༸གོང་ས་མཆོག་བྲོས་བྱོལ་ཕེབས་སའི་ལམ་ཐིག་རྗེས་འདེད་ཀྱིས་གོམ་བགྲོད་ཐེངས་གཉིས་པ་དབུ་འཛུགས།

Tibetan News Headlines

  • Dalai Lama Meets Over 100 Devotees from Mongolia, Cites Centuries-Old Connection
  • Tibetans and Supporters in Australia Urge Canberra to Take Firm Stand Against China on Dalai Lama Succession
  • ‘Frontier Diplomacy’ Exhibition Showcasing Britain–Tibet Ties and Legacy of Sir Basil Gould Opens in Dharamshala
  • Tibetan Leadership, Indian Strategic Community Hold Closed-Door Roundtable in Dharamshala
  • India, China Restart Trade Talks to Boost Market Access for Exporters

ཪེས་གཟའ་པ་སངས། ༢༠༢༦།༠༤།༠༣

  • ༸རྒྱལ་དབང་རིམ་བྱོན་དང་སོག་པོའི་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྐོར་བཀའ་སྩལ་བ།
  • ཨོསྟྲེ་ལི་ཡཱ་གཞུང་ནས་མ་འོངས་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་བརྒྱུད་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་པ་ལ་རྒྱབ་སྐྱོར་བྱ་རྒྱུའི་བསྒྲགས་གཏམ་སྤེལ་དགོས་པའི་ཞུ་སྐུལ།
  • ཨིན་བོད་འབྲེལ་ལམ་དང་འབྲས་སྤྱི་སར་ཝེ་སིལ་སྒུལཊ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • འཕགས་བོད་གཉིས་ཀྱི་ཉམས་ཞིབ་པ་མཉམ་འཛོམས་ཐོག་བོད་ཀྱི་གནད་དོན་ཐད་བགྲོ་གླེང་།
  •  རྒྱ་ནག་གིས་འགོ་ཁྲིད་པའི་མ་འཛུགས་གོང་འཕེལ་མཐུན་རྐྱེན་གྱི་གྲོས་མཐུན་དེ་རྒྱལ་སྤྱིའི་ཚོང་འབྲེལ་ལྷན་ཚོགས་ཀྱི་སྒྲོམ་གཞིའི་ནང་ཚུད་པར་ངོ་རྒོལ།

ཁ་སང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་མོ་དེ་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་༸གོང་ས་མཆོག་གིས་དབུས་པའི་༸སྐུ་འཁོར་ལྷན་རྒྱས་ནོར་བུ་གླིང་ཁ་ནས་ཉིན་མཚན་ལྟོས་མེད་བྲོས་བྱོལ་ལ་ཆིབས་བསྒྱུར་གྱིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆགས་པའི་འཕགས་བོད་ས་མཚམས་སྐས་འཛེགས་མ་ཎིའི་ Ke-Dze-Mani བརྒྱུད་མོན་སྦས་ཡུལ་སྐྱིད་མོ་ལྗོངས་སུ་ཐེངས་དང་པོ་ཞབས་སོར་འཁོད་པའི་ཉིན་མོ་འཁེལ་གྱི་ཡོད་པ་ལྟར། ཁ་སང་མོན་པའི་དད་ལྡན་པ་ ༣༠༠ ལྷག་སྐས་འཛེགས་མ་ཎིར་མཉམ་འཛོམས་དང་འབྲེལ། ༸གོང་ས་མཆོག་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་སའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྲུལ་བཞུད་དེ་ཉིད་དྲན་གསོ་ཞུ་ཆེད་སྐས་འཛེགས་མ་ཎི་ནས་མོན་རྟ་དབང་དབར་ Freedom Trail of His Holiness the 14th Dalai Lama ཞེས་པའི་གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་པ་དབུ་འཛུགས་གནང་འདུག

Second Edition of ‘Freedom Trail’, Retracing Dalai Lama’s Escape to India, Flagged Off at Kenzamani near Tawang
པར་དབང་། Mon Tawang Vigilance

