Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཕྱི་སྲིད་དྲུང་ཆེར་བོད་མིའི་ཆབ་སྲིད་བཙོན་པ་ཁག་ཅིག་གི་གནད་དོན་ཐད་རྒྱ་ནག་ལ་འདྲི་རྩད་དགོས་པའི་ཞུ་སྐུལ།

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

རིང་མིན་སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་ ༤ འཚོགས་འཆར་ཡོད་པ་དང་བསྟུན།  CECC ཞེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་འཛིན་སྐྱོང་གི་སྐུ་ཚབ་བཅས་ལས་གྲུབ་པའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་གཙོས་པའི་རྒྱ་ནག་གི་ཆབ་སྲིད་བཙོན་པ་ཁག་གཅིག་མིང་འདོན་གནང་སྟེ། ཨ་རིའི་ངོས་ནས་དུས་བཀག་བསྐྱར་ཞིབ་སྐབས་བཙོན་པ་དེ་དག་གི་གནད་དོན་ཐད་རྒྱ་ནག་ལ་དྲི་རྩད་གནང་དགོས་པའི་ཞུ་སྐུལ་གནང་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༡༡ ཉིན་ CECC ཚོགས་ཆུང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གི་མཚན་ཐོག་ཕྱག་བྲིས་ཤིག་ཕུལ་གནང་བའི་ནང་། རྒྱ་གཞུང་གིས་རྒྱ་ནག་སྤྱི་དང་། ཡང་སྒོས་སུ་ཤིན་ཅང་དང་ཧོང་ཀོང་། བོད་བཅས་སུ་ལྟ་སྲུང་དང་འཇིགས་སྐུལ། དེ་བཞིན་འཛིན་བཟུང་དོ་དམ་སོགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་ཏེ་ས་ཁུལ་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་སོང་ཡོད་པ་འགྲེལ་བརྗོད་གནང་བ་མ་ཟད། ལྷག་པར་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་ཡོད་པའི་ཆབ་སྲིད་བཙོན་པ་དང་། ཨ་རིའི་མི་སེར་ཁག་གཅིག་མཚན་འདོན་གནང་ཐོག་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག

ཆབ་སྲིད་བཙོན་པ་ཞིག་གི་མིང་གཞུང་དང་།  དེའི་ཁོངས་སུ་བོད་ཀྱི་རྩོམ་པ་པོ་ཐུབ་བསྟན་བློ་གྲོས་ལགས་དང་།  གྲྭ་བློ་བཟང་འཕྲིན་ལས་ལགས། གངས་སྐྱེས་སྒྲུབ་པ་སྐྱབས་ལགས། དེ་བཞིན་རོང་བོ་གངས་དཀར་ལགས་བཅས་ཀྱང་བཀོད་ཡོད་པ་དང་། ཁོང་རྣམ་པ་ནི་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པར་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་གྱི་ཁྲིམས་ཐག་བཅད་པ་སོགས་མངོན་གསལ་གྱིས། ཟླ་བ་འདིའི་ཚེས་ ༢༣ ཉིན་སུད་སི་ཇི་ཎི་ཝ་ཁུལ་དུ་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་གནང་སྐབས། ཨ་རིའི་ངོས་ནས་གོ་སྐབས་ཆེར་བཞེས་ཀྱིས་རྒྱ་ནག་ལ་བོད་མི་ཐེ་བའི་ཆབ་སྲིད་བཙོན་པ་དེ་དག་གི་གནད་དོན་ཐོག་འདྲི་རྩད་ནན་པོ་གནང་དགོས་པའི་ཞུ་སྐུལ་གནང་འདུག

གཞི་རྩའི་ད་རེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་རྒྱ་གཞུང་གིས་བཀག་ཉར་འོག་ཡོད་པའི་མི་སྣ་ཁྱོན་ ༣༦ མཚན་འདོན་གནང་ཡོད་པ་དང་། དེ་དག་གི་ཁོངས་སུ་ཧོང་ཀོང་གི་ Jimmy Lai ལགས་དང་ ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Xu Zhiyong དང་ Ding Jiaxi སོགས་ཀྱང་ཡོད་པ་དང་། ཚོགས་ཆུང་ངོས་ནས་སྤྱི་ཚོགས་དྲ་ལམ་ཐོག་བཙོན་པ་དེ་དག་རེ་རེ་ངོ་སྤྲོད་གནང་བ་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་བཙོན་པ་དེ་དག་རེ་རེའི་གནད་དོན་ཐད་རྒྱ་ནག་ལ་དྲི་རྩད་གནང་རོགས་ཞེས་ཞུ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།