Tibetan Royal Year of 2151 | Year of the Wood Dragon

ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

དེ་རིང་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་མོ་དེ་ནི་ Kargil Vijay Diwas ཞེས་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དང་པ་ཀི་སི་ཐན་གཉིས་དབར་ཀར་གྷིལ་དུ་ཟླ་བ་གསུམ་ཙམ་གྱི་རིང་དམག་འཁྲུག་བྱུང་ནས་མཐའ་མ་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ཉི་ཤུ་རྩ་ལྔ་འཁོར་བའི་ཉིན་མོ་ཞིག་ཡིན་པ་ལྟར། དེ་རིང་རྒྱ་གར་གྱི་དམག་དཔུང་འདུག་སའི་ས་ཚིགས་ཚང་མར་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་པའི་ཁྲོད་དེ་རིང་ཞོགས་པ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ལ་དྭགས་ Kargil དུ་ཆེད་ཕེབས་ཀྱིས་སྐབས་དེའི་དུས་ཀྱིས་འདས་གསོན་དམག་མི་ཡོངས་ལ་ཆེ་བསྟོད་ཞུས་ཡོད་འདུག

Kargil Vijay Diwas 2024

སྤྱིར་ཕྱི་ལོ་ ༡༩༩༩ ལོའི་ཀར་གྷིལ་གྱི་དམག་འཁྲུག་དེའི་ནང་རྒྱ་གར་གྱི་དམག་དཔུང་ཙམ་མིན་པར་བོད་མིའི་དང་སློབ་ཨང་ ༢༢ ནས་ཀྱང་ཆ་ཤས་ཆེན་པོ་བླངས་ཡོད་པ་མ་ཟད། རྒྱ་གར་དམག་གི་རྒྱལ་ཁའི་ལམ་བུར་འཁྲིད་མཁན་ཡང་བོད་མིའི་དང་སློབ་ཡིན་པ་བཤད་སྲོལ་ཡོད། ཀར་གྷིལ་དམག་གྱི་རྒྱལ་ཁ་དྲན་གསོ་ཞུས་པའི་ཉི་མོ་འདི་དང་བསྟུན་དེ་རིང་འདི་ག་རླུང་འཕྲིན་ཁང་ནས་སྐབས་དེའི་དུས་སུ་དམག་ནང་མཉམ་ཞུགས་མཁན་གྱི་དམག་མི་ཁག་གཅིག་ལ་འབྲེལ་བ་ཞུས་སྐབས། དང་སློབ་ཨང་ ༢༢ གྱི་རུ་ཤོག་ ༥ ནས་ཡིན་པ་དང་སྐབས་དེའི་དུས་སུ་བཅུ་གསུམ་པའི་གོ་གནས་ཡོད་མཁན་དཔལ་འབྱོར་དོན་གྲུབ་ལགས་ལ་དྭགས་ས་མཚམས་དང་ཉེ་བའི་ཀེ་རེ་ཞེས་པའི་ས་ཚིགས་སུ་ཆགས་པའི་དམག་སྒར་དུ་གསོལ་ཚིགས་ལ་མགྲོན་འབོད་ཀྱིས་ཉི་མོ་དེ་སྲུང་བརྩི་ཞུ་བཞིན་འདུག་པ་དང་། ཁོང་ནས་རྒྱ་གར་གཞུང་གིས་ཁོང་རྣམས་ལ་དེ་ལྟར་ངོས་འཛིན་གནང་བཞིན་པར་དགའ་སྤོབས་ཆེན་པོ་ཡོང་གི་ཡོད་པ་གསུང་གི་འདུག

Paljor Dhondup Ex-Army
Paljor Dhondup Ex-Army

དཔལ་འབྱོར་དོན་གྲུབ་ལགས་ ༡༩༩༩ ལོའི་ཀར་གྷིལ་དམག་ལ་ཆས་སྐབས་རང་ལོ་གསུམ་བཅུ་སོ་གྲངས་ཤིག་ཡིན་པ་དང་། ཀར་གྷིལ་དམག་གི་ཆེད་དུ་ཁོང་དང་ལྷན་དུ་དམག་དཔོན་ཁག་གཅིག་གི་གཙོས་ཁྱོན་མི་དགུའི་རུ་ཁག་གཅིག་དམག་སྒར་ནས་དམག་ལ་དང་ཐོག་ཆས་པ་དང་། དེ་ནས་རིམ་བཞིན་རུ་ཤོག་ལྔ་པའི་དམག་དཔུང་ཡོངས་རྫོགས་ཙམ་མ་ཟད། རུ་ཤོག་གཞན་ཁག་གཅིག་བཅས་ཁྱོན་ཀར་གྷིལ་དམག་གི་ནང་དུ་བོད་མིའི་དང་སློབ་ཉིས་སྟོང་ཙམ་ནས་མཉམ་ཞུགས་གནང་ཡོད་པ་ངོ་སྤྲོད་གནང་སོང་།

