Tibetan Royal Year of 2151 | Year of the Wood Dragon

གནས་མཆོག་རྡོར་གདན་དུ་རྫོང་སར་སྨོན་ལམ་ཆེན་མོ་སྐབས་བདུན་པ་འཚོགས་བཞིན་པ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྫོང་སར་སྨོན་ལམ་ཆེན་མོ་སྐབས་བདུན་པ་དེ་ཉིད་བོད་ཟླ་ ༩ ཚེས་ ༤ ནས་ ༡༤ བར་དང་ཕྱི་ཟླ་ ༡༠ ཚེས་ ༡༨ ནས་ཚེས་ ༢༧ བར་བཅས་ཁྱོན་ཉིན་གྲངས་ ༡༠ རིང་ཚོགས་ཀྱི་ཡོད་པ་དང་། སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་༸སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་དབུ་བཞུགས་ཐོག་རྗེས་འཇུག་སློབ་མ་རྒྱ་བལ་འབྲུག་གསུམ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ཁག་ཏུ་བཞུགས་པའི་གྲྭ་བཙུན་སྔགས་གསུམ་ཞལ་གྲངས་ ༡༢༠༠༠ ལྷག་ཆེད་འཛོམས་གནང་འདུག

རླུང་འཕྲིན་ཁང་གི་སར་འགོད་པས་རྫོང་སར་སྨོན་ལམ་ཆེན་མོ་སྐབས་བདུན་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གྲས་སུ་ཡོད་པ་མཁན་པོ་ཀུན་བཟང་ལགས་སུ་ཞལ་པར་བརྒྱུད་ནས་སྨོན་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་རྫོང་སར་སྨོན་ལམ་ཆེན་མོར་ཆེད་བཅར་ཞུ་མཁན་དང་སྨོན་ལམ་ཚོགས་སྟངས་སོགས་ངོ་སྤྲོད་ཞིབ་རྒྱས་གནང་སོང་།

རྩ་བའི་རྫོང་སར་སྨོན་ལམ་ཆེན་མོ་དེ་ཉིད་༸སྐྱབས་རྗེ་རྫོང་སར་འཇམ་ངབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་དང་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་རྣམ་གཉིས་ཀྱིས་བཀའ་དགོངས་འོག་ཕྱི་ལོ་ ༢༠༠༦ ལོར་དབུ་འཛུགས་གནང་ཞིང་། ལོ་གཉིས་རེའི་མཚམས་སུ་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་ཉེ་འགྲམ་གྱི་བྱང་ཆུབ་ཤིང་རིན་པོ་ཆེའི་འོག་ཏུ་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་སྨོན་ལམ་ཆེན་མོ་ཚོགས་ཀྱི་ཡོད་པ་རེད། པར་ཁག་གི་བདག་དབང་རྫོང་སའི་ངོ་དེབ།

འབྲེལ་ཡོད་གསར་གནས།

གསར་གནས།