Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་དང་སོག་རིགས་ཧི་མ་ལ་ཡ་རི་རྒྱུད་ཀྱི་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།

Tibetan News Headlines

  • Dalai Lama gives teachings to devotees from Southeast Asia
  • Tibetan MPs grill Kashag on Home report: Sikyong pledges support for unemployed youth
  • China launches a new propaganda center in Lhasa to reshape international public opinion on Tibet
  • Delhi hosts 2nd international Buddhist conclave on mindful communication and sustainable development
  • New US administration congressionally mandated to work towards settlement of Tibetan issue: Tibet rights group

རེས་གཟའ་ཕུར་བུ། ༢༠༢༤།༠༩།༡༢

  • ༸གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་རྣམས་ལ་བདེན་པ་བཞིའི་བཀའ་ཆོས་སྩལ་བ།
  • རིག་རྩལ་ཅི་ཞིག་སྦྱང་འདོད་པ་གོ་སྐབས་མ་ཐོབ་མཁན་ན་གཞོན་ལས་མེད་ལ་བཀའ་ཤག་གི་གཟིགས་རྟོགས་གནང་རྒྱུའི་ཁས་ལེན་ཡིན་ཞེས་གསུངས་སོང་།
  • རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་སྐོར་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལས་དོན་ནུས་ལྡན་བཟོ་རྒྱུར་དམིགས་པའི་ལྟེ་གནས་གསར་འཛུགས།
  • བོད་ཀྱི་གནད་དོན་དེ་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་བར་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག
  • རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་ནང་པའི་བརྒྱུད་ལམ་ལྷན་ཚོགས་ཐེངས་གཉིས་པ་བསྐོང་ཚོགས།

དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༢༢ ཨ་རིའི་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་བྱང་ཨ་རིའི་བོད་མི་དང་སོག་རིགས། ཧི་མ་ལ་ཡའི་མི་རིགས་སོགས་ཀྱི་དད་ལྡན་པ་ཁྲི་ཚོ་དུ་མ་ནིའུ་གྲོང་ཁྱེར་གྱི་ UBS Arena ཚོགས་ཁང་དུ་རྒྱས་འཛོམས་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་སྐབས་དེར། མགོན་པོ་༧གང་ཉིད་མཆོག་གིས་དུས་ད་བར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་བོད་མི་རིགས་དོན་དུ་སྐུ་ལས་གང་འཚམས་བསྐྱོན་ཡོད་པ་དང་། ད་དུང་ཡང་ལོ་ངོ་བཅུ་ཕྲག་འགའ་ཞིག་མུ་མཐུད་ཞབས་འདེགས་བསྒྲུབ་རྒྱུ་ཡིན་པས་བཀའ་བཞེས་བཟང་པོ་དང་འབྲེལ། ཁྱེད་ཅག་ཀྱང་ཧུར་ཐག་བྱོས་ཞེས་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

སྐུ་པར། བོད་མིའི་རང་དབང་། bid.asia

དེཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ UBS Arena ཚོགས་ཁང་དུ་ཞབས་སོར་འཁོད་དེ་དུང་རྒྱ་སྤོས་སྣེ་སྤྱན་འདྲེན་གཟབ་རྒྱས་བརྒྱུད་བཞུགས་ཁྲིར་བདེ་བར་འཁོད་མཚམས་བྱང་ཨ་རིའི་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་སྒྲུབ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འདི་ག་བོད་ཀྱི་ས་ཁུལ་མདོ་སྟོད་སྨད་དབུ་གཙང་ཡོངས་རྫོགས་ནས་ང་ཚོ་བོད་རིགས་ཞེས་པའི་བསམ་ཚུལ་འདིའི་འོག་ནས་འཛོམས་ཡོད་པ་དང་། བོད་མིར་རྒྱབ་སྐྱོར་བ་གྲོགས་པོ་མང་པོ་ཞིག་འདིར་འདུས་ཡོད་ཅིང་། བོད་ཀྱི་རིག་གཞུང་འདི་འཛམ་བུ་གླིང་སྤྱི་ལ་མཁོ་བའི་རིག་གཞུང་ཞིག་ཡིན་སྐོར་བཀའ་སྩལ་དང་འབྲེལ། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་སྐོར་ཡོད་པ་དང་། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་རྗེས་ཁོང་གི་ཆོས་ཚུལ་སྤུས་དག་ཆ་ཚང་བ་བདག་པོ་རྒྱག་མཁན་ནི་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ཚོ་ཡིན་པ་མཐོང་ཆོས་སུ་ཡིན་ཞིང་། བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པར་སློབ་གཉེར་ཐད་ལོ་སྟོང་ཕྲག་རིང་ཚིག་དོན་དང་བསླབ་གསུམ་ཉམས་ལེན་བྱ་རྒྱུ་ཡོད་པ་ཞིག་རེད་ཅེས་བཀའ་སྩལ་འདུག