དེ་ཡང་ས་གནས་ཀྱི་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པར་གཞིགས་ན། རྟ་དབང་རྫོང་གི་གོ་སྒྲིག་གནང་བའི་ཉིན་དྲུག་གི་གོམ་བགྲོད་ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཚེ་རིང་ལྷ་མོ་ལགས་དང་། རྟ་དབང་རྫོང་གི་སྤྱི་ཁྱབ་འགན་འཛིན་ Leki Gombu ལགས། རྟ་དབང་དགོན་པའི་མཁན་པོ་དང་ལུང་གླ་རྫོང་གི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས་གཙོས་པའི་མོན་པའི་སྐྱ་སེར་ཕོ་མོ་ ༣༠༠ ཙམ་མཉམ་ཞུགས་གནང་བ་དང་འབྲེལ། གོམ་བགྲོད་པ་རྣམས་ཀྱིས་ཕྱག་ཏུ་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར། ནང་པའི་ཆོས་དར་སོགས་བསྣམས་ཏེ་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པའི་གསོལ་འདེབས་སྨོན་ལམ་འདོན་པ་དང་སྦྲགས་ལས་འགུལ་དབུ་འཛུགས་ཀྱིས། ཁ་སང་ཉིན་དང་པོར་ཆུ་དྭངས་མོ་བར་སྤྱི་ལེ་གསུམ་གྱི་གོམ་བགྲོད་གནང་འདུག

མངའ་སྡེའི་གྲོས་ཚོགས་འཐུས་མི་ཚེ་རིང་ལྷ་མོ་ལགས་ཀྱིས་སྐབས་དེར་༸གོང་ས་མཆོག་མོན་ཡུལ་བརྒྱུད་རྒྱ་གར་ལ་ཐེངས་དང་པོ་ཞབས་སོར་འཁོད་སྐབས་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡིན་ཀྱང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྲུལ་བཞུད་དེ་ད་ཆ་མཐུན་སྒྲིལ་དང་དྲན་གསོ། རིག་གཞུང་གི་སྤོབས་པ་བཅས་ཀྱི་མཚོན་རྟགས་སུ་གྱུར་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཐེངས་འདིའི་གོམ་བགྲོད་དེ་ནི་༸གོང་ས་མཆོག་གི་མཛད་རྗེས་རླབས་ཆེན་ཁག་ལ་རྗེས་དྲན་དང་། ལྷག་དོན་མོན་པ་དང་བོད་མི་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་གྱི་མཚོན་དོན་གལ་ཆེ་ཞིག་ཡིན་པ་གསུངས་འདུག

Second Edition of ‘Freedom Trail’, Retracing Dalai Lama’s Escape to India, Flagged Off at Kenzamani near Tawang
པར་དབང་། Mon Tawang Vigilance

མ་ཟད། ཁོང་གིས་ལས་འགུལ་དེ་བཞིན་འདི་ཚེས་ ༣༡ ཉིན་ནས་འཕགས་བོད་ས་མཚམས་སྐས་འཛེགས་མ་ཎི་ནས་འགོ་འཛུགས་ཀྱིས་རིམ་པས་ Gorsam དང་། Jeymeythang Shakti Lungla, དེ་བཞིན་ Thonglek བཅས་བརྒྱུད་དེ་མཐར་ཕྱི་ཟླ་ ༤ པའི་ཚེས་ ༥ ཉིན་མོན་རྟ་དབང་དུ་འབྱོར་ཏེ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་དང་། གོམ་བགྲོད་ཁྲོད་དེ་སྔ་༸གོང་ས་མཆོག་བྲོས་བྱོལ་དུ་ཕེབས་པའི་སྐབས་༸མགོན་པོ་མཆོག་གི་སྐུ་ལྷོད་བཞུགས་མཛད་ཡུལ་ཁག་ཏུ་གོམ་བགྲོད་བར་མཚམས་འཇོག་ཏེ་གནད་ཆེ་བའི་ལོ་རྒྱུས་ཀྱི་ས་ཚིགས་ཁག་ལ་གནས་མཇལ་གནང་རྒྱུ་དང་ཆབས་ཅིག ལྷག་པར་༸རྒྱལ་བའི་དྲན་རྟེན་ཆེད་ཕྱི་ལོ་ ༢༠༢༢ ལོར་རླུང་ལ་ས་གནས་སུ་གསར་རྒྱག་གནང་བའི་ཐར་འདོད་ནོར་བུ་གླིང་གི་ཕོ་བྲང་སོགས་༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་ཁུལ་དེར་༸ཞབས་སོར་འཁོད་ཡུལ་ས་གནས་ཁག་ལ་མཆོད་རྟེན་དང་། འགྲེམས་སྟོན་ཁང་། དེ་བཞིན་དགོན་པ་ལ་སོགས་པར་གནས་མཇལ་གནང་གི་ཡོད་པ་གསུངས་འདུག

