Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་བྱང་ཨ་རིའི་བོད་མི་གནས་ཡུལ་ཁག་ཏུ་འཚམས་གཟིགས་གནང་བཞིན་པ། 

Tibetan News Headlines

  • Gangjong Sherig Norling Educational Institute’s Closure Signals Heightened Assimilation Efforts in Tibet:  Discussion

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༧

  • རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་སྒོ་བརྒྱབ་པའི་ཤུགས་རྐྱེན། རྒྱ་གཞུང་གིས་བོད་སྐད་ཡིག་བཙན་སྒྱུར་གྱི་སྲིད་བྱུས་སྐོར་གླེང་མོལ།

བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ལེ་ཊིན་ཨ་མི་རི་ཀ་ནང་གི་ལས་རིམ་ཁག་ལེགས་གྲུབ་རྗེས་བྱང་ཨ་རི་ཁུལ་གྱི་འཚམས་གཟིགས་དབུ་འཛུགས་དང་སྦྲགས། ལྷོ་ཀེ་ལི་ཕོར་ནི་ཡ་དང་ Albuquerque དང་ Santa Fe དེ་བཞིན་ Atlanta བཅས་སུ་འཚམས་གཟིགས་གནང་བཞིན་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ལེ་ཊིན་ཨ་རི་ནང་གི་མཛད་རིམ་ཁག་ལེགས་གྲུབ་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་ ༡༠ ཚེས་ ༡༢ ཉིན་ལྷོ་ཀེ་ལི་ཕོར་ནི་ཡར་ཕེབས་ཏེ་ཁུལ་དེའི་ས་གནས་མང་ཚོགས་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་སོགས་གནང་འདུག་པ་དང་། ཚེས་ ༡༣ ཉིན་ New Mexico མངའ་ཁུལ་གྱི་ Albuquerque དང་ Santa Fe བོད་མི་མང་ཚོགས་དང་མཇལ་ཕྲད། དེ་བཞིན་ཚེས་ ༡༤ ཉིན་ Georgia མངའ་ཁུལ་གྱི་ཨེཊ་ལན་ཊར་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ལྟེ་གནས་ཁང་དུ་ཆེད་ཕེབས་ཀྱིས་ས་གནས་བོད་མི་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་སོགས་ཀྱི་ལས་རིམ་གནང་འདུག ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་ཁྲོད་ས་གནས་སོ་སོའི་བོད་རིགས་ཚོགས་པ་གཙོས་བོད་མི་མང་ཚོགས་རྣམས་ནས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

ཚེས་ ༡༢ ཉིན་ལྷོ་ཀེ་ལི་ཕོར་ནི་ཡ་ནང་ཕེབས་སྐབས་སུ་སྲིད་སྐྱོང་མཆོག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་དུས་ ༥ པའི་དགོངས་དོན་གཞིར་བཟུང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ལ་དཔྱ་ཁྲལ་ཆག་ཡང་གནང་ཕྱོགས་སྐོར་དང་། དེ་སྔའི་བཀའ་ཤག་རིམ་པ་དང་ད་ལྟའི་བཀའ་ཤག་གི་ངོས་ནས་གཙོ་བོ་བོད་མི་རྣམས་ཀྱི་དཀའ་ངལ་ཁག་ལ་དགོངས་པ་བཞེངས་ཏེ་བོད་མི་རྣམས་ལ་རང་ཉིད་བོད་མི་ཡིན་པའི་ལས་འགན་ཞུ་རྒྱུའི་གོ་སྐབས་གནང་ཕྱིར་དམིགས་པའི་ཐག་གཅོད་ཅིག་ཡིན་པར་གསུངས་འདུག

དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་དེ་དེ་སྔ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་བཞེངས་ཕྱོགས་རང་གནས་ཐོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ད་ལྟའི་བཀའ་ཤག་གི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་སྒྲུབ་ཕྱོགས་དང་མ་འོངས་འཆར་གཞི་བཅས་ཀྱི་སྐོར་ལ་ངོ་སྤྲོད་ཞིབ་རྒྱས་གནང་འདུག

ལྷག་པར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་རྗེས་སུ་གཞུང་འབྲེལ་འཚམས་གཟིགས་ལས་དོན་ཁག་དང་ཉེ་ཆར་ལེ་ཊིན་ཨ་མི་རི་ཀ་ནང་གི་མཛད་རིམ་ཁག་གི་སྐོར་དང་འབྲེལ། མེ་སི་ཀོ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་རྐང་འགན་བཞེས་ཐོག་མེ་སི་ཀོ་གཙོས་ Latin America རྒྱལ་ཁབ་གཞན་གྱི་ནང་དུ་བོད་དོན་རྒྱབ་སྐྱོར་འཚོལ་སྒྲུབ་གནང་བཞིན་པ་བཅས་ཀྱི་སྐོར་ལ་ངོ་སྤྲོད་གནང་འདུག་པར་མ་ཟད། དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་ལམ་དང་རྒྱ་ནག་མི་མང་གི་འཐབ་རྩོད་གནང་ཕྱོགས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་འདུག

རྩ་བའི་ཐེངས་འདིའི་འཚམས་གཟིགས་ཁྲོད་སྲིད་སྐྱོང་མཆོག་ནས་ Brazil དང་ Costa Rica དེ་བཞིན་ Mexio སོགས་ཀྱི་ནང་ཕེབས་རྗེས་ལྷོ་ཀེ་ལི་ཕོར་ནི་ཡ་ནས་དབུ་འཛུགས་གནང་སྟེ་ཟླ་བ་འདིའི་ཚེས་ ༢༤ བར་བྱ་ཨ་རི་ཁུལ་དུ་ཕེབས་བཞིན་པའི་ཁྲོད། རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ཆེད་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་གཅིག་དང་ཨ་རིའི་ནིའུ་ཡོག་དང་ནིའི་ཇར་སི་ལ་ཕེབས་འཆར་ཡོད་པ་ལྟར། ཁུལ་དེའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་སྲིད་སྐྱོང་མཆོག་ལ་དགོང་ཚིགས་གསོལ་སྟོན་རྒྱས་པ་ཞིག་གོ་སྒྲིག་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།