Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཨ་རུ་ན་ཅལ་དང་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་གཉིས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིོས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་དང་འབྲས་ལྗོངས་གཉིས་ཀྱི་མངའ་སྡེའི་འོས་བསྡུ་ཆེན་མོའི་ཁྲོད་མངའ་སྡེ་དེ་དག་གཉིས་ཀྱི་སྤྱི་ཁྱབ་བློན་ཆེན་ལས་ཐོག་གཉིས་པོ་ལ་ཆེས་མང་མོས་ཀྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པ་དང་འབྲེལ། སྤྱི་ཁྱབ་བློན་ཆེན་རྣམ་པ་གཉིས་ནས་ས་གནས་ས་ཐོག་གི་མང་ཚོགས་དབུལ་ཕོངས་རྣམས་ཀྱི་བདེ་དོན་སླད་ཕྱག་ལས་སྔར་ལྷག་གནང་དགོས་པའི་ལམ་སྟོན་མཛད་འདུག

HHDL greets CMs

དེའང་འདས་པའི་སྥྱི་ཟླ་ ༤ པའི་ཚེས ༡༩ ཉིན་ཨ་རུ་ན་ཅལ་དང་འབྲས་ལྗོངས་མངའ་སྡེའི་གཉིས་ཀའི་ནང་གྲོས་ཚོགས་ཀྱི་འོས་བསྡུའི་ལས་རིམ་ཚོགས་པ་ལྟར། ཁ་སང་སྥྱི་ཚེས་ ༢ ཉིན་འོས་བསྡུའི་གྲུབ་འབྲས་ཡོངས་གྲགས་གནང་བའི་ཁྲོད་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་སུ་རྐུབ་སྟེགས་ ༦༠ ཡོད་པའི་ཁོངས་ནས་སྐུ་ཞབས་པདྨ་མཁའ་འགྲོ་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པ་ BJP ལ་རྐུབ་སྟེགས་ ༤༦ ཐོབ་པ་དང་། དེ་བཞིན་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ནང་རྐུབ་སྟེགས་སྡོམ་ ༣༢ ཡོད་པ་ནས་ད་ལྟའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang Golay ལགས་ཀྱིས་སྣེ་ཁྲིད་གནང་བའི་ SKM ཆབ་སྲིད་ཚོགས་པར་རྐུབ་སྟེགས་ ༣༡ ཐོབ་འདུག

༸གོང་ས་མཆོག་གིས་དེ་རིང་སྤྱི་ཁྱབ་བློན་ཆེན་རྣམ་པ་གཉིས་ལ་འཚམས་འདྲིའི་ཕྱག་བྲིས་སྩལ་བ་དེའི་ནང་། སྤྱི་ཁྱབ་བློན་ཆེན་རྣམ་པ་གཉིས་ཀྱི་སྣེ་ཁྲིད་འོག་མངའ་སྡེ་དེ་དག་གཉིས་ཀྱི་ནང་ཚད་མཐོ་བའི་ཡར་རྒྱས་གོང་འཕེལ་བྱུང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། མ་འོངས་པར་མུ་མཐུད་ས་གནས་མང་ཚོགས་ཀྱི་མངོན་འདོད་དང་རེ་བ་བསྒྲུབ་རྒྱུར་དཀའ་ངལ་ཇི་འཕྲད་ལ་གདོང་ལེན་གྱིས་ལམ་ལྷོང་ཡོང་བའི་སྨོན་འདུན་མཛད་པ་དང་ཆབས་གཅིག ས་གནས་ས་ཐོག་གི་མང་ཚོགས་དབུལ་ཕོངས་རྣམས་ཀྱི་བདེ་དོན་སླད་ཕྱག་ལས་སྔར་ལྷག་གནང་དགོས་པའི་ལམ་སྟོན་ཡང་མཛད་འདུག

གཞི་རྩའི་ཨ་རུ་ན་ཅལ་དང་འབྲས་ལྗོངས་གཉིས་ཀའི་ནང་རྒྱལ་ཁ་ཐོབ་མཁན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་ Prem Singh Tamang Golay མཆོག་རྣམ་པ་གཉིས་ཀ་བོད་ཀྱི་རྒྱུན་རིང་གྲོགས་པོ་ཞིག་དང་། ༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་ཞུ་མཁན་ཞིག་ཡིན་པ་མ་ཟད། སྐུ་ཞབས་ Golay མཆོག་ལ་མཚོན་ན་སྔ་ལོ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པ་མཆོག་འབྲས་ལྗོངས་སུ་གདན་ཞུ་ཕུལ་བ་མ་ཟད། དེ་འབྲེལ་བཞུགས་སྒར་དུ་ཆིབས་བསྒྱུར་ཡང་གནང་མྱོང་ཡོད་པ་རེད།

