Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ཉེན་རྟོག་པས་ཨོ་གླིང་དུ་ཆེད་བསྐྱོད་ཀྱིས་རྒྱ་རིགས་མི་སེར་ཞིག་འཛིན་བཟུང་བྱས་པར་སེམས་འཚབ།

Tibetan News Headlines

 • Dalai Lama gives audience to Himalayan Buddhists from Rolwa Ling
 • One household and One file: Surveillance ramped up after anti-dam protests
 • GCM Gold Cup Final and Green Book debacle
 • Taiwan’s parliament passes bill pushing pro-China changes
 • East Turkistan government in exile calls on US to pass Uyghur Policy Act
 • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

 • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
 • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
 • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
 • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
 • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
 • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

རྒྱ་ནག་གི་ཉེན་རྟོག་པས་ཨོ་གླིང་ནང་ཆེད་བསྐྱོད་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་རྒྱ་རིགས་བུད་མེད་ཅིག་རྒྱ་ནག་ཏུ་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་པ་དང་། ཨོ་སྟྲོ་ལི་ཡའི་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་མི་སྣ་རྣམས་ཀྱིས་དེའི་ཐོག་སེམས་འཚབ་དང་འབྲེལ་ཨོསྟྲོ་ལི་ཡའི་ཉེན་རྟོག་པར་སྐྱོན་འཛུགས་ཤུགས་ཆེ་བྱེད་བཞིན་འདུག

photo: ABC NEWS

དེ་ཡང་ཁ་སང་ ABC གསར་ཁང་གིས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་ཙམ་གྱི་རིང་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་ 1st Bureau ཞེས་པའི་གསང་བའི་ཚན་པའི་སླད་གསོ་མྱུལ་བྱེད་མཁན་ཞིག་ལ་བཅར་དྲི་ཞུས་པའི་དམིགས་བསལ་ལས་རིམ་ཞིག་གི་ཁྲོད། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་ཉེན་རྟོག་པ་ཨོ་གླིང་ནང་བསྐྱོད་དེ་ཡུལ་དེའི་ནང་གནས་སྡོད་རང་ལོ་ ༥༩ ཡིན་པའི་རྒྱ་རིགས་བུད་མེད་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འདྲི་རྩད་བྱས་པ་མ་ཟད།  ཨོ་གླིང་དང་རྒྱ་ནག་ཉེན་རྟོག་པའི་དབར་གྱི་གྲོས་མཐུན་ཁག་ལ་རྩིས་མེད་རྡོག་རོལ་གྱིས་བུད་མེད་དེ་རྒྱ་ནག་ཏུ་ཞིབ་འཇུག་ཆེད་བཙན་ཁྲིད་བྱས་ཡོད་པའི་གནད་དོན་ར་སྤྲོད་བྱུང་འདུག ཨོ་གླིང་གྲོས་ཚོགས་འཐུས་མི་སོགས་ཆབ་སྲིད་མི་སྣ་རྣམས་ཀྱིས་དེ་འབྲེལ་ཨོ་གླིང་ངོས་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་གཞུང་དང་ལྟ་བ་མི་མཐུན་པའི་མི་རྣམས་རྩད་གཅོད་དང་ཁོ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ། ཨོ་གླིང་ཉེན་རྟོག་པས་རྒྱ་ནག་ཉེན་རྟོག་པར་རྒྱལ་ནང་དུ་ཡོང་རྒྱུའི་ཆོག་མཆན་སྤྲད་པ་ནི་ཧ་ལས་དགོས་པ་ཞིག་དང་། ཨོ་གླིང་གི་རྒྱལ་སྲུང་ལ་ཆེས་ཉེན་ཁ་ཆེ་བ་ཞིག་ཆགས་ཡོད་པའི་སྐྱོན་འཛུགས་ནན་པོ་གནང་འདུག

ABC གསར་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་གསལ་ལྟར་ན། རྒྱ་ནག་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ཉེན་རྟོག་པས་བཙན་ཁྲིད་བྱས་པའི་རྒྱ་རིགས་བུད་མེད་ལྦང་ཟེར་བ་དེ་རྒྱ་ནག་ཉེན་རྟོག་པས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་ཉེན་རྟོག་པས་ཁོ་མོ་རྒྱ་ནག་ཏུ་ཕྱིར་ཁྲིད་ཐུབ་པར་རྒྱ་ནག་ཏུ་འཚམས་འདྲི་བྱེད་བཞིན་ཡོད་ཅིང་། ཨོ་གླིང་ཁེན་བེ་ར་དང་སིཌ་ནེ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱིས་རྒྱ་ནག་ཉེན་རྟོག་པར་མཐུན་འགྱུར་རོགས་རམ་ཤུགས་ཆེ་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་ཡོད་པ་རེད་འདུག དེ་བཞིན་ Four Corners ཞེས་ཨོ་གླིང་ནང་གནས་སྡོད་ཞིབ་འཇུག་གསར་འགོད་པས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་རྣམས་ཨོ་གླིང་ཉེན་རྟོག་པས་ཆ་རྐྱེན་ཞིག་གི་འོག་ཨོ་གླིང་དུ་བསླེབས་བཅུག་ཡོད་ཀྱང་། རྒྱ་རིགས་ཉེན་རྟོག་པས་ཨོ་གླིང་དུ་འབྱོར་མ་ཐག་ཕྱོགས་གཉིས་ཀྱི་ཉེན་རྟོག་དབར་གྱི་གྲོས་མཐུན་ལ་རྩིས་མེད་རྡོག་རོལ་གྱིས་བུད་མེད་དེ་རྒྱ་ནག་ཏུ་མཉམ་ཁྲིད་བྱས་ཡོད་པ་འཁོད་འདུག