པར་དབང་། Tibet.net

དེ་བཞིན་མགོན་པོ་༧གང་ཉིད་མཆོག་སྐུ་ན་ཆུང་དུས་ཡོངས་འཛིན་རྣམ་པ་ཚོས་སྐུ་དྲིན་ལས་སངས་ཀྱི་ཆོས་ཚུལ་ལ་སློབ་གཉེར་མཛད་རྗེས་དགུང་ལོ་ནར་སོན་སྐབས་ཚིག་བཟང་དོན་རྒྱ་ཆེ་བའི་ངོས་འཛིན་ཡོང་གི་འདུག་པ་དང་། ལྷག་པར་བོད་གངས་ཅན་ལྗོངས་ཀྱི་ས་ཁུལ་ཚང་མར་བོད་ཀྱི་སྲོལ་རྒྱུན་གྱི་སངས་རྒྱས་པའི་ཆོས་ཚུལ་ལ་གོམས་གཤིས་དང་སློབ་གཉེར་ཡོད་པ་དེ་ལྟར་ཡང་། བར་སྐབས་རྐྱེན་ངན་མང་པོའི་ཁྲོད། གཙོ་ཆེ་ཤོས་བོད་རྒྱ་ཆེ་མི་མང་ཚོས་སྙིང་སྟོབས་དང་ལྷག་བསམ་འགྱུར་མེད་གནས་པའི་ཐོག་མགོན་པོ་༧གང་ཉིད་མཆོག་ལ་རེ་བ་བཅོལ་གྱི་ཡོད་སྟབས། ད་བར་ཁོང་རྣམ་པའི་གནས་སྐབས་དང་མཐར་ཐུག་གི་རེ་འདུན་ཇི་ཡོད་སྒྲུབ་ཐུབ་པའི་སྨོན་ལམ་ཙམ་མིན་པར་ལག་ལེན་གང་ཐུབ་མཛད་བཞིན་ཡོད་ཅེས་བཀའ་སྩལ་བ་མ་ཟད། ད་དུང་ཡང་དགུང་ལོ་བརྒྱ་ལྷག་སྐུ་བཞུགས་མཛད་རྒྱུ་དང་། གཟིམ་ལམ་དུ་༧དཔལ་ལྡན་ལྷ་མོས་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་སྐུ་འཚོ་བཞུགས་ཐུབ་པའི་ལུང་བསྟན་ཕེབས་མྱོང་ཡོད་པ་ཐུགས་དྲན་གསོ་མཛད་འདུག

