Tibetan Royal Year of 2151 | Year of the Wood Dragon

གསེར་དུམ་ཀི་ལོ་ ༡༠༨ དེ་རྒྱལ་ཁབ་བདུན་བརྒྱུད་ནས་སླེབས་ཡོད་པ་མངོན་གསལ་གནང་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཉེ་སྔོན་ཟླ་བ་འདིའི་ཚེས་ ༩ ཉིན་ལ་དྭགས་ཤར་ཕྱོགས་འཕགས་བོད་མཐའ་མཚམས་ཁུལ་དུ་གསེར་དུམ་བུ་ཀི་ལོ་ ༡༠༨ འཇུ་བཟུང་བྱུང་བའི་ནག་ཚོང་འདི་ཉིད་རྒྱལ་ཁབ་ ༧ བརྒྱུད་ནས་ཡོང་བ་ཡིན་པ་མངོན་གསལ་དང་འབྲེལ། གནད་དོན་དེའི་བརྒྱུད་ནས་ནག་ཚོང་རྒྱག་མཁན་དེ་དག་གིས་འཕགས་བོད་མཐའ་མཚམས་ཁུལ་དུ་ལམ་ཁ་གསར་པ་འཚོལ་བཞིན་པ་མཚོན་གྱི་ཡོད་སྐོར་གསུངས་འདུག

དེ་ཡང་ཁ་སང་ The Economic Times གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་། Directorate of Revenue Intelligence ཞེས་རྒྱ་གར་གྱི་ཁྲལ་འབབ་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་བར་ལྟར་ན། གསེར་ཀི་ལོ་ ༡༠༨ ཀྱི་ནག་ཚོང་དེ་ཉིད་ཨ་རི་དང་ཁེ་ན་ཌ། ཇར་མ་ནི། སའོ་དི་ཨ་རབ་བི་ཡ། དུ་བཡེ་ཚུད་པའི་རྒྱལ་ཁབ་བདུན་ནས་བསྐུར་རྗེས་བོད་ནང་འོར་འདྲེན་བྱས་ཡོད་པ་དང་། དེ་ནས་རྒྱ་གར་ནང་དུ་འོར་འདྲེན་བྱ་ཐབས་བྱས་པ་མངོན་གསལ་དང་འབྲེལ། འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་གི་དཔོན་པོས་ལྷོ་ནུབ་ཨེ་ཤི་ཡའི་ནང་ཆགས་པའི་ Gulf རྒྱལ་ཁབ་དང་མཚོ་ལམ་བརྒྱུད་ནས་གསེར་ནག་ཚོང་རྒྱག་རྒྱུ་སྤྱིར་བཏང་ཡིན་ན་ཡང་། ད་ཐེངས་ལ་དྭགས་ཤར་ཕྱོགས་སུ་དེ་ལྟ་བུའི་གནད་དོན་བྱུང་བ་དེས་ནག་ཚོང་རྒྱག་མཁན་རྣམས་ནས་བརྒྱུད་ལམ་གསར་པ་འཚོལ་ཐབས་བྱེད་བཞིན་པ་མཚོན་གྱི་ཡོད་ཅེས་བརྗོད་འདུག

རྩ་བའི་འདི་ཚེས་ ༩ ཉིན་འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་གིས་ས་མཚམས་ས་ཁུལ་ Chismule དང་། Narbula top དེ་བཞིན་ Zakle དང་ Zakla བཅས་སུ་རྒྱ་ཆེ་བའི་སྐོར་གཡེང་བྱས་སྐབས་དོགས་གཞི་ཅན་གྱི་མི་གཉིས་རྟ་ལ་ཁལ་བཀལ་ནས་ཡོང་བར་མཐོང་སྟེ། རྗེས་འདེད་བཏང་ནས་གསེར་ཀི་ལོ་ ༡༠༨ འཇུ་བཟུང་བྱས་འདུག་པ་དང་། སྐབས་དེར་ཁོང་ཚོས་སྨན་རྩྭ་སྒྲུག་པར་ཡོང་ཡིན་ལུགས་བརྗོད་འདུག་པ་མ་ཟད། ཁོང་གཉིས་ལ་རྒྱང་ཤེལ་གཅིག་དང་། ཁ་པར་གཉིས། རྒྱ་མིའི་ཟས་རིགས། གློག་གཞུ། རྟ་གཉིས་སོགས་ཡོད་པ་རེད་འདུག

