Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད།

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ Ithaca ནང་མགོན་པོ་༸གང་ཉིད་མཆོག་གི་༸མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཞིག་གསར་བཞེངས་ལེགས་གྲུབ་བྱུང་བར་འཚམས་འདྲི་དང་འབྲེལ་ཏེ། ཆོས་ཚོགས་རྣམས་ནས་ཉིན་རེའི་ཞལ་འདོན་གནང་རྒྱུ་ཙམ་མིན་པར་ནང་ཆོས་ཀྱི་འགྲོ་སྟངས་ལ་སློབ་གཉེར་གནང་སྟེ་གཞན་ལ་དེ་དག་ངོ་སྤྲོད་གནང་དགོས་པར་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

ཟླ་ ༩ ཚེས་ ༨ རེས་གཟའ་པ་སངས་ཉིན་ནིའུ་ཡོག་ Ithaca རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་དུ་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་དང་བཞུགས་སྒར་དྷརྨ་སཱ་ལཱ་ནས་ཕེབས་པའི་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་མཆོག དེ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་གཙོས་བསྟི་གནས་ཁང་གི་སྦྱིན་བདག་ལྕམ་སྐུ་ Dian brendam Bagh ལགས། བྱང་ཨ་རི་སྐུ་ཚབ་དོན་གཅོད་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་རྒྱབ་སྐྱོར་བ་སྐུ་མགྲོན་རྣམ་པ་སོགས་ལྷན་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་འདྲ་ཞལ་འབྱེད་དང་རབ་གནས་སོགས་གནང་སྟེ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཡོད།

སྐབས་དེར་ཨི་ཐི་ཁ་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་གི་འགན་འཛིན་བསྟན་འཛིན་ཆོས་བཟང་ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛད་ཁང་དེ་ལྟ་བུ་ཆེད་འཛུགས་གནང་བའི་དགོས་དམིགས་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་སོགས་ལ་སློབ་གཉེར་གྱིས་དེ་དག་ལག་ལེན་དོན་འཁྱོལ་ཐུབ་ཐབས་སུ་ཚང་མས་མགོན་པོ་༸གང་ཉིད་མཆོག་གི་ལེགས་བཤད་རྣམས་ལ་སློབ་སྦྱོང་དང་དཔེ་ཀློག་གནང་ཡུལ་བསྐྲུན་ཕྱིར་དམིགས་པ་ཞིག་ཆགས་ཡོད་པ་སོགས་ངོ་སྤྲོད་གནང་འདུག

ཐེངས་འདིའི་དཔེ་མཛོད་ཁང་གསར་བཞེངས་ལེགས་གྲུབ་བྱུང་བའི་མཛད་སྒོ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་སྩལ་བའི་ནང་། ཨ་རི་ས་གནས་སུ་བོད་ཀྱི་ཆོས་རིག་ཤེས་ཡོན་གྱི་བསྟི་གནས་ཁང་འདི་ལྟ་བུ་ཞིག་གསར་སྐྲུན་བྱས་པ་དེ་འཛམ་གླིང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་བརྒྱུད་ནང་བསྟན་དང་སེམས་ཁམས་རིག་པར་དམིགས་བསལ་གྱིས་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་དག་ལ་བསམ་པའི་རེ་བ་བསྐོང་ཐུབ་པ་དང་འགྲོ་བ་མིའི་སེམས་ནང་བྱམས་བརྩེ་དང་ཞི་བདེའི་ས་བོན་བསྐྲུན་རྒྱུ་བཅས་ཀྱི་དུས་ཐོག་གི་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་ཡིན་པས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བར་མ་ཟད། ༸དཔལ་ནཱ་ལེནྜའི་ཆོས་བརྒྱུད་ལ་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་པ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་དུ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་ཆོས་ལ་སློབ་སྦྱོང་བྱེད་དགོས་པར་བཀའ་སྩལ་མཛད་ཀྱི་ཡོད་སྐོར་དང་ལྷག་དོན་དེ་སྔ་སློབ་གྲྭ་ཁག་ཏུ་ཆོས་དགེ་ཞེས་པའི་ཐ་སྙད་ཚབ་ཏུ་ལྟ་གྲུབ་དགེ་རྒན་ཞེས་བཅོས་གནང་མཛད་ཡོད་པ་དང་། ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གི་དགོངས་པ་བཞིན་བཙན་བྱོལ་དུ་འབྱོར་རྗེས་བཙུན་མ་རྣམས་ནས་སྔར་ལམ་ལྟར་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་སླད་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་གྱིས་དགེ་བཤེས་མ་ཐོན་མཁན་བྱུང་ཡོད་སྐོར་བཀའ་སྩལ་ཏེ་ཆོས་ཚོགས་ཚོས་ཉིན་རེའི་ཞལ་འདོན་གནང་རྒྱུ་ཙམ་མིན་པར་ནང་ཆོས་ཀྱི་འགྲོ་སྟངས་ལ་སློབ་གཉེར་གནང་སྟེ་གཞན་ལ་དེ་དག་ངོ་སྤྲོད་གནང་དགོས་པར་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

དེ་བཞིན་༸གོང་ས་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་དུ་འཛམ་གླིང་གང་སར་སེམས་ཀྱི་ཞི་བདེ་ཁྱབ་སྤེལ་མཛད་ཕྱིར་ཐུགས་འགན་གཙོ་བཞེས་མཛད་བཞིན་ཡོད་པའི་ཁྲོད་ནུབ་ཕྱོགས་ཀྱི་ཚན་རིག་པ་མང་པོ་དང་མཇལ་མོལ་མཛད་པར་བརྟེན་ད་ཆ་ཚན་རིག་པ་རྣམས་ཀྱིས་སེམས་ཀྱི་ཞི་བདེ་གནད་ཆེར་ངོས་འཛིན་བཞིན་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག ཁོང་ཁྲོ་དང་རྣམ་རྟོག་བྲལ་བའི་སེམས་ཀྱི་ཞི་བདེ་ཡོད་ཚེ་ལུས་སེམས་གཉིས་ཞི་ལྷོད་ངང་གནས་ཐུབ་པ་ཞིག་ཡིན་པར་བཀའ་སྩལ་ཡོད།

རྩ་བའི་རེས་གཟའ་པ་སངས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་ཞིག་དབུ་འབྱེད་ཀྱི་མཛད་སྒོ་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་དཔེ་མཛོད་ཁང་དུ་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་རྣམ་གཞག་དང་འབྲེལ་བའི་གཞུང་ལུགས་ཐོག་བགྲོ་གླེང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།