འབྲས་ལྗོངས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang Golay ལགས་ཀྱིས་ད་རེས་འོས་བསྡུའི་ཁྲོད་ཁོང་གི་ཆབ་སྲིད་ཚོགས་པ་ SKM ལ་རྐུབ་སྟེགས་ ༣༢ ནས་ ༣༡ ཐོབ་པ་བཅས་དེ་ལྟ་བུའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་དེ་ནི་མང་ཚོགས་ཀྱིས་ཁོང་གི་སྣེ་ཁྲིད་པའི་གཞུང་གི་སྲིད་ཇུས་ཁག་ལ་རྒྱབ་སྐྱོར་གནང་གི་ཡོད་པའི་མཚོན་དོན་ཞིག་ཡིན་པ་དང་། ཁོང་ནས་མ་འོངས་པར་མངའ་སྡེའི་བེུད་དང་སློབ་ཕྲུག དེ་བཞིན་གཞོན་སྐྱེས་ཚོའི་བདེ་དོན་སླད་ཕྱག་ལས་གང་ཐུབ་གནང་རྒྱུ་ཡིན་པའི་ཁས་ལེན་ཞུས་འདུག

HHDL greets CMs

དེ་བཞིན་ཁ་སང་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་མ་འོངས་ལོ་ལྔའི་ལས་དོན་དང་འབྲེལ་དྲི་བར་ལན་འདེབས་ཁྲོད་ཁོང་གིས་ད་རེས་ཀྱི་འོས་བསྡུའི་ཁྲོད། ཁོང་གི་ཆབ་སྲིད་ཚོགས་པ་ BJP ལ་གྲོས་ཚོགས་ཀྱི་རྐུབ་སྟེགས་ ༦༠ ནས་ ༤༦ བཅས་ཆེས་མང་མོས་ཀྱི་རྒྱལ་ཁ་ཐོབ་པ་དེ་ཉིད་ཨ་རུ་ན་ཅལ་དང་དམིགས་བསལ་གྱིས་ BJP ཆབ་སྲིད་ཚོགས་པ་ཆེད་དུ་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་སྐོར་གསུངས་པ་མ་ཟད། འཕགས་བོད་ས་མཚམས་ཀྱི་གནད་དོན་དང་འབྲེལ། ས་མཚམས་སུ་འགྲེམ་འཇོག་བྱས་ཡོད་པའི་དམག་དཔུང་རྣམས་ལ་ཆེ་བསྟོད་ཀྱིས་བསྔགས་བརྗོད་གནང་བ་མ་ཟད། འཕགས་བོད་གཉིས་ཀྱི་ས་མཚམས་རྙོག་གླེང་ཐད་ད་ལྟའི་ཆར་སེམས་འཚབ་བྱ་དགོས་པའི་རྒྱུ་རྐྱེན་གང་ཡང་མེད་པ་དང་། གནད་དོན་རིགས་བྱུང་ཚེ་རྒྱ་གར་ཕྱི་སྲིད་ལྷན་ཁང་ངོས་ནས་དེར་གདོང་ལེན་བྱ་ཡི་རེད་ཅེས་འགྲེལ་བརྗོད་གནང་འདུག

དེའི་བར་ན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་རང་ཉིད་ཀྱི་ Twitter X དྲ་ལམ་ཐོག་སྐུ་ཞབས་པད་མ་མཁའ་འགྲོ་མཆོག་ལ་སླར་ཡང་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་འབྲེལ། ཁོང་ལ་དེ་ལྟ་བུའི་རྒྱལ་ཁ་ཐོབ་པ་དེ་ནི་མང་ཚོགས་ཀྱིས་ཁོང་གིས་སྣེ་ཁྲིད་པའི་གཞུང་ལ་ཡིད་ཆེས་བློས་སྐྱེལ་ཇི་ཙམ་ཡོད་པ་གསལ་དོན་བྱེད་ཀྱི་ཡོད་སྐོར་གསུང་པ་མ་ཟད། ཨ་རུ་ཅལ་མངའ་སྡེའི་ནང་བདེ་སྐྱིད་དང་ཡར་རྒྱས་གོང་འཕེལ་མུ་མཐུད་ཡོང་བའི་འཚམས་འདྲི་སྨོན་འདུན་ཞུས་འདུག་པ་དང་། ལྷག་པར་ཐེངས་འདིའི་གོ་སྐབས་ཆེས་བཞེས་ཀྱིས་ཁོང་གིས་ད་བར་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

sikyong-penpa-tsering

འབྲེལ་ཡོད་གསར་གནས།

གསར་གནས།