Tibetan Royal Year of 2151 | Year of the Wood Dragon

ལྷོ་ཕྱོགས་ཀྱི་གདན་ས་ཁག་ཏུ་སློབ་གཉེར་གྱི་གནང་སྒོ་ཁག་བསྐྱར་དུ་དབུ་འཛུགས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

སྔ་ལོ་ཕྱི་ཟླ་  ༣ པ་ནས་བཟུང་སྟེ་ད་བར་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་འདུག་ཀུན་སྤྱོད་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།དེ་བཞེན་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་གི་སློབ་གཉེར་ཁག་གྱི་བསྟི་གནས་གིས་བསླབ་པ་སློབ་གཉེར་གནང་མཚམས་བཞག་ནས་ཆོས་ར་དང་སློབ་ཁྲིད་གནང་སའི་འཛིན་གྲྭ་སོགས་ཕྱིར་བཤོལ་གནང་བར་མ་ཟད་ཕྱི་མི་སུ་ཞིག་ཀྱང་མཆོད་མཇལ་ལ་ཕེབས་རྒྱུར་བཀག་པའི་གནས་སྟངས་གྱུར་ཡོད་པ་རེད། འདི་ལོ་ཕྱི་ཟླ་ ༣  ཚིས་ ༩ དང་བོད་ཚེས་ ༢༦ ནས་དབུ་འཛུགས་ཀྱིས་གདན་ས་ཆེན་མོའི་བསླབ་པ་སློབ་གཉེར་གྱི་གནང་སྒོ་ཁག་བསྐྱར་སྤེལ་གནང་སོང་།

གསར་འགོད་པས་སེར་ར་བྱེས་གྲྭ་ཚང་ཀྱི་ཁྲིམས་བདག་དགེ་བསྐོས་དགེ་བཤེས་དངོས་གྲུབ་རྡོ་རྗེ་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་གཅིག་ཞུས་པར་ཆོས་ར་ནང་སླར་བསླབ་པ་སློབ་གཉེར་གནང་རྒྱུའི་གནང་སྟངས་ཁག་ཞིབ་རྒྱས་སུ་ངོ་སྤྲོད་གནང་སོང་བར་མ་ཟད་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་བཀའ་བརྒྱ་དམ་པའི་ཁྲོད་གདན་ས་ཁག་གི་ཆོས་ར་དང་བསླབ་པ་སློབ་གཉེར་བར་མཚམས་བཞག་དགོས་པ་བྱུང་ཡོད་ཀྱང་སོ་སོའི་ཁང་ཚན་ནང་དགེ་འདུན་པ་ཚོས་འཐུས་ཤོར་མེད་པར་སྔོན་འགོག་གི་གནང་སྒོ་ཁག་འཐུས་ཚང་གནང་སྐོར་གསུངས་ཡོད།བཀྲ་ཤིས་ལྷུན་པོར་མཚོན་ན་ད་ལྟའི་ཆར་ཆོས་ར་དང་སློབ་གཉེར་གྱི་གནང་སྒོ་རྣམས་དབུ་འཛུགས་གནང་ཟིན་ཡོད་ཀྱང་། ཕྱི་མི་དགོན་པར་མཆོད་མཇལ་ལ་ཕེབས་རྒྱུར་གནས་སྐབས་རིང་ཕྱིར་བཤོལ་གནང་འདུག དེ་བཞིན་ཧུན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་༸དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ལ་མཚོན་ན་དགེ་འདུན་པ་རྣམས་ལོ་གསར་གྱི་གུང་སེང་རྫོགས་ཡོད་སྟབས་སང་ཉིན་ནས་སློབ་གཉེར་གྱི་གནང་སྒོ་ཁག་དབུ་འཛུགས་གནང་རྒྱུ་རེད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་ཏུ་བསླབ་པ་སློབ་གཉེར་གྱི་གནང་སྒོ་ཁག་བསྐྱར་དུ་དབུ་འཛུགས་གནང་ཡོད་པ་དང་། མང་ཚོགས་རྣམས་དགོན་པར་མཆོད་མཇལ་ཆེད་བཅར་སླད་རིམ་བཞིན་ནད་ཡམས་ཀྱི་གནས་སྟངས་ལ་གཞིགས་ཏེ་ཐུགས་ཐག་གཅོད་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།