Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ནས་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པ་གསུངས་འདུག

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

ཉི་ཧོང་ནང་པའི་སྤྱི་མཐུན་ལྷན་ཚོགས་ཀྱིས་རྒྱ་ནག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པ་དང་འབྲེལ། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དེ་ནི་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་གཞི་བཞག་པའི་ཐོག་བོད་མི་རྣམས་ནས་ཐག་གཅོད་གནང་དགོས་པའི་གནད་དོན་ཞིག་རེད་ཅེས་གསུངས་འདུགཁ་ཉིན་ཕྱི་ཚེས་ ༢༡ ཉིན་ཉི་ཧོང་ནང་པའི་སྤྱི་མཐུན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་སྐབས་དེར་ལྷན་ཚོགས་དེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Eihiro Mizutani ལགས་ཀྱིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དེ་ནི་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་འབྲེལ། ཉི་ཧོང་གི་དགེ་འདུན་པ་ཡོངས་ཀྱིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་བོད་ཀྱི་ལོ་རྒྱུས་དང་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ལ་གཞི་བཞག་པའི་ཐོག་བོད་མི་རྣམས་ཀྱི་ཐག་གཅོད་བྱ་དགོས་པའི་གནད་དོན་ཞིག་ཡིན་པ་གསུངས་འདུག
དེ་བཞིན་ལྷན་ཚོགས་དེས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་བྱས་ཡོད་པ་དེའི་ཐོག་ལས་དོན་གཉེར་བཞིན་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གི་སྲིད་བྱུས་ནི་དམར་ཤོག་གི་ལྟ་བ་གཞི་རྩར་བཟུང་ཡོད་པ་མ་ཟད། ཆོས་ཁས་ལེན་བྱེད་ཀྱི་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། ཆོས་ཁས་ལེན་མེད་པ་ཞིག་གིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་གི་གནད་དོན་ཐད་ཐག་གཅོད་བྱ་རྒྱུ་དེ་ནི་ནང་འགལ་ཆེན་པོ་ཞིག་ཡིན་པ་སྐྱོན་བརྗོད་གནང་འདུགའདི་ག་རླུང་འཕྲིན་ཁང་ནས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་། ཁོང་གིས་ཉི་ཧོང་ནང་པའི་སྤྱི་མཐུན་ལྷན་ཚོགས་ལ་རྒྱ་ནག་གི་ངོས་ནས་བོད་ཀྱི་གནད་དོན་སྤྱི་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཐེ་བྱུས་ཤུགས་ཆེར་བྱེད་ཀྱི་ཡོད་པའི་ཁྲོད་འདིར་དེ་འབྲེལ་ལྷན་ཚོགས་ནས་བསྒྲགས་གཏམ་སྤེལ་བར་བོད་མིའི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་དང་། ལྷན་ཚོགས་དེའི་ངོས་ནས་དེ་འབྲེལ་བསྒྲགས་གཏམ་སྤེལ་དགོས་དོན་ནི་རྒྱ་ནག་གིས་བོད་ནང་ཆོས་དད་རང་མོས་རྡོག་རོལ་དང་ལྷག་པར་དུ་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་གནོན་ཤུགས་ཆེ་ཆེར་སྤྲོད་བཞིན་ཡོད་པ་དེར་ཉི་ཧོང་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཀྱིས་རྒྱ་ནག་ལ་གདོང་ལེན་བྱ་དགོས་གལ་དུ་གཟིགས་པ་ཞིག་ཡིན་པ་སོགས་འགྲེལ་བརྗོད་གནང་སོང་།རྩ་བའི་ཉེ་ལམ་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ Indian Himalayan Council of Nalanda Buddhist Tradition འམ་རྒྱ་གར་ཧི་མཱ་ལ་ཡའི་དཔལ་ནཱ་ལནྜཱའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ལོ་འཁོར་གཞུང་འཛིན་ལྷན་ཚོགས་སྐབས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་གཞུང་སྒེར་སུ་ཞིག་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་ཁེ་ཕན་དང་འབྲེལ་ནས་ཐད་བྱུས་བྱས་ཚེ་འགྲིག་ཐབས་མེད་པ་དང་། དེ་བཞིན་རྒྱ་ནག་གཙོས་པའི་གཞུང་ཚོགས་སུ་འདྲ་ཞིག་གིས་༸རྒྱལ་བའི་༸སྐུའི་ཡང་སྲིད་བདམ་ཚེ་དེ་ལ་ཧི་མ་ལ་ཡའི་མང་ཚོགས་ཀྱི་ངོས་འཛིན་གུས་བཀུར་ཞུ་རྒྱུ་མིན་པ་སོགས་ཀྱི་གྲོད་ཆོད་ཁག་ཅིག་བཞག་གནང་ཡོད།ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གྲོས་ཚོགས་ནང་ Tibetan Policy and Support Act ཞེས་ཨ་རི་བོད་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་ཞིག་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དེའི་ནང་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་ཐོག་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པའི་གནད་དོན་འཁོད་ཡོད།

༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་སྔ་ལོ་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༦ ཉིན་བོད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་མིའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་དང་འབྲེལ་བའི་དོན་ཚན་དྲུག་ཅན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་༸གང་ཉིད་ཀྱིས་ཐག་གཅོད་མཛད་རྒྱུ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་ཅེས་གསུངས་པ་ཡོད།སྔ་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༤ ཉིན་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ འཚོགས་བཞིན་ཡོད་པ་དང་བསྟུན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཏན་འཇགས་སྐུ་ཚབ་ལས་ཁུངས་ཀྱི་གོ་སྒྲིག་དང་། དེ་བཞིན་དབྱིན་ཡུལ་དང་ཁེ་ན་ཌ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ནི་ཡ་བཅས་ཀྱིས་མཐུན་འགྱུར་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནས་བབ་ཐོག་ཟུར་ཚོགས་ཤིག་ཀྱང་ཚོགས་ཡོད་པ་མ་ཟད། དེ་སྔོན་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༦ ཉིན་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་ནས་༸སྐུའི་ཡང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་པར་ངོས་ལེན་མེད་པའི་བཞེངས་ཕྱོགས་སོར་གནས་ཡིན་པ་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།