Tibetan Royal Year of 2151 | Year of the Wood Dragon

ང་ཚོའི་ས་དང་ང་ཚོའི་མ་འོངས་ཞེས་པའི་བརྗོད་གཞིའི་བརྒྱུད་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི།

Tibetan News Headlines

  • Bhartruhari Mahtab and Tapir Gao become new convener and co-convener of the all party Indian parliamentary forum for Tibet
  • 6th General body meeting of Tibetan trader’s association commences in Ludhiana
  • U.S. expands ban on Chinese imports over Uyghur rights abuses
  • Large-scale construction projects are being carried out in the border areas of Tibet and India
  • Tibetan Diaspora : Sera Jey international online school

རེས་གཟའ་པ་སངས། ༢༠༢༤།༠༨།༠༩

  • སྐུ་ཞབས་ Bhartruhari Mahtab མཆོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག
  • བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ།
  • ཡུ་གུར་རང་དབང་རྡོག་རོལ་བཏང་བར་ཨ་རིས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བཀག་སྡོམ་རྒྱ་སྐྱེད།
  • འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། སེར་བྱེས་དྲ་ཐོག་སྐད་ཡིག་སློབ་གྲྭ།

དེ་རིང་ཕྱི་ཟླ་ ༦ ཚེས་ ༥ ཉིན་བཞུགས་སྒར་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་སོགས་ཚོགས་པ་ཁག་ལྔའི་གོ་སྒྲིག་འོག་ང་ཚོའི་ས་དང་ང་ཚོའི་མ་འོངས་ཞེས་པའི་བརྗོད་གཞི་དེའི་བརྒྱུད་ནས་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་ཞུས་སོང་།

དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣ པའི་བཞུགས་སྒར་མེགྷན་ཁྲོམས་གཞུང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་དང་། Waste Warrior ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་། དེ་བཞིན་རྡ་ས་སྟོད་ཀྱི་གཙང་བཟོའི་ལས་གཞི། Clean Upper Dharamshala Program (CUDP) དང་ནི་ཤ་ཐ་གྲོང་གསེབ་འཕྲོད་བསྟེན་སློབ་གསོ་དང་ཁོར་ཡུག་ལྟེ་གནས་ཁང་། Nishatha Rural Health Education and Environment Centre བཅས་ཀྱི་གོ་སྒྲིག་འོག་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་དང་འབྲེལ། འགྱིག་རིགས་བེད་སྤྱོད་གནང་རྒྱུ་མཚམས་འཇོག་དགོས་པ་དང་། གཙང་པོའི་གལ་གནད་སོགས་ཀྱི་ནང་དