Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སྲིད་བློན་མོ་དྷི་མཆོག་ལ་ Nalanda གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་ཐད་འཚམས་འདྲི་མཛད་པ།

Tibetan News Headlines

  • US Religious Freedom report highlights China’s persecution of Tibetan Buddhism in Tibet
  • Representative Kelsang Gyaltsen meets deputy minister of Taiwan’s ministry of the interior
  • Thousands of Chinese tech workers fails to get Indian visa over security concerns
  • ORTC holds training on organic agriculture and watershed management for Tibetan settlement officers

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༧

  • རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
  • ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།
  • རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་ནག་གི་འཕྲུལ་རིགས་ལས་མི་སྟོང་ཕྲག་མང་པོར་རྒྱ་གར་གྱི་མཐོང་མཆན་རག་གི་མེད་པ།
  • སོ་ནམ་གཞིས་ཆགས་ཁག་ ༡༢ ཡི་ས་གནས་འགོ་འཛིན་རྣམས་ལ་སོ་ནམ་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་ལ་རྒྱ་གར་བི་ཧཱར་མངའ་སྡེའི་རཱ་ཇིར་གྷིར་གྲོང་ཁྱེར་དུ་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་གསར་པའི་དབུ་འབྱེད་མཛད་སྒོའི་རྟེན་འབྲེལ་དུ་འཚམས་འདྲིའི་ཕྱག་བྲིས་ཤིག་སྩལ་འདུག

༸གོང་ས་མཆོག་གིས་ནཱ་ལེནྡྲ་མཐོ་སློབ་དངོས་ནི་དེ་སྔ་སློབ་གཉེར་གྱི་བསྟི་གནས་ཤིག་ཏུ་འཛམ་གླིང་ཤར་ཕྱོགས་སུ་ཉི་མ་ལྟར་གསལ་ཡོད་པ་དང་། Nalanda ནང་དུ་ཞིབ་འཇུག་གཏིང་ཟབ་དང་བགྲོ་གླེང་། རྩོད་སྒྲུབ་བཅས་ཀྱི་རྩ་བ་ཚུགས་པའི་ཤེས་ཡོན་དར་རྒྱས་བྱུང་སྟེ། ཨེ་ཤེ་ཡའི་ས་ཕྱོགས་གང་ས་ནས་སློབ་མ་རྣམས་ཡིད་འཕྲོག་སའི་བསྟི་གནས་ཞིག་ཡིན་པ་དང་འབྲེལ། བསྟི་གནས་དེའི་ནང་དུ་ལྟ་གྲུབ་རིག་པ་དང་། ཚན་རིག ཨང་རྩིས། གསོ་བ་རིག་པ་བཅས་ཀྱི་སྟེང་དུ། གནའ་བོའི་རྒྱ་གར་གྱི་སྙིང་རྗེ་དང་འཚེ་བ་མེད་པའི་ལམ་སྲོལ་ཐོག་ལ་སློབ་ཁྲིད་གནང་གི་ཡོད་པ་དེ་དག དེང་དུས་ཀྱི་འཛམ་གླིང་འདི་ལ་ཡང་གལ་ཆེན་ཡིན་པར་མ་ཟད་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་པ་བཀའ་སྩལ་འདུག 

དཔལ་ནཱ་ལེནྡྲ་སློབ་མ་ཚོར་བཟང་པོའི་རིན་ཐང་དེ་དག་གི་ཐོག་ལ་ཞི་གནས་དང་ལྷག་མཐོང་སྐྱེད་བྱེད་ཀྱི་རྒྱ་གར་གྱི་སྲོལ་རྒྱུན་གྱི་སྒོམ་སྒྲུབ་ཉམས་ལེན་ལས་བྱུང་བའི་སེམས་དང་སེམས་བྱུང་གི་བྱེད་ལས་སྐོར་གྱི་གོ་རྟོགས་འཐུས་ཚང་ཞིག་སྐྱེས་ཡོད་སྐོར་དང་འབྲེལ། དཔལ་ནཱ་ལེནྡྲའི་ལྟ་སྒྲུབ་ཀྱིས་རྒྱུ་མཚན་དང་རིག་པས་དཔྱད་པ་མཐིལ་ཕྱིན་པའི་ལམ་ནས་ཡོན་ཏན་འདི་དག་ལ་འགྲེལ་བརྗོད་བྱེད་སྟངས་དེས་འགྲོ་བ་མིའི་རིགས་སྤྱི་ལ་ཕན་བདེ་བསྒྲུབ་སླད་དེང་རབས་ཀྱི་ཤེས་ཡོན་དང་ལྷན་དུ་བདེ་བླག་ཏུ་སྦྲེལ་ཐུབ་པའི་ཡིད་ཆེས་ཡོད་པ་བཀའ་སྩལ་འདུག 

མགོན་པོ་མཆོག་གིས་ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་བརྒྱུད་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ནུས་པ་ཆེན་པོ་ཡོད་པ་ལྟར། དེང་སྐབས་རྒྱ་གར་རྒྱལ་ཡོངས་དང་སྒོས་སུ་གཞོན་སྐྱེས་ཚོའི་ཁྲོད་དུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་དང་རིག་གཞུང་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པ་དེས་མགོན་པོ་མཆོག་ལ་ཐུགས་འགུལ་ཆེན་པོ་སྐྱེད་བཞིན་ཡོད་སྐོར་དང་འབྲེལ། མགོན་པོ་མཆོག་སྐུ་ཉིད་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་ལ་དོ་སྣང་དང་གོ་རྟོགས་སྤེལ་རྒྱུའི་ཐད་ཐུགས་འཁུར་ཆེན་པོ་མཛད་ཀྱི་ཡོད་པ་བཞིན། ལོ་རྒྱུས་རང་བཞིན་ལྡན་པའི་ས་གནས་འདིར་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་གསར་པ་ཞིག་གསར་འཛུགས་བྱས་པ་ནི་ངོ་མཚར་སྐྱེ་འོས་པ་ཞིག་ཡིན་པ་དང་། སྒྲིག་འཛུགས་དེ་ཉིད་དར་ཞིང་རྒྱས་པའི་ཐུགས་སྨོན་བཀའ་དྲིན་མཛད་འདུག

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།