Tibetan Royal Year of 2151 | Year of the Wood Dragon

སྒང་ཏོག་ས་གནས་གཞོན་ནུས་ཚེ་སྲོག་ལ་མ་འཛེམས་པར་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་བ།  

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཉེ་སྔོན་ཕྱི་ཚེས་ ༤ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེར་སྤྲིན་འཐོར་དྲག་ཆར་བྱུང་ནས་ལྷོ་ནག་མཚོ་དང་ Teesta གཙང་པོ་ཆེས་ཆེར་འགས་པར་བརྟེན་མངའ་སྡེའི་ས་གནས་དུ་མའི་ནང་མི་རྒྱུ་ཟོག་གསུམ་བཅས་པར་གོད་ཆག་ཚབས་ཆེན་ཕོག་པར་བརྟེན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་ཡོད་པ་རེད། 

ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཚེ་འཕེལ་ལགས་ཀྱིས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གི་ས་གནས་གཞོན་ནུས་སྤྱི་ཚོགས་ཞབས་ཞུའི་ལས་དོན་དེ་ཆུ་ལོག་གི་དཀའ་ངལ་ཆེན་པོ་འཕྲད་ཉིན་ཕྱི་ཚེས་ ༤ ཉིན་མོ་རང་ནས་འགོ་འཛུགས་བྱས་པ་དང་ཉིན་ཪེར་དཀའ་ངལ་འཕྲད་ཡུལ་གྱི་ས་གནས་ཁག་ཏུ་གཞོན་ནུའི་དང་བླངས་བ་མི་གྲངས་ ༣༠ ནས་ ༦༠ བར་གྱི་ཞབས་ཞུའི་ལས་དོན་གཉེར་ཡོད་པར་གསུངས་སོང་ལ། ཁོང་རྣམས་ཀྱིས་དེ་སྔོན་ཏོག་དབྱིབས་གཉན་རིམ་ཁྱབ་གདལ་གྱི་ཛ་དྲག་སྐབས་སུའང་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་གཉེར་ཡོད།

གཞི་རྩའི་ཆུ་ལོག་གི་རྐྱེན་ངན་ཕོག་སའི་ས་ཁུལ་ཁག་ཏུ་དམག་མི་དང་ཆེད་ལས་མི་སྣ།འཕྲུལ་ཆས་འདྲ་མིན་བཅས་ཀྱིས་མྱུར་སྐྱོབ་གནང་བཞིན་ཡོད་ཀྱང་། ཤིང་ཏམ་ཟེར་བའི་སྡོད་ཁྱིམ་མང་པོ་ཡོད་པའི་ས་ཁུལ་ཆུང་ཆུང་དེའི་མི་རྒྱུ་ཟོག་གསུམ་ལ་ཆེས་ཛ་དྲག་གི་གོད་ཆག་ཕོག་པ་དང་། གྲོང་པ་དེ་དག་གི་དབར་ལ་སྲང་ལམ་གུ་དོག་པའི་དབང་གིས་མིའི་ནུས་པ་རང་ལ་བརྟེན་པ་མ་གཏོགས་འཕྲུལ་ཆས་སོགས་ཀྱི་འགུལ་ཡུལ་མེད་པ་རེད་འདུག།འོན་ཀྱང་གཞོན་ནུ་ལྷན་ཚོགས་ཀྱི་དང་བླངས་བ་ཚོས་ས་གནས་སུ་འབར་རྫས་འགས་འཐོར་དང་ཁང་པ་ཞིག་པའི་ཉེན་ཁ་སོགས་ལ་ལྟོས་མེད་སྤྱི་སྨན་ཞབས་ཞུའི་ལས་དོན་གཉེར་རྒྱ་གང་ཆེར་གཉེར་ཡོད།

བསྟན་འཛིན་ཚེ་འཕེལ་ལགས་ཀྱིས་སྤྱི་ཚོགས་ཞབས་ཞུའི་ལས་དོན་དེ་དག་གི་དམིགས་ཡུལ་དང་ཀུན་སློང་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་གཞན་ལ་དཀའ་ངལ་འཕྲད་སྐབས་དེར་རོགས་རམ་གནང་དགོས་ཞེས་ལམ་སྟོན་མཛད་དོན་ལྟར་ཞུས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་།    

རྩ་བའི་ཕྱི་ཚེས་ ༤ ཉིན་བྱུང་བའི་འབྲས་ལྗོངས་ནང་གི་ཆུ་ལོག་གི་གོད་ཆག་དེའི་འོག་ད་བར་མི་གྲངས་ ༧༠ ལྷག་གི་ཚེ་སྲོག་ཤོར་བ་དང་གར་སོང་ཆ་མེད་དུ་གྱུར་བའི་མིའི་གྲངས་འབོར་དེ་ ༨༠ ལྷག་ཆགས་ཡོད་པར་མ་ཟད། ཧིན་སྒོར་ས་ཡ་མང་པོའི་རྒྱུ་དངོས་ཀྱི་གྱོང་གུད་ཕོག་ཡོད་པ་རེད། 

 སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཚེ་འཕེལ་ལགས་ཀྱིས་ད་བར་ས་གནས་བོད་མིའི་ཁྲོད་ནས་ཚེ་སྲོག་ཤོར་བའི་གནས་ཚུལ་གང་ཡང་གོ་ཐོས་མ་བྱུང་ཡང་། འབྲས་ལྗོངས་ཀྱི་ལྷོ་ཕྱོགས་ཆུ་ཐང་དང་གནའ་སྒར་ཁུལ་གྱི་བོད་མི་ཚོར་ཁྱིམ་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་སྐོར་འགྲེལ་བརྗོད་གནང་སོང་བ་དང་ཆབས་ཅིག གཞོན་ནུ་ལྷན་ཚོགས་ཀྱི་དང་བླངས་བའི་སྡེ་ཚན་ཞིག་རིང་མིན་ས་གནས་དེར་བསྐྱོད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།

ཐེངས་འདིའི་འབྲས་ལྗོངས་ནང་ཆུ་ལོག་གི་གོད་ཆག་ཤུགས་ཆེར་བྱུང་བའི་གནད་དོན་དང་འབྲེལ་ནས་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གཙོ་འགན་བཞེས་ཐོག་ཁུལ་དེའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་འགས་ཟུང་སྦྲེལ་གནང་སྟེ་མངའ་སྡེའི་གཉུག་མར་གནས་པའི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ངལ་སེལ་རོགས་དངུལ་ཞལ་འདེབས་བསྡུ་རུབ་ཀྱི་ལས་གཞི་ཞིག་སྤེལ་འདུག

དེ་བཞིན་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཀྱང་ཐུགས་གསོ་སྩལ་བ་དང་འབྲེལ་ཏེ་མངའ་སྡེའི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཚུར་ཕུ་བླ་བྲང་གི་ཡིག་ཚང་ནས་ངལ་སེལ་རོགས་དངུལ་འབུམ་བཅོ་ལྔ་གསོལ་སྩལ་མཛད་རྒྱུའི་ཞལ་བཞེས་དང་བཅས་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།