Photo: OHHDL

ལྷག་པར་བར་སྐབས་འཛམ་བུ་གླིང་འདིའི་སྟེང་བོད་ཀྱི་གནས་ཚུལ་གསལ་པོ་ཆགས་ཡོང་དུས་བོད་ཀྱི་ནང་ཆོས་དང་འབྲེལ་བ་མེད་མཁན་གྲོགས་པོ་མང་པོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་མོས་བྱེད་ཀྱི་ཡོད་པ་དང་། རྒྱ་མི་གུང་ཁྲན་གྱི་བོད་རིགས་རྣམས་ལ་མཐོང་ཆུང་ཁྱད་བསོད་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། རིམ་པས་རྒྱ་རིགས་ནང་གི་དཔོན་རིགས་མང་པོས་བོད་ཀྱི་གོམས་གཤིས་ལ་དགའ་མོས་བྱེད་ཀྱི་འདུག་ཅེས་བཀའ་སྩལ་འདུག

Photo: OHHDL

བཀའ་སློབ་གྲུབ་རྗེས་༧གོང་ས་མཆོག་ནས་དད་ལྡན་པ་ཚོར་ཆོས་འབྲེལ་མ་སྩལ་གོང་དེ་སྔོན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟིམ་ལམ་བྱུང་བའི་ཐུགས་དྲན་གསོ་དང་འབྲེལ། ད་ལྟ་བར་སྟོན་པའི་ཞབས་འདེགས་གང་འཚམས་གྲུབ་ཡོད་ཅིང་། མ་འོངས་པ་ལའང་ལྷ་མོས་ལུང་བསྟན་བཞིན་ལོ་བཅུ་ཕྲག་གཉིས་གསུམ་བསྟན་པའི་བྱ་བ་བསྒྲུབ་པར་ཧུ་ཐག་མཛད་རྒྱུའི་བསྐྱར་ནན་དང་། ཆོས་གསུམ་བོད་རིགས་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་སྣང་ཡོད་མཁན་ཚང་མས་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱོས་ཞེས་བཀའ་སྩལ་འདུག

དེའི་རྗེས་སུ་དད་ལྡན་པ་རྣམས་ལ་ཆོས་འབྲེལ་བཀའ་དྲིན་སྩལ་སྐབས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད་དེ་རང་གཞན་དོན་གྲུབ་པར་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་དེ་གལ་ཆེན་པོ་ཡིན་པ་དང་། མགོན་པོ་༧གང་ཉིད་མཆོག་གི་ངོས་ནས་ཆོས་ལུགས་ཚང་མར་གུས་བརྩི་མཛད་ཀྱི་ཡོད་པར། ནང་པ་ཙམ་དུ་མ་ཟད་ཆོས་ལུགས་གཞན་པ་ཚང་མས་རང་གཞན་ཀུན་ལ་ཕན་ཐོགས་བྱ་རྒྱུར་དགོངས་པར་ཆོངས་ཞེས་དང་ཆོས་ཆོས་སུ་འགྲོ་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད་པ་མ་ཟད། ཐུབ་པའི་མཚན་སྔགས་དང་སྒྲོལ་མའི་གཟུངས་སྔགས། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས། རྟ་མགྲིན་གྱི་གཟུངས་སྔགས། སྨན་ལྷའི་གཟུངས་སྔགས། དེ་བཞིན་སློབ་དཔོན་ཐུགས་རྗེ་ཆེན་པོས་མཚན་སྔགས་བཅས་ཀྱི་བཟླས་ལུང་བཀའ་དྲིན་ཆེ་བ་སྩལ་ཡོད། 

Photo: OHHDL

ཆོས་འབྲེལ་གྲུབ་མཚམས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་སོག་རིགས། ཧི་མ་ལ་ཡའི་མི་རིགས་སོགས་ནས་མགོན་པོ་༧གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། མཛད་རིམ་ཁྲོད་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གཞས་ཁག་གཅིག་གཟིགས་འབུལ་ཞུས་ཡོད་པ་མ་ཟད། ཐེངས་འདིའི་༸གོང་ས་༸སྐྱབས་མཆོག་ཨ་རིར་ཆིབས་བསྒྱུར་དང་། ཞབས་པུས་སྨན་བཅོས་སོགས་ཀྱི་མཐུན་འགྱུར་གནང་མཁན་ Sam སེམ་ལགས་དང་། Carol Nappi ཁེ་རོལ་ནེ་པི་ལགས་སྟངས་དཔྱལ་རྣམ་པ་གཉིས་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་གནང་ཡོད་པ་རེད། 