photo: ABC NEWS

ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་དང་ཕྱོགས་འགལ་ཚོགས་པའི་ནང་སྲིད་བློན་ཆེན་ James Paterson ལགས་ཀྱིས། ཨོ་གླིང་ཉེན་རྟོག་པས་རྒྱ་ནག་གི་སྤྱི་བདེ་མི་སྣར་ཡུལ་དེའི་ནང་ཆེད་བསྐྱོད་ཀྱིས་དེ་ལྟ་བུའི་བྱ་སྤྱོད་སྤེལ་རྒྱུའི་མཐུན་རྐྱེན་སྦྱར་བར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་འབྲེལ། དེ་ནི་ཨོ་གླིང་གི་མི་སེར་ཞིག་ཁྲིམས་འགལ་སྒོ་ནས་རྒྱལ་ཁབ་གཞན་ཞིག་ལ་ཕྱིར་འབུད་བྱས་པ་བཞིན་ཡིན་སྐོར་གསུངས་འདུག་ལ། ལྗང་ཁུ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ David Shoebridge ལགས་ཀྱིས། ཨོ་གླིང་ཉེན་རྟོག་པའི་བྱ་སྤྱོད་ལ་སྐྱོན་འཛུགས་ཀྱིས། ང་ཚོས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་གཞུང་དང་ལྟ་བ་མི་མཐུན་པ་དང་། སྲིད་གཞུང་གི་ཆབ་སྲིད་ལ་འགག་པ་བྱེད་མཁན་གྱི་མི་མང་རྣམས་རྩད་གཅོད་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ། ཨོ་གླིང་ཉེན་རྟོག་པས་རྒྱ་ནག་ཉེན་རྟོག་པར་རྒྱལ་ནང་དུ་ཡོང་རྒྱུའི་ཆོག་མཆན་སྤྲད་པ་ནི་ཧང་སངས་དགོས་པ་ཞིག་རེད་ཅེས་དང་། ང་ཚོར་ཨོ་གླིང་གནས་སྡོད་མི་སེར་གཞན་ག་ཚོད་ལ་གནད་དོན་དེ་ལྟ་བུ་འཕྲད་བཞིན་ཡོད་མེད་ཐད་ཕྱིར་བསྒྲགས་དགོས་པ་གསུངས་འདུག

མ་ཟད་སྐུ་ཞབས་ Paterson དང་ Shoebridge གཉིས་མཉམ་འདུས་ཀྱིས། ཨོ་གླིང་ཉེན་རྟོག་སྡེ་ཚན་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་རྒྱབ་ལྗོངས་ཡོད་བཞིན་དུ་རྒྱ་ནག་སྤྱི་བདེ་ཚན་པའི་ཉེན་རྟོགས་ གཙོས་པའི་རྒྱ་ནག་རྒྱ་གཞུང་འབྲེལ་ཡོད་རྣམས་ལ་འབྲེལ་བ་བྱེད་པར་སྐྱོན་འཛུགས་ཀྱིས། Paterson ལགས་ཀྱིས།  ཨོ་གླིང་ཉེན་རྟོག་པས་རྒྱ་ནག་གི་བདེ་སྲུང་ལས་ཁུངས་སོགས་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་ཡོད་ཚོགས་པར་ཡིད་ཆེས་ཀྱིས་ཨོ་གླིང་དུ་བྱ་སྤྱོད་སྤེལ་བཅུག་ཡོད་པ་ནི་བཟང་ངན་མི་ཤེས་པའི་བྱ་སྤྱོད་ཅིག་རེད་ཅེས་དང་། གལ་ཏེ་རྒྱ་རིགས་ཞིབ་འཇུག་པ་རྣྱས་ཨོ་གླིང་དུ་བསླེབས་ཏེ་ཨོ་གླིང་གནས་སྡོད་མི་སེར་རྣམས་དང་འདྲི་རྩད་སོགས་བྱ་རྒྱུའི་ཆོག་མཆན་ཡོད་ན། དེ་ནི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡིན་པ་རེད་ཅེས་གསུངས་འདུག

