད་བཀྲོལ་དགོས་པའི་ཞུ་འབོད་སོགས་གནང་བཞིན་ཡོད་པ་རེད།

གཞི་རྩའི་སྐུ་ཞབས་ Meshram ལགས་དེ་རིང་ Nayagram ནས་ Jamshedpur ལ་ཐོན་ཡོད་པ་དང་ཐེངས་འདིའི་ལས་འགུལ་ཁྲོད། རྒྱ་གར་གྱི་ས་གནས་ Kolkata ནས་དབུ་འཛུགས་ཀྱིས་ Kharagpur དང་། Nayagram  དེ་བཞིན་ Tatanagar  Jamshedpur དང་ཝཱ་རཱ་ཎ་སཱི། Luckonw སོགས་བརྒྱུད་ནས་ཁྱོན་སྤྱི་ལེ་ ༢༥༠༠ ལྷག་སྐོར་སྐྱོད་གནང་རྗེས་མཐར་ཕྱི་ཟླ་ ༡༢  ཚེས་ ༡༠ སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་དང་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཉིན་མོར་ལས་འགུལ་དེ་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།