Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སྲིད་བློན་མོ་དྷི་མཆོག་དང་ཁོང་གི་ཆབ་སྲིད་ཚོགས་པའི་རྒྱལ་ཁ་ལ་འཚམས་འདྲི།

Tibetan News Headlines

  • In conversation with Geshe Thupten Jinpa on current status and future prospects of Tibetan Buddhism

རེས་གཟའ་ཉི་མ། ༢༠༢༤།༠༦།༣༠

  • བོད་བརྒྱུད་ནང་བསྟན་གྱི་མ་འོངས་གནས་བབ་སོགས་དང་འབྲེལ་ནས་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མོ་དྷི་མཆོག་དང་ཁོང་གི་ཆབ་སྲིད་ཚོགས་པས་སྣེ་ཁྲིད་བྱས་པའི་ NDA ཞེས་མཐུན་ཕྱོགས་ཆབ་སྲིད་ཚོགས་པས་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་བྱུང་བར་འཚམས་འདྲི་མཛད་འདུག

Dalai Lama

༸གོང་ས་མཆོག་གི་སྲིད་བློན་མོ་དྷི་མཆོག་གི་མཚན་ཐོག་ཏུ་བསྩལ་བའི་འཚམས་འདྲི་དེའི་ནང་རྒྱ་གར་གྱིས་འཛམ་གླིང་ནང་ནས་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཨང་གཉིས་པ་དེ་ཡིན་པའི་འགན་འཁྲི་ལེགས་པར་འཁུར་བཞིན་པ་གཟིགས་དུས་ཐུགས་གྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ། འོས་བསྡུའི་ལས་རིམ་ལ་གཟིགས་ནས་རྒྱ་གར་གྱི་མི་མང་གིས་རང་གི་མང་གཙོའི་རིན་ཐང་ལ་ཇི་ཙམ་བརྩི་འཇོག་གནང་གི་ཡོད་མིན་གསལ་པོར་མངོན་ཐུབ་རྒྱུ་ཙམ་མ་ཟད། རྒྱ་གར་ནི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གནའ་བོའི་རིག་གནས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ནི་རྒྱལ་ཁབ་མང་པོའི་ཁྲོད་ནས་འགོ་ཁྲིད་ཅིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་སྲིད་བློན་མོ་དྷི་མཆོག་གི་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པའི་རྒྱལ་ཁ་འདི་དང་བསྟུན་རྒྱ་གར་གཞུང་དང་མི་མང་གཉིས་ནས་བོད་མི་ཡོངས་ལ་སྣེ་ལེན་གཟབ་རྒྱས་ཞུས་པར་བཀའ་དྲིན་ཆེ་ཞེས་བཀའ་སྩལ་བ་དང་སྦྲགས། བོད་མི་རྣམས་ཀྱིས་བཙན་བྱོལ་དུ་རང་དབང་དང་ཞི་བདེའི་ངང་ནས་རང་ཉིད་ཀྱི་གནའ་བོའི་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་པ་དེ་ནི་རྒྱ་གར་གཞུང་གིས་རྒྱུན་དུ་བྱམས་བརྩེ་དང་གཏོང་ཕོད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད་བོད་མི་ཚོས་ཀྱང་རྒྱ་གར་གྱི་མི་རབས་གསར་པའི་ཁྲོད་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་དང་གོ་རྟོགས་སྤེལ་རྒྱུར་ལམ་ལྷོང་བྱུང་ཡོད་པ་བཀའ་སྩལ་འདུག

HHDL congrats Modi

འཚམས་འདྲིའི་མཇུག་ཏུ་སྲིད་བློན་མོ་དྷི་མཆོག་ནས་སླར་ཡང་ལས་འཁུར་གསར་པ་ཞིག་བཞེས་རྒྱུའི་གྲ་སྒྲིག་གནང་བཞིན་པའི་སྐབས་འདིར་རྒྱལ་ཁབ་ཆེན་པོ་འདིའི་མི་མང་གི་རེ་འདོད་སྐོང་རྒྱུར་ད་དུང་ཡང་དཀའ་ངལ་ལ་གདོང་ལེན་གནང་དགོས་པ་མ་ཟད། མ་འོངས་ལས་དོན་མཐའ་དག་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་མཛད་འདུག

གཞི་རྩའི་རྒྱ་གར་ནང་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཁྱོན་ཉིན་གྲངས་ ༤༤ ཙམ་གྱི་རིང་རིམ་པ་བདུན་ཙམ་བྱས་ཏེ་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་སྟེ་ཁ་སང་རྒྱ་གར་དབུས་འོས་བསྡུ་ལས་ཁུངས་ནས་འོས་ཤོག་ས་ཡ་ ༦༠༠ ལྷག་གྲངས་བཤེར་ཁྲོད་ཡུལ་དེའི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཏེ་ད་ལྟའི་གཞུང་འཛིན་ BJP དང་ཚོགས་པ་དེས་སྣེ་ཁྲིད་བྱས་པའི་ NDA ཞེས་མཐུན་ཕྱོགས་ཆབ་སྲིད་ཚོགས་པ་ཐུན་མོང་ལ་གྲོས་ཚོགས་ཀྱི་ཞབས་ཀྱག་ ༢༩༣ དང་ཕྱོགས་འགལ་ Congress ཚོགས་པས་སྣེ་ཁྲིད་པའི་ India Alliance གནའ་འབྲེལ་ཆབ་སྲིད་ཚོགས་པར་གྲངས་ ༢༣༢ ཆགས་ཀྱི་ཡོད་པ་དང་། ཆབ་སྲིད་ཚོགས་པ་སུ་རུང་ནས་གཞུང་འཛིན་བྱས་པར་ཉུང་མཐར་འོས་གྲངས་ ༢༧༣ དགོས་ཀྱི་ཡོད་པ་རེད།

India Election 2024 result

འབྲེལ་ཡོད་གསར་གནས།

གསར་གནས།