གོང་དུ་དཔལ་འབྱོར་ལགས་ཀྱི་དམག་སར་བོད་དམག་ཁག་གཅིག་འདས་གྲོངས་སུ་གྱུར་ཡོད་པ་ངོ་སྤྲོད་གནང་དོན་ལྟར། རྣམ་པ་ཚོས་གོང་དུ་གསན་པའི་ཀར་གྷིལ་ལ་དང་པོ་འབྱོར་དུས་འབོམ་གྱི་ཕེབས་བསུ་ཞུས་སོང་ཞེས་པའི་གླུ་གཞས་དེ་ཡང་འདས་པོ་ཁོང་རྣམ་པའི་བློས་བཏང་གི་སྙིང་སྟོབས་དང་མཉམ་དུ་བོད་མིའི་དང་སློབ་ལ་ཆེ་བསྟོད་གྱི་ཆེད་དུ་བླངས་པ་ཞིག་ཡིན་པ་སྐབས་དེའི་དུས་སུ་དམག་ལ་ཆས་མཁན་བོད་མིའི་གཞས་པ་བསྟན་འཛིན་རྒྱལ་པོའམ་ཡོངས་གྲགས་སུ་ Michael ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

Karma Michael Ex-Army
Karma Michael Ex-Army

Michael ལགས་ཀྱིས་ཁོང་ནས་བླངས་པའི་ཆེས་ཐོག་མའི་གླུ་གཞས་ཀར་གྷིལ་ལ་དང་པོ་འབྱོར་དུས་འབོམ་གྱི་ཕེབས་བསུ་ཞུས་སོང་ཞེས་པའི་གླུ་གཞས་ཀྱི་གཞས་ཚིག་ཏུ་དམག་སའི་ཁོར་ཡུག་གི་རྣམ་པ་གསལ་པོ་སྟོན་ཐབས་གནང་ཡོད་པ་གསུང་སོང་།

བོད་མིས་རྒྱ་གར་གྱི་ཆེད་དུ་དམག་ལ་བཞུགས་པ་དེ་ ༡༩༥༩ ལོར་རྒྱ་གར་གྱིས་བོད་མིར་བཀྲིན་བསྐྱངས་པའི་དྲིན་ལན་ཞིག་ཡིན་པ་དང་ཀར་གྷིལ་དམག་གི་རྒྱལ་ཁ་ཐོབ་པའི་རྒྱུ་མཚན་ལ་བརྟེན་ནས་བོད་མིའི་དང་སློབ་ཨང་ ༢༢ ལ་ངོས་འཛིན་དམིགས་བསལ་ཙམ་མ་ཟད། ཐོབ་ཐང་སོགས་ཀྱི་ཐོག་ནས་ཁེ་ཕན་ཆེན་པོ་བྱུང་ཡོད་པ་ངོ་སྤྲོད་གནང་གི་འདུག་ལ། དམག་འཁྲུག་ལངས་པའི་སྐབས་སུ་བོད་མིའི་བྱས་རྗེས་དང་སྙིང་སྟོབས་ལ་དམག་ནང་བཞུགས་མཁན་གྱི་རྒྱ་གར་གྱི་དམག་མི་ཚོས་ཀྱང་ཆེ་མཐོང་སྤྲད་ཀྱི་ཡོད་པའི་སྐོར་ངོ་སྤྲོད་གནང་གི་འདུག

Kargil Vijay Diwas 2024

གཞི་རྩའི་ ༡༩༩༩ ལོའི་ཀར་གྷིལ་དམག་ཁྲུག་ཁྲོད་ཁྱོན་དམག་མི་ ༥༢༠ ལྷག་ཙམ་རྐྱེན་འདས་སུ་སོང་བ་དང་། ༡༣༠༠ ལྷག་རྨས་སྐྱོན་ཕོག་ཡོད་པ་རེད། དེ་རིང་སྲིད་བློན་མོ་དྷི་མཆོག་གིས་ Kargil ཁུལ་དུ་ཉིན་མོ་དེར་རྗེས་དྲན་དང་འབྲེལ་སྐབས་དེའི་དུས་སུ་རང་སྲོག་བློས་བཏང་གནང་མཁན་རྣམས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུས་པ་མ་ཟད། ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་པ་དེ་ནི་གཞུང་དང་ཆབ་སྲིད་ཚོགས་པ་གང་ཟག་གཅིག་གི་རྒྱལ་ཁ་མ་ཡིན་པར་རྒྱ་གར་གྱི་མི་འབོར་ཐེར་འབུམ་གཅིག་དང་ཕྱེད་ཀས་རྒྱལ་ཁ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།