Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ནིའུ་ཡོག་གསོལ་མགྲོན་ཁང་ནས་ཆིབས་ཞལ་བསྒྱུར་བ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་ཏུ་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་ནས་ཉིན་བཅུ་གཅིག་ཙམ་འགྲོ་བཞིན་པའི་ཁྲོད་འདིར། ཁ་སང་ཕྱི་ཚེས་ ༨ ཉིན་གྱི་ས་གནས་ཀྱི་སྔ་དྲོའི་ཕྱག་ཚོད་ ༧ ཙམ་ལ་བཞུགས་གནས་གསོལ་མགྲོན་ཁང་ནས་ས་གནས་གཞན་ཞིག་ཏུ་༸སྐུ་ལྷོད་བཞུགས་ཆེད་ཆིབས་བསྒྱུར་མཛད་འདུག

HHDL New York

ཤེས་རྟོགས་བྱུང་བར་གཞིགས་ན་༸གོང་ས་མཆོག་ནིའུ་ཡོག་གྲོང་ཁྱེར་གྱི་ Syracuse ཁུལ་དུ་ཆིབས་སྒྱུར་གྱིས་ཁུལ་དེར་སྐུ་ལྷོད་བཞུགས་མཛད་པ་དང་འབྲེལ Physiotherapy འམ་ཕྱི་བཅོས་གསོ་ཐབས་མཛད་ཀྱི་ཡོད་པ་རེད་འདུག

ཁ་སང་སྔ་དྲོ་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་ནས་ཆིབས་ཞལ་མཛད་སྐབས་ས་གནས་བོད་མི་མང་དག་ཞིག་གིས་ལག་ཏུ་མཇལ་དར་བསྣམས་ནས་གང་ཉིད་༸སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་ཚིག་དང་བཅས་ཕེབས་སྐྱེལ་ཞུས་འདུག

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་པུས་སྨན་བཅོས་སླད་ཞབས་སོར་འཁོད་པ་དང་འབྲེལ་ཕྱི་ཚེས་ ༢༨ ཉིན་ཞབས་པུས་ཀྱི་སྨན་ཁང་རྩེ་ཕུད་ Hospital of Special Surgery ནང་སྨན་བཅོས་ལེགས་གྲུབ་བྱུང་སྟེ། ཕྱི་ཚེས་ ༢༩ ཉིན་བཟུང་ Park Hyatt གསོལ་མགྲོན་ཁང་དུ་༸སྐུ་བཞུགས་མཛད་མུས་ཡིན་པ་རེད།

HHDL New York

༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཡོག་ཏུ་༸ཞབས་སོར་འཁོད་པ་ནས་བཟུང་ཆིབས་ཞལ་མ་བསྒྱུར་བར་ཉིན་ལྟར་སྔ་དྲོ་ཕྱག་ཚོད་ ༥།༣༠ ཙམ་ནས་ཕྱི་དྲོ་ཕྱག་ཚོད་ ༩། ༠༠ བར་༸རྒྱལ་བའི་བཞུགས་གནས་ Park Hyatt གསོལ་མགྲོན་ཁང་དུ་བོད་མི་ཚོས་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ཞབས་སྐོར་དང་སྨོན་ལམ་ཞུས་པ་མ་ཟད། མགྲོན་ཁང་དེའི་ནང་ཕྱག་ལས་གནང་མཁན་གྱི་བོད་མི་རྣམས་དང་། གཞན་ཡང་བལ་ཡུལ་གློ་ནས་ཕེབས་པའི་དད་ལྡན་པ་ཁག་གཅིག་གིས་མ་སྐུལ་དང་བླངས་ཐོག་མགྲོན་ཁང་དུ་གླིང་སྐོར་རྒྱག་མཁན་རྣམས་ལ་རིན་མེད་ཐོག་འཐུང་ཆུ་དང་མངར་ཆུ་སོགས་བགོས་འགྲེམས་གནང་ཡོད་པ་དང་། ལྷག་པར་ད་ལོའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོར་གསོལ་མགྲོན་ཁང་གི་མདུན་དུ་བོད་མི་ཁག་གཅིག་གིས་མེ་ཏོག་དང་མཇལ་དར། འཕྲེད་དར་སོགས་བཤམས་པ་དང་ཆབས་གཅིག་མང་ཚོགས་ལ་མངར་ཟས་སོགས་བགོས་འགྲེམས་ཀྱི་ལམ་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

HHDL New York

དེ་བཞིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བཞུགས་གནས་མགྲོན་ཁང་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་༸གང་ཉིད་ཀྱི་སྐུ་གཟུགས་གསལ་ཐང་ཡིན་པ་མ་ཟད་ད་དུང་བསྟན་པའི་ཞབས་འདེགས་མུ་མཐུད་བསྒྲུབ་རྒྱུའི་ཐུགས་སེམས་བརྟན་པོ་ཡོད་པས་ཚང་མ་བློ་བདེ་པོ་བྱ་དགོས་པའི་གསུང་འཕྲིན་བསྩལ་ཡོད།

མ་ཟད་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་རྗེས་༸སྐུའི་བླ་སྨན་པ་རྣམ་པ་གཉིས་ནས་མགོན་པོ་༸གང་ཉིད་མཆོག་གི་ཞབས་པུས་ཀྱི་གནས་སྟངས་ཐད་དྲ་ལམ་བརྒྱུད་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སྐབས། མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་ཉིན་ཤས་རྗེས་སུ་ནེའུ་ཡོག་གྲོང་ཁྱེར་ནས་ས་ཁུལ་གུ་ཡངས་བ་དང་། ཁ་རླུང་གཙང་བ། ཡུལ་ལྗོངས་ཡག་པོ་ཡོད་ས་ཞིག་ཏུ་༸སྐུ་ངལ་གསོ་བར་གདན་འདྲེན་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།