Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་ཀྲོ་རོན་ཀྲོ་གྲོང་ཁྱེར་ནང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་འཚོགས་བཞིན་པ།

Tibetan News Headlines

  • The Tibetan Community of North America Offers Long Life Prayers to Dalai Lama
  • US charges former Chinese democracy advocate with being illegal agent for Beijing
  • Nepal lifts TikTok ban after nine months
  • New Kalachakra Stupa under Construction in Salugara

རེས་གཟའ་པ་སངས། ༢༠༢༤།༠༨།༢༣

  • ༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་དང་སོག་རིགས་ཧི་མ་ལ་ཡ་རི་རྒྱུད་ཀྱི་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།
  • ཨ་རིར་གནས་སྡོད་རྒྱ་རིགས་གཅིག་ལ་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ནག་ཉེས་བཙུགས་འདུག
  • བལ་ཡུལ་གཞུང་གིས་རྒྱ་ནག་གི་ TikTok མཉེན་ཆས་བཀག་སྡོམ་གྱི་བཀའ་རྒྱ་ཕྱིར་བསྡུ་བྱས་པ།
  • ས་ལུ་ག་རར་དུས་འཁོར་མཆོད་རྟེན་གསར་བཞེངས་གནང་བཞིན་པ།



རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འདི་བཞིན་ཀྲོ་རོན་ཀྲོ་ནང་དུ་ཁ་ཉིན་ཚེས་ ༡༣ ནས་དེ་རིང་ཚེས་ ༡༥ བར་འཚོགས་བཞིན་ཡོད་པའི་ཐོག་ཕྱོགས་མཐའ་ཁག་ནས་ཚོགས་བཅར་པ་ ༢༠༠ ནས་ ༣༠༠ ལྷག་ཙམ་ཞིག་ནས་མཉམ་ཞུགས་གནང་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་བོད་རང་བཙན་གྱི་ཚོགས་པ་གསར་འཛུགས་གནང་དགོས་མིན་དང་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་ར་བའི་ནང་རྒྱ་ནག་ལ་ལྟ་ཕྱོགས་དེ་བསྟུན་མཁས་རང་བཞིན་ནས་གདོང་ལེན་རང་བཞིན་དུ་འགྱུར་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཞིག་གནང་དགོས་པ་ཡང་ན་བོད་རང་བཙན་གྱི་སྲིད་བྱུས་འཛིན་པའི་དུས་ལ་བབ་ཡོད་མིན་སོགས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད་འདུག

དེའི་སྐོར་ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བློ་བཟང་མཁས་གྲུབ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་ཁོང་གིས་འགྲེལ་བརྗོད་གནང་བ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

ཚོགས་འདུའི་ཐོག་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱི་ངོ་བོའི་ཐོག་ཆེད་ཕེབས་གནང་བའི་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་པ་དེའི་ངོས་ནས་དེ་སྔ་ལས་འགུལ་སྤེལ་བའི་ཁྲོད་རྒྱལ་སྤྱིའི་རང་བཞིན་གྱི་འགྱུར་བ་བཏང་ཐུབ་ཡོད་པའི་གནད་དོན་ཁག་གཅིག་ལུང་འདྲེན་དང་སྦྲགས། ཚོགས་པ་གཅིག་གི་ངོ་བོའི་ཐོག་ནས་ཕྱག་ལས་གནང་དགོས་ཡག་ཧ་ཅང་གི་དགོས་གལ་ཡིན་སྐོར་དང་། ཐེངས་འདིའི་ཚོགས་ཆེན་ཐོག་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་འདི་བོད་རང་བཙན་འཐབ་རྩོད་ཀྱི་ཚོགས་པར་ཕུལ་རྒྱུ་ཡིན་པ་གསུངས་འདུག

