Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་དུ་སྤྱི་མོས་ཐོག་  Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཨང་ ༥༣༣ པ་གཏན་འབེབས་ཡོང་བར་རྒྱབ་སྐྱོར་གནང་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Michael McCaul ལགས་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim Mcgovern ལགས་རྣམ་གཉིས་ཀྱིས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་བསྐྱར་དུ་ཆེད་བཏོན་གནང་རྗེས་ཁ་སང་ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཡུལ་དེའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་རྣམ་པས་ཁྲིམས་འཆར་དེ་གྲོས་ཚོགས་སུ་བསྣམ་རྒྱུར་སྤྱི་མོས་ཐག་གཅོད་ཀྱིས་གཏན་འབེབས་གནང་འདུག

རྩ་བའི་ཁྲིམས་འཆར་དེའི་ནང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་མ་ཟིན་པའི་གནད་དོན་ཞིག་ཡིན་ཅིང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན་དགོས་པ། དེ་བཞིན་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ་སོགས་ཀྱི་འབྲུ་དོན་འཁོད་ཡོད་པ་རེད།

ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་དྲིལ་ལས་དོན་ཚོགས་ཆུང་ནང་ཁྲིམས་འཆར་དེ་འགོད་འབུལ་གནང་སྐབས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Michael McCaul ལགས་ཀྱིས་ཁྲིམས་འཆར་འདི་བཞིན་གྲོས་ཚོགས་འཐུས་མི་ McGovern ལགས་དང་མཉམ་ལས་ཀྱིས་ཆེད་བཏོན་གནང་བར་སྤོབས་པ་ཆེན་པོ་ཡོད་པ་དང་རིམ་པས་ཁྲིམས་འཆར་འདི་གྲོས་ཚོགས་གོང་འོག་གཉིས་སུ་མགྱོགས་མྱུར་གཏན་འབེབས་ཀྱིས་ཁྲིམས་སུ་བཅས་པའི་ཐུགས་རེ་ཡོད་ཅེས་གསུངས་པ་དང་འབྲེལ་ཁྲིམས་འཆར་འདི་ཉིད་ལ་རྒྱབ་གཉེར་ཞུ་བཞིན་ཡོད་ཅེས་གསུངས་འདུག

དེ་བཞིན་ཁྲིམས་འཆར་ཐོག་བགྲོ་གླེང་གནང་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gregory Meeks ལགས་དང་ Chris Smith ལགས། དེ་བཞིན་ Scott Perry ལགས་གཙོས་འཐུས་མི་ཁག་གཅིག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེར་ཚད་མཐོའི་རྒྱབ་སྐྱོར་གནང་གི་ཡོད་པར་གསུངས་པ་དང་ཆབས་ཅིག བོད་ནང་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་མང་པོ་བཅའ་སྡོད་སློབ་གྲྭར་བཅུག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་དམས་སུ་བཏང་ནས་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད། བོད་མིའི་རིགས་རྫས་རྣམས་བཙན་གྱིས་བསྡུ་ལེན་བྱས་ཏེ་བོད་ནང་སྔར་ལྷག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པར་སྐྱོན་བརྗོད་གནང་ཡོད་ཅེས་དང་ད་བར་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་རང་ཐག་རང་གཅོད་གཙོས་རྒྱལ་སྤྱིའི་ཁྲིམས་ལུགས་རང་དབང་ནང་གསལ་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་བཏང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཆབ་སྲིད་ཚོགས་པ་ཐུན་མོང་གིས་ཆེད་བཏོན་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདིས་བོད་རྒྱའི་དཀའ་རྙོག་འདི་བཞིན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་ནུས་པ་ལྡན་པ་ཞིག་ཡོང་ངེས་རེད་ཅེས་སོགས་གསུངས་འདུག

ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ Gerry Connolly ལགས་ཀྱིས་རྒྱ་གཞུང་ནས་བོད་མིར་གཉའ་གནོན་དང་བོད་ཀྱི་གནས་བབ་ཐོག་འགྲེལ་ལོག་བྱེད་བཞིན་པ་དེ་དག་དོན་དངོས་ཐོག་རྒྱ་ནག་རང་ཉིད་ལ་གནོད་པའི་བྱ་བ་ཞིག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཁྲིམས་འཆར་འདིས་ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་ད་ལྟའི་བོད་ཀྱི་གནས་བབ་ཐོག་འཁྱོག་བཤད་བྱེད་བཞིན་པར་ངོས་ལེན་མེད་པ་གསལ་པོ་ཆགས་ཡོད་ཅེས་གསུངས་ཡོད།

ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དགའ་བསུ་ཞུས་པ་དང་སྦྲགས་ཏེ། ཁྲིམས་འཆར་དེའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་ཡོང་ཐབས་ལ་རྒྱབ་སྐྱོར་བསྐྱར་ནན་གནང་བ་མངོན་གསལ་གནང་ཡོད་པ་སོགས་གསུངས་འདུག

ལྷག་དོན་སྲིད་སྐྱོང་མཆོག་གིས་ཁྲིམས་འཆར་འདིས་ཨ་རི་གཞུང་གི་ངོས་ནས་བོད་རྒྱ་འབྲེལ་མོལ་གྱི་དགོས་འདུན་དང་ཛ་དྲག་ཅན་དུ་ངོས་འཛིན་པར་ཕན་ཐོགས་པ་མ་ཚད་པར་བོད་མི་རྣམས་ལ་རང་ཉིད་ཀྱི་རྒྱལ་ཁབ་ནང་རང་ཐག་རང་གཅོད་ཀྱི་འགན་དབང་སྤྲོད་པ་བརྒྱུད་བོད་དོན་ལ་ཕན་ཐོགས་ཡོང་རྒྱུ། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་མང་གཙོ་དང་གྲོས་མོལ། ཞི་བདེའི་རྩ་དོན་ལ་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཀྱི་ཡོད་སྟབས། བོད་མི་ཚོས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་གཙོས་པའི་ཚོགས་མི་རྣམས་ནས་ཁྲིམས་འཆར་དེར་ཆོག་མཆན་བཀའ་འཁྲོལ་གནང་བར་ཐུགས་རྗེ་ཆེ་ཞེས་དང་ཆབས་ཅིག མ་འོངས་པར་ཨ་རིའི་སྲིད་འཛིན་མཆོག་གིས་ཀྱང་ཁྲིམས་འཆར་འདི་ཉིད་ལ་མཚན་རྟགས་བསྐྱོན་ནས་ཁྲིམས་སུ་གཏན་འབེབས་གནང་བའི་གདེང་ཚོད་ཡོད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཁ་སང་ཨ་རིིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཐག་གཅོད་འདི་ནི་ཁྲིམས་འཆར་དེ་གྲོས་ཚོགས་སུ་མགྱོགས་མྱུར་གཏན་འབེབས་ཀྱིས་ཁྲིམས་ཤིག་ཆགས་སླད་མདུན་སྐྱོད་གནང་གལ་ཆགས་ཡོད་པ་དང་འདིས་བོད་མི་རྣམས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེར་སོང་བའི་ཡིད་ཆེས་བསྐྱར་གསོ་གནང་ཡོད་ཅེས་གསུངས་འདུག པར་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།