Tibetan Royal Year of 2151 | Year of the Wood Dragon

ཨེ་མོ་རི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་སྟོན་སྲུང་བརྩི།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་སྟོན་སྲུང་བརྩི་དང་འབྲེལ་བོད་ཀྱི་གཟའ་འཁོར་ཞེས་པའི་ལས་རིམ་འཚོགས་བཞིན་འདུག

ཁ་སང་ཕྱི་ཟླ་ ༡༡ ཚེས་ ༦ སྟེ་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དམིགས་བསལ་མཛད་སྒོ་ཞིག་ཚོགས་འདུག་པ་དང་མཛད་སྒོའི་ཐོག་སཱི་ཤེས་ཡོན་བསླབ་གཞི་བཀོད་སྒྲིག་ཐད་ཐུགས་འགན་གཙོ་བོ་བཞེས་མཁན་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་གཙོ་འཛིན་སྐུ་ཞབས་ Gregory Louis Fenves ལགས་དང་མཐོ་སློབ་ཀྱི་ངེས་སྟོན་པ་སྐུ་ཞབས་ Ravi V. Bellamkonda ལགས། སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་གི་འཛིན་སྐྱིང་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་གཙོས་ཨེ་མོ་རི་སློབ་ཁང་གི་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གི་རིགས་སྡེ་འགན་འཛིན་ Robert A. Paul ལགས། ལྟེ་གནས་ཁང་གི་ལས་གཞིར་ཐུགས་ཁུར་བཞེས་མཁན་འབྲེལ་ཡོད་མང་དག་ཅིག་དང་ལྷག་དོན་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་བཅས་མཉམ་ཞུགས་གནང་འདུག 

ལྟེ་གནས་ཁང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བ་དང་བསྟུན་ཨེ་མོ་རི་མཐོ་སློབ་ཏུ་ཁ་སང་ཕྱི་ཚེས་ ༦ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༡ བར་བོད་ཀྱི་གཟའ་འཁོར་ཞེས་པའི་མིང་བྱང་འོག་དམིགས་བསལ་ཞིབ་འཇུག་བགྲོ་གླེང་དང་བོད་དང་འབྲེལ་ཡོད་ཀྱི་འགྲེམས་སྟོན་སོགས་ཀྱི་ལས་རིམ་སྣ་ཚོགས་ཤིག་གནང་གཏན་ཁེལ་བར་མ་ཟད། སང་ཉིན་རེས་གཟའ་ལྷག་པ་ཉིན་སྙིང་རྗེའི་གསར་བརྗེ་ཞེས་པའི་བརྗོད་གཞི་འོག་༸གོང་ས་མཆོག་གི་མ་འོངས་དགོངས་གཞི་བསྒྲུབ་ཐབས་སུ་བཞུགས་མོལ་བགྲོ་གླེང་ཞིག་གནང་གི་ཡོད་པ་རེད།

ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་ཐོག་མར་ལྟེ་གནས་ཁང་གི་འདས་པའི་ལོ་ ༢༥ རིང་གི་ཉམས་མྱོང་དང་གྲུབ་འབྲས་བཅས་ངོ་སྤྲོད་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལམ་སྟོན་དང་རྒྱབ་སྐྱོར་ལ་བརྟེན་ནས་དེ་ལྟར་གནང་ཐུབ་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ལ་དམིགས་བསལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ་དེའི་སྒྱུ་སྩལ་དང་ཚན་རིག་སློབ་གླིང་གི་འཛིན་སྐྱོང་རྣམ་པ། དེ་བཞིན་ཕྱོགས་མང་པོའི་ཐོག་ནས་རྒྱབ་སྐྱོར་མེད་ཚེ་གྲུབ་འབྲས་བཟང་པོ་འདི་རྣམས་ཐོབ་ཐབས་བྲལ་བས་འབྲེལ་ཡོད་ཀུན་ལ་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་གཅིག་འདས་པའི་ལོ་ངོ་ ༢༥ རིང་བྱམས་བརྩེའི་ས་བོན་ཡག་པོ་ཞིག་འདེབས་ཐུབ་ཡོད་པ་དང་མ་འོངས་པའི་ལོ་ཟླའི་ནང་བྱམས་བརྩེ་དང་ཡ་རབས་སྤྱོད་བཟང་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་པར་གསུངས་འདུག

ཨེ་མོ་རི་གཙུག་ལག་སློབ་ཁང་གི་སློབ་སྤྱི་ Gregory Louis Fenves ལགས་ཀྱིས་ ༡༩༩༨ ལོ་ནས་བཟུང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་འབྲས་སྤུངས་བློ་གསལ་གླིང་དབར་འབྲེལ་བ་དམ་ཟབ་བྱུང་ཡོད་པ་དང་ང་ཚོའི་སློབ་གྲྭས་༸གོང་ས་མཆོག་དང་ལྷན་དུ་དམིགས་བསལ་ཆེད་ལས་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་མཉམ་ལས་ཞུས་པ་དང་དེའི་རྗེས་ཀྱི་ལོ་ངོ་བཅུ་ཕྲག་ནང་བསུབ་ཐབས་མེད་པའི་དམིགས་བསལ་གྲུབ་འབྲས་ཐོན་ཡོད་ཅེས་གསུངས་པར་མ་ཟད། སྔ་ལོ་ཕྱི་ཟླ་ ༡༡ ནང་མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་ནི་ཁོང་ལ་མཚོན་ན་ནམ་ཡང་བརྗེད་ཐབས་པའི་མྱོང་ཚོར་དང་མགོན་པོ་༸གང་ཉིད་མཆོག་གི་ལམ་སྟོན་འོག་བྱམས་བརྩེ་གོང་འཕེལ་གནང་རྒྱུར་སྐུལ་འདེད་གནང་ཡོད་པ་བཅས་ངོ་སྤྲོད་གནང་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བརྙན་པར་བརྒྱུད་ནས་གསུང་བཤད་གནང་འདུག་པ་དང་། དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་འདས་པའི་ལོ་ངོ་ ༢༥ རིང་ཨེ་མོ་རི་དང་བློ་གསལ་གླིང་གཉིས་ཀྱི་དབར་ལ་ཤེས་ཡོན་གྱི་འབྲེལ་ལམ་གནང་སྟེ་ཟུང་སྦྲེལ་གྱི་ཕྱག་ལས་གནང་འབྲུས་སུ་གྲུབ་འབྲས་གང་བྱུང་བ་དེ་དག་ནི་ལྟེ་གནས་ཁང་གིས་འབད་འབུངས་གནང་བ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། མཛད་སྒོའི་ཐོག་ཨེ་མོ་རི་མཐོ་སློབ་དང་འབྲས་སྤུངས་བློ་གསལ་གླིང་དབར་ལ་བཞག་པའི་གྲོས་མཐུན་གན་རྒྱ་དེ་ཉིད་མུ་མཐུད་འཕར་འགྱངས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།