Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་བཙན་རྒྱལ་རིང་ལུགས་མཚམས་འཇོག་བྱས་ཏེ་སོ་སོའི་རྒྱལ་ཁབ་ལ་ཕྱིར་ལོག་དགོས།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat Tibbat Sayog Manch གྱི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་འདུག་པ་དང་། ལྡི་ལི་གསར་པའི་རྒྱ་ ནག་གཞུང་ཚབ་ཁང་གི་ཉེ་འགྲམ་ཏིན་མུར་ཏི་ཁུལ་དུ་ལས་འགུལ་བ་ཚོས་བོད་ཀྱི་རྒྱལ་དར་དང་རྒྱ་གར་གྱི་རྒྱལ་དར། འབོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་སོགས་འཕྱར་ཏེ་རྒྱ་ནག་གིས་བཙན་རྒྱལ་རིང་ལུགས་མཚམས་འཇོག་བྱས་ཏེ་སོ་སོའི་རྒྱལ་ཁབ་ལ་ཕྱིར་ལོག་དགོས་པ་དང་༸གོང་ས་ཏཱ་ལའི་བླ་མ་༸སྐུ་ཚེ་བརྟན། བོད་རྒྱལ་ལོ་ལ་སོགས་པའི་སྐད་འབོད་སྒྲོག་བཞིན་རྒྱ་ནག་གཞུང་ཚབ་ཁུལ་དུ་ངོ་རྒོལ་སྐད་འབོད་གནང་ཡོད།   རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat Tibbat Sayog Manch གྱི་རྒྱ་གར་རྒྱལ་ཡོངས་ཀྱི་དྲུང་ཆེ་སྐུ་ཞབས་ Pankaj Goyal མཆོག་གིས་དེ་རིང་གི་ལས་འགུལ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༦༢ ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་མོར་རྒྱ་ནག་ཕྱོགས་ནས་གློ་བུར་དུ་རྒྱ་གར་ནང་བཙན་འཛུལ་བྱས་ཏེ་རྒྱ་གར་གྱི་ས་སྲུང་དམག་མི་མང་པོའི་ཚེ་སྲོག་ཤོར་བ་སོགས་ཀྱི་གནད་དོན་རྐྱེན་པས་རྒྱལ་སྤྱིའི་ནང་སྐབས་དེར་རྒྱ་གར་ཁ་སྐྱེངས་པོ་བཟོས་པའི་རྗེས་དྲན་གྱི་ཉིན་མོ་ཞིག་ཡིན་པར་མ་ཟད། དེ་རིང་རྒྱ་གར་གྱི་མངའ་སྡེ་ཚང་མར་ BTSM ཚོགས་པའི་ངོས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་རེད།ལས་འགུལ་སྤེལ་བའི་དགོས་དམིགས་ནི་རྒྱ་ནག་གིས་དུས་ད་ལྟའང་བཙན་བཟུང་བྱས་པའི་བོད་རྒྱལ་ཁབ་ཁུལ་ནས་རྒྱ་གར་གྱི་ས་མཚམས་ཁག་ཏུ་བཙན་འཛུལ་གྱི་ཐབས་ཤེས་བྱེད་བཞིན་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་ངོས་ནས་བོད་གཙོས་ཁྲིམས་འགལ་ཐོག་ནས་བཙན་འཛུལ་བྱས་པའི་རྒྱལ་ཁབ་གཞན་ཚོར་རང་དབང་སྤྲོད་དགོས་པ། རྒྱ་ནག་སོ་སོའི་རྒྱལ་ཁབ་ཀྱི་ས་ཁོངས་སུ་ཕྱིར་ལོག་དགོས་པའི་དགོས་འདུན་ཆེད་འདོན་གནང་གི་ཡོད་ཅེས་གསུངས་ཡོད། རྒྱལ་ས་ལྡི་ལིའི་ཏིན་མུར་ཏི་ཁུལ་དུ་སྤེལ་བའི་དེ་རིང་གི་ལས་འགུལ་ནང་  BTSM རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་ ༡༠༠ ལྷག་འདུ་འཛོམས་བྱུང་འདུག་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱཙྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་པའི་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བརྒྱ་འཐུས་དང་། བོད་སྒར་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཀྱང་ཆེད་ཕེབས་གནང་འདུག

ལས་འགུལ་བ་ཚོས་ཏིན་མུར་ཏི་ཁུལ་ནས་དབུ་འཛུགས་ཀྱིས་སྐད་འབོད་གནང་བཞིན་མི་ཀྲར་ ༡༠༠ ལྷག་གི་ས་ཚིགས་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱོགས་སུ་བསྐྱོད་ཐབས་བྱས་ཡོད་ཀྱང་། ས་གནས་སྐོར་སྲུང་བས་ལས་འགུལ་བ་ཚོ་ལམ་ཕྱེད་ནས་བཀག་འགོག་གིས་རྒྱ་ནག་གཞུང་ཚབ་ཁང་བར་དུ་འབྱོར་ཐུབ་མེད་པ་རེད།འོན་ཀྱང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་  BTSM གྱི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Pankaj Goyal མཆོག་གིས་རྒྱ་ནག་སྐབས་ཤིག་སྟོབས་ཆེན་རྒྱལ་ཁབ་ཡིན་པར་ཁེངས་དྲགས་ཡོད་ཀྱང་ད་ཆ་ཉམས་གུད་ཕྱིན་ཟིན་པར་འགྲེལ་བརྗོད་དང་སྦྲགས། ད་ལྟའི་རྒྱ་གར་གཞུང་འདི་དེ་སྔ་ཕྱི་ལོ་ ༡༩༦༢ ལོའི་རྒྱ་གར་གཞུང་དེ་མིན་པར་རྒྱ་གར་གྱི་ས་སྲུང་དམག་མིས་ཉེ་ཆར་ས་མཚམས་ཁག་ཏུ་རྒྱ་ནག་གི་དམག་མིར་རྒོལ་ལན་གྱིས་རྒྱ་དམག་ཕྱིར་ལོག་བྱེད་དགོས་པ་བྱུང་པ་མ་ཟད། དམག་མི་མང་པོའི་ཚེ་སྲོག་ཤོར་བ་སོགས་མདོར་ན་ད་ཆ་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཆ་ཚང་ལྡན་ཡོད་སྐོར་སོགས་ཉེན་བརྡའི་ཚུལ་དུ་འགྲེལ་བརྗོད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།