དེ་འབྲེལ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ X སྤྱི་ཚོགས་དྲྭ་ལམ་ཐོག ༸གོང་ས་མཆོག་མོན་ཡུལ་བརྒྱུད་རྒྱ་གར་ལ་ཐེངས་དང་པོ་ཞབས་སོར་འཁོད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྲུལ་བཞུད་ཀྱི་གལ་གནད་ངོ་སྤྲོད་དང་འབྲེལ། ཐེངས་འདིའི་གོམ་བགྲོད་དེ་ནི་༸གོང་ས་མཆོག་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པའི་འགྲུལ་བཞུད་དེ་ཉིད་དྲན་གསོ་ཞུ་ཆེད་ཙམ་མ་ཡིན་པར་དེ་ནི་ཞི་བདེ་དང་། སྙིང་རྗེ། བཟོད་བསྲན། མི་རིགས་ཀྱི་སྙིང་སྟོབས་བཅས་ལ་ཆེ་བསྟོད་ཞུ་བ་ཞིག་ཀྱང་རེད་ཅེས་གསུངས་འདུག

Second Edition of ‘Freedom Trail’, Retracing Dalai Lama’s Escape to India, Flagged Off at Kenzamani near Tawang
པར་དབང་། Mon Tawang Vigilance

མ་ཟད། གོམ་བགྲོད་དེ་ཉིད་བརྒྱུད་༸གང་ཉིད་མཆོག་གིས་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་སྐོར་བཀའ་སློབ་སྩལ་བ་དེ་དག་གཙོས་པའི་མཉམ་གནས་ཀྱི་རིན་ཐང་ལ་ང་ཚོའི་དམ་བཅའ་བསྐྱར་ནན་འཛིན་གྱི་ཡོད་པའི་རྣམ་པ་མཚོན་གྱི་ཡོད་པ་གསུངས་འདུག

གཞི་རྩའི་སྔ་ལོར་སྐས་འཛེགས་མ་ཎི་ནས་མོན་རྟ་དབང་བར་ Freedom Trail of His Holiness the 14th Dalai Lama ཞེས་པའི་ཉིན་དྲུག་རིང་གི་གོམ་བགྲོད་དང་པོ་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོམ་བགྲོད་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་སྩལ་ཡོད་པའི་ནང་། ངོས་ཀྱི་གོམ་འགྲོད་འདི་ནས་བཟུང་ནས་ད་བར་རྒྱ་གར་འཕགས་པའི་ཡུལ་དེ་བཞིན་ངའི་ནང་གཉིས་པ་ལྟ་བུར་ཆགས་ཡོད་པ་དང་། ངོས་ནས་རྒྱལ་ཁབ་དེའི་ནང་སྡོད་པའི་རིང་རང་གི་རྒྱལ་ཁབ་ཤོར་བའི་གོད་ཆགས་ལྟ་བུ་ནི་ཕམ་ཁ་ལས་ལྷག་པའི་སྙིང་སྟོབས་ཅན་དུ་གྱུར་ཡོད་པ་དང་། གཞན་ལ་རོགས་རམ་བྱེད་པའི་ང་ཚོའི་ཆོད་སེམས་བསྐྱར་བཟོ་བྱེད་པའི་གོ་སྐབས་ཤིག་ཏུ་གྱུར་ཡོད་ཅེས་བཀའ་སྩལ་ཡོད་པ་རེད།

Second Edition of ‘Freedom Trail’, Retracing Dalai Lama’s Escape to India, Flagged Off at Kenzamani near Tawang
པར་དབང་། Mon Tawang Vigilance
Second Edition of ‘Freedom Trail’, Retracing Dalai Lama’s Escape to India, Flagged Off at Kenzamani near Tawang
པར་དབང་། Mon Tawang Vigilance
Second Edition of ‘Freedom Trail’, Retracing Dalai Lama’s Escape to India, Flagged Off at Kenzamani near Tawang
པར་དབང་། Mon Tawang Vigilance

འབྲེལ་ཡོད་གསར་གནས།

གསར་གནས།