photo: ABC NEWS

འོན་ཀྱང་ཨོ་གླིང་ཉེ་རྟོག་ཁང་གི་མགྲིན་ཚབ་པས། ཨོ་གླིང་ཉེན་རྟོག་ཁང་ངོས་ནས་ཕྱི་རྒྱལ་ངོ་ཚབ་པ་ཞིག་ལ་མཐུན་འགྱུར་རོགས་རམ་གྱིས། འཇིགས་སྐུལ་དང་བཙན་གནོན་སྒོ་ནས་ཕྱི་རྒྱལ་མི་སེར་ཡིན་པ་ཞིག་རང་གི་རྒྱལ་ཁབ་ཏུ་ཕྱིར་བསློག་བྱ་རྒྱུ་ནི་ཁྲིམས་འགལ་ཡིན་པས་ང་ཚོས་ནམ་ཡང་བྱེད་མི་སྲིད་ཅེས་དང་། ཁོ་ཚོའི་ངོས་ནས་ཨོ་གླིང་གི་ཁྲིམས་ཀྱི་འབྲུ་དོན་བཞིན་ཕྱི་རྒྱལ་གྱི་འབྲེལ་ཡོད་སྐུ་ཚབ་ལ་ཉེས་ཅན་པ་དང་འབྲེལ་ཡོད་ཡིག་ཆ་སོགས་མཁོ་སྤྲོད་བྱས་ཡོད་པ་ལས། ཨོ་གླིང་ཉེན་རྟོག་ཁང་ངོས་ནས་ཨོ་གླིང་གི་ཁེ་ཕན་དང་ཨོ་གླིང་མི་སེར་རྣམས་ཀྱི་བདེ་འཇགས་གཙོར་བཟུང་གིས་ལས་དོན་སྐྱོང་བཞིན་ཡོད་ཅེས་བརྗོད་འདུག

རྩ་བའི་ཉེ་ལམ་ Safeguard defenders ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། རྒྱ་ནག་གིས་ chasing foxhunt ཞེས་པའི་སྒོ་བྱང་འོག་རང་ཉིད་ཀྱི་རྒྱལ་མཚམས་ལས་བརྒལ་ཏེ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ཐབས་ལམ་འདྲ་མིན་སྒོ་ནས་འཛིན་བཟུང་དང་དམ་དྲག་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱལ་ཁབ་ ༥༦ ཙམ་ནས་མི་གྲངས་ ༢༨༣ ཙམ་ཁྲིམས་འགལ་གྱིས་རྒྱ་ནག་ལ་བཙན་ཁྲིད་བྱས་པའི་གནད་དོན་བཀོད་ཡོད་པ་ལྟར། ད་རེས་ཨོ་གླིང་ནས་རྒྱ་ནག་གི་ཉེན་རྟོག་པས་བཙན་ཁྲིད་བྱས་པའི་རང་ལོ་ ༥༩ སོན་པའི་རྒྱ་རིགས་ Wang ཟེར་བ་ཁོང་གི་གནད་དོན་ཡང་ཚུད་ཡོད་པ་དང་། ཁོང་ད་ཆ་གར་ཡོད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་འགྱུར་ཡོད་པ་རེད།

photo: ABC NEWS

སྤྱིར་རྒྱ་ནག་གི་ཉེན་རྟོགས་པས་ཨོ་གླིང་དུ་བསྐྱོད་ནས་རྒྱ་རིགས་མི་སེར་བཙན་ཁྲིད་བྱས་པའི་གནས་ཚུལ་དེ་བཞིན། ཉེ་ལམ་ ABC གསར་ཁང་གིས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་ཙམ་རིང་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་གསང་བའི་ཚན་པའི་སླད་གསོ་མྱུལ་མཁན་ Eric ཞེས་པའི་རྒྱ་རིགས་ཤིག་ལ་བཅར་དྲི་ཞུས་པའི་ལེ་ཚན་བརྒྱུད་ཡོངས་གྲགས་ཆགས་ཡོད་པ་དང་། བཅར་དྲི་དེའི་ནང་གསལ་ལྟར་ན། རྒྱ་རིགས་གསོ་མྱུལ་བ་དེས་ལོ་ ༡༥ ཙམ་གྱི་རིང་ཐའེ་ལེནཌ་དང་ཨོ་གླིང་སོགས་ཀྱི་ནང་བསྐྱོད་དེ་རྒྱ་ནག་གཞུང་ཆེད་གསོ་མྱུལ་བྱས་པ་མ་ཟད།  ཕྱི་ལོ་ ༢༠༡༦ ལོར་རྒྱ་རིགས་མང་གཙོའི་ལས་འགུལ་བའི་ཚོ་ཁག་དང་ལྷན་བཞུགས་སྒར་རྡ་རམ་ས་ལར་བསྐྱོད་དེ་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་སྐོར་ཡང་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།