Photo: ITBP

Economic Times ནང་ད་དུང་ནག་ཚོང་དེ་དང་འབྲེལ་བའི་དོགས་གཞི་ཅན་གྱི་མི་སྣ་ལྔ་འཇུ་བཟུང་བྱས་པའི་ཁོངས་སུ་ལ་དྭགས་རྒྱལ་ས་གླེ་ནང་ཡོད་པའི་ཇ་ཁང་གཉིས་ཀྱི་བདག་པོ་བཟའ་ཚང་གཉིས་ཡང་ཡོད་པར་ཁོང་ཚོ་ཚང་མ་ཁྲལ་འབབ་གསང་བའི་ལས་ཁུངས་དང་ཕྱི་ཚོང་སྒོ་ཁྲལ་གསང་བའི་ལས་ཁུངས་བཅས་ནས་འདྲི་རྩད་ཆེད་དུ་ལུ་དྷི་ཡ་ནར་ཁྲིད་འདུག་པ་མ་ཟད། འདྲི་རྩད་རྗེས་ལ་དྭགས་གླེ་རུ་ཡོད་པའི་ཇ་ཁང་བདག་པོ་གཉིས་ནི་བསྟན་དར་བཀྲ་ཤིས་དང་བཀྲ་ཤིས་སྒྲོལ་མ་ཡིན་པ་ངོ་རྟགས་ཆོད་འདུག་ཅིང་། ཁོང་ཚོས་ཤར་ལ་དྭགས་ཧན་ལེ་ནས་ཡིན་པའི་བསྟན་འཛིན་བསམ་འཕེལ་ལ་ལས་བཀོད་བརྒྱག་ཡོད་པ་དང་། བསྟན་འཛིན་བསམ་འཕེལ་གྱིས་ཧན་ལེ་ནས་ཡིན་པའི་བསྟན་འཛིན་དར་རྒྱས་དང་། ཚེ་རིང་བྱམས་པ་གཉིས་གླ་ཡོད་པ་ཐེར་འདོན་དང་། ལྷག་པར་འདྲི་རྩད་སྐབས་ནག་ཚོང་དེ་གཙོ་བོ་འགོ་ཁྲིད་བྱེད་མཁན་སུ་ཡིན་མིན་མིང་འབོད་བྱས་ཡོད་པ་དང་། མི་དེ་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཡིན་ཞིང་། ད་ལྟའི་ཆར་བྲོས་བྱོལ་དུ་འགྲོ་ཡོད་པ་མངོན་གསལ་གནང་འདུག

འཕགས་བོད་ས་མཚམས་ཉེན་རྟོག་པ་དཔོན་རིགས་མཐོ་གྲས་ཤིག་གིས་གནད་དོན་དེའི་ནང་རྒྱལ་སྤྱིའི་ནག་ཚོང་སྡེ་ཁག་གཅིག་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ཡོང་འབབ་གསང་བའི་ལས་ཁུངས་དང་། ཕྱི་ཚོང་སྒོ་ཁྲལ་གསང་བའི་ལས་ཁུངས་བཅས་ལ་ཞིབ་འཇུག་བྱ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། འདྲི་རྩད་སྐབས་ད་དུང་གསེར་དུམ་བུ་དེ་དག་ས་མཚམས་བརྒལ་ནས་འཁྱེར་དགོས་པའི་མངགས་གཏོང་བྱས་ཡོད་སྐོར་བརྗོད་འདུག

གཞི་རྩའི་དེ་ལྟ་བུའི་གསེར་དུམ་བུ་ཕོན་ཆེན་པོ་འཇུ་བཟུང་བྱས་པ་ནི་འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་ལ་དེ་སྔ་བྱུང་མྱོང་མེད་པ་ཞིག་ཡིན་འདུག་པ་དང་། གསེར་དུམ་ཀི་ལོ་ ༡༠༨ ཀྱི་རིན་གོང་ནི་ས་ཡ་ ༨༢༠ ཡས་མས་ཤིག་ཆགས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།