གཞན་ཡང་ཐེངས་འདིའི་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་ ༧ ལྷན་ཞུགས་གནང་ཡོད་པ་རྣམས་ནས་ཀྱང་གསུང་བཤད་གནང་བའི་ཁྲོད། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དེ་དབུ་མའི་ལམ་ཡིན་པ་དེ་ལྟར་ཡང་། དབུ་མའི་ལམ་དེ་ཐབས་བྱུས་གཅིག་ཡིན་པ་དང་། རང་བཙན་ཟེར་བ་དེ་རང་གི་ཐོབ་ཐང་ཞིག་ཡིན་པའི་ཆ་ནས་ད་རེས་ཁོང་སྤྱི་འཐུས་རྣམ་པ་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་འཇོག་རྒྱུ་སོགས་ཀྱི་ཆེད་དུ་མ་ཡིན་པར་རང་གི་བོད་རང་བཙན་འཐབ་རྩོད་ཀྱི་ཐོབ་ཐང་ཐོག་ནས་མཉམ་ཞུགས་གནང་གི་ཡོད་པ་གསུངས་འདུག

རྩ་བའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་འདི་བཞིན་སྔ་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་པའི་ཐོག དེ་སྔ་དང་མི་འདྲ་བར་བོད་མི་ཙམ་མ་ཟད་རྒྱ་ནག་གི་དྲག་གནོན་མྱོང་བཞིན་པའི་ཡུ་གུར་དང་ལྷོ་སོག་གི་འཐུས་མི་ཁག་གཅིག་ནས་ལྷན་ཞུགས་དང་འབྲེལ། མི་རིགས་སོ་སོའི་གནས་བབ་དང་འཐབ་རྩོད་ཀྱི་ཁ་ཕྱོགས། དགྲ་བོ་རྒྱ་དམར་ལ་གདོང་ལེན་དང་རང་བཙན་གྱི་རྒྱལ་ཁབ་སླར་གསོ་བྱ་རྒྱུར་ལས་དོན་སྤེལ་ཕྱོགས་བཅས་ཀྱི་སྐོར་ལ་གྲོས་བསྡུར་གནང་མཐར་བོད་མི་དང་ཡུ་གུར། ལྷོ་སོག་གསུམ་གྱི་འཐུས་མི་རྣམས་ནས་མཉམ་འབྲེལ་ཐོག་དོན་ཚན་ ༡༣ ཅན་གྱི་གྲོས་ཆོད་ཞིག་གཏན་འབེབས་གནང་ཡོད་པ་རེད།

སྔ་ལོའི་དོན་ཚན་ ༡༣ ཅན་གྱི་གྲོས་ཆོད་ནང་དུ་རྒྱ་གཞུང་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་རྣམས་ནས་མནའ་འབྲེལ་མཐུན་ཚོགས་ཤིག་གསར་འཛུགས་བྱ་རྒྱུ་དང་། མཉམ་འབྲེལ་ཐོག་ལོ་ལྟར་རྒྱལ་སྤྱིའི་རང་བཞིན་གྱི་རང་བཙན་ཚོགས་ཆེན་བསྐོང་ཚོགས་བྱ་ཐབས། ཐུན་མོང་གི་དྲ་རྒྱ་བེད་སྤྱོད་གཏོང་སའི་སྡིངས་ཆ་བསྐྲུན་ཐབས། མཉམ་རུབ་ཀྱི་ལས་འགུལ་སྤེལ་རྒྱུ་དང་གཞོན་སྐྱེས་ནང་ཁུལ་འབྲེལ་ལམ་གོང་མཐོར་གཏོང་ཐབས། ལོ་རྒྱུས་ཐོག་རང་བཙན་ཅན་གྱི་རྒྱལ་ཁབ་ཡིན་པ་ངོས་འཛིན་གྱི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་རྒྱུ་སོགས་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ལ་བོད་རྒྱའི་དཀའ་རྙོག་སེལ་སླད་རྒྱ་ནག་གཞུང་ལ་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་མེད་པ་དང་། བོད་དོན་བདེན་མཐའ་སེལ་སླད་རང་བཙན་གྱི་ལམ་བུར་བསྐྱོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས་འཁོད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།