Tibetan Royal Year of 2151 | Year of the Wood Dragon

APEC ལྷན་ཚོགས་དང་བསྟུན་བོད་མི་རྣམས་ཀྱིས་ཞི་ཅིན་ཕིང་ལ་ངོ་རྒོལ་གནང་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

རིང་མིན་ཟླ་ ༡༡ ཚེས་ ༡༥ ཉིན་ཨ་རིའི་གྲོང་ཁྱེར་ San Francisco ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་དང་བསྟུན་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཟུར་དུ་ཐུག་འཕྲད་གནང་རྒྱུ་དང་འབྲེལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་དང་ San Francisco ནང་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཁྱབ་སྤེལ་འགྲོ་མུས་ནང་གསལ། ཨ་རིའི་ San Francisco ནང་ཟླ་ ༡༡ ཚེས་ ༡༡ ནས་ ༡༧ བར་ APEC ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་རྣམ་པའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་འཚོགས་བཞིན་པ་དང་བསྟུན་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་གཞན་ཚོ་དང་ལྷན་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། གནངས་ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་ལྷན་ཚོགས་དེའི་ཞོར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་མོལ་གནང་གི་ཡོད་པ་ལྟར། ཁ་ཉིན་ཕྱི་ཚེས་ ༡༡ ཉིན་ནིའུ་ཡོག་དང་ནིའུ་ཡོག་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟུང་སྦྲེལ་གོ་སྒྲིག་འོག་ཁུལ་དེར་ཆགས་པའི་ Linken དྲན་རྟེན་ཁང་དང་ཕོ་བྲང་དཀར་པོའི་མདུན་ཐང་དུ་བོད་མི་བརྒྱ་སྐོར་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཏེ། སྲིད་འཛིན་བྷ་ཌན་མཆོག་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་སྐབས་བོད་དོན་གཙོས་འགྲོ་བ་མིའི་ཐོབ་ཐང་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག

སྐབས་དེར་བོད་མི་ལས་འགུལ་བ་རྣམས་ཀྱིས་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ་དང་འབྲེལ་གཙོ་བོ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་ལ་ཞི་ཅིན་ཕིང་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་སྐོར་དང་། རྒྱ་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་ཆེད་གཏོང་གིས་རྒྱ་བསྒྱུར་སློབ་གསོ་སྤེལ་ཏེ་བོད་མི་རིགས་རྩ་མེད་བཟོ་བཞིན་པའི་ཛ་དྲག་གི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་གལ་ཡིན་པར་གསུངས་འདུག

དེ་དང་ཕྱོགས་མཚུངས་ཟླ་བ་འདིའི་ཚེས་ ༡༠ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་གཅིག་གིས་ San Francisco ནང་ Apec ཚོགས་ཆེན་ཚོགས་ཡུལ་ Moscone ལྟེ་གནས་ཁང་གི་སྟེང་ཐོག་ནས་ཞི་ཅིན་ཕིང་ཁྱེད་རང་གི་དུས་ཚོད་རྫོགས་པ་རེད། བོད་རང་བཙན་ཐོབ་ཀྱི་རེད་ཅེས་ཀབོད་པའི་འཕྲེད་དར་ཆེན་པོ་ཞིག་བཀྲམ་ནས་ངོ་རྒོལ་སྐད་འབོད་གནང་བར་མ་ཟད། བོད་མི་དང་ཧོང་ཀོང་བ། ཡུ་གུར་བ་གཙོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་འབྲེལ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་ ༥༩ ཟུང་སྦྲེལ་གྱིས་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་མཆོག་ལ་རྒྱ་ནག་གི་སྲིད་འཛིན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་པའི་ཞུ་ཡིག་ཕུལ་ཡོད་པ་རེད།

བྱང་ཀེ་ལི་ཕོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རང་ཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་ཀྱི་གྲོགས་པོའི་མཐུན་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཟླ་ ༡༡ ཚེས་ ༡༥ ཉིན་རྒྱ་ནག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་དངོས་སུ་ཐུག་འཕྲད་གནང་སྐབས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དང་། བོད་མི་དང་ཡུ་གུར་བ། ཧོང་ཀོང་མང་གཙོའི་ལས་འགུལ་བ་སོགས་ནས་ཀྱང་ལས་འགུལ་སྤེལ་རྒྱུ་རེད་འདུག

རྩ་བའི་ཕྱི་ལོ་ ༢༠༢༣ ལོའི་ APEC གི་ལྷན་ཚོགས་ཐོག་རྒྱ་ནག་དང་ཨོ་སི་ཊི་ལི་ཡ། ཨ་རི། ཁེ་ན་ཌ་སོགས་རྒྱལ་ཁབ་མི་འདྲ་བ་ ༢༡ མཉམ་ཞུགས་ཀྱིས་གཙོ་བོ་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབ་དང་ད་ལྟ་འགྲོ་བཞིན་པའི་ཨིས་རེལ་དང་ཨུ་རུ་སུ། ཡུཀ་རེན་བཅས་ཀྱི་གནད་དོན་དུ་མ་གླེང་མོལ་གནང་གི་ཡོད་པ་དང་། སྐབས་དེར་བོད་མི་ཙམ་མ་ཟད་གོ་ལའི་གནད་དོན་མང་དག་དང་འབྲེལ་ཏེ་ལས་འགུལ་བ་མང་པོ་ཞིག་རང་འགུལ་ཐོག་ནས་ཁུལ་དེར་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་སྟབས། གྲོང་ཁྱེར་གྱི་ཉེན་རྟོག་པའི་ངོས་ནས་བདེ་སྲུང་དང་འབྲེལ་སྔོན་འགོག་གི་ལས་གཞི་རྒྱ་ཆེ་སྤེལ་མུས་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།