གཞི་རྩའི་བྱང་ཨ་རིའི་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་སྒྲུབ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་ཁྲོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུའི་ཞབས་པུས་སྨན་བཅོས་གྲུབ་རྗེས་སྐུ་ཁམས་དྭངས་སྐྱེད་མྱུར་དུ་འབྱུང་བཞིན་པར་ཕྱི་ནང་དད་ལྡན་ཡོངས་ཀྱི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། ད་ཆ་སྐུའི་འཕྲོད་བཞེས་སྦྱོང་བརྡར་མཛད་མུས་ཐོག་སྐུ་ཁམས་དྭངས་སྐྱེད་ཡོང་བཞིན་ཡོད་ཀྱང་། ས་ཕྱོགས་གང་ས་ནས་རེ་སྐུལ་ཤུགས་ཆེ་བྱུང་དོན་གཞིར་བཟུང་གསོལ་འདེབས་ཇི་ལྟར་ཞུས་པ་བཞིན། བྱང་ཨ་རིའི་བོད་མི་དང་སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ལ་དངོས་སུ་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་སྐལ་བཟང་གོ་སྐབས་གསོལ་སྩལ་བྱུང་བར་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུས་ཏེ། མགོན་པོ་༧གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་སྤྱི་དང་། ལྷག་པར་ཐུགས་བསྐྱེད་དམ་བཅའ་བཞི། ཡང་སྒོས་ལེགས་བཤད་གསར་པ་ཆོས་ལུགས་ལ་མ་རྟེན་པའི་བཟང་སྤྱོད་སློབ་གསོ་ཕྱི་ནང་སྤྱི་ཚོགས་ནང་ཁྱབ་སྤེལ་དང་ལག་ལེན་གང་ཐུབ་ཞུ་རྒྱུ་དམ་བཅའ་ཞུས་སོང་མ་ཟད། བརྟན་བཞུགས་སྔོན་འགྲོའི་ཚེ་སྒྲུབ་ཞབས་རིམ་གསོག་སྒྲུབ་ཐད་ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པས་ཞུ་གནང་ཡོང་བའི་རེ་སྐུ་ཞུས་པ་བཞིན་ཐུགས་རྗེ་ཆེ་ཞུ་དང་འབྲེལ། མགོན་པོ་༧གང་ཉིད་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་སོང་།

PHoto: OHHDL

ད་རེས་ཀྱི་བརྟན་བཞུགས་སྐབས་མི་གྲངས་ ༡༧༠༠༠ ལྷག་ཆེད་བཅར་ཞུས་ཡོད་པ་རེད་འདུག

Photo: Uzra Zeya X (Twitter)

གཞ་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་མ་ཞུས་གོང་ཚེས་ ༢༡ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་། ཨ་རི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་ལྕམ་ Kelly Razzouk མཆོག་གཉིས་ནེའུ་ཡོག་གྲོང་ཁྱེར་ནང་ཆེད་ཕེབས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་འཕེལ་ཨ་རིས་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། བོད་རྒྱ་གྲོས་མོལ་བསྐྱར་གསོ་སླད་དུ་ཨ་རིས་ངོས་ནས་འབད་བརྩོན་ཇི་གནང་མངོན་གསལ་གནང་བ་དང་འབྲེལ། ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mao Ning གིས་བཤད་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་གང་འདྲ་ཞིག་གི་ནང་ཕེབས་ཀྱི་ཡོད་རུང་ཡུལ་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལུགས་དང་། ལྷག་པར་ཨ་རིའི་ནང་ཆབ་སྲིད་ཀྱི་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་སྤེལ་བར་ཆོག་མཆན་སྤྲོད་ཀྱི་མེད་པ་མ་ཟད། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞེས་པ་དེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱེད་མཁན་ཡིན་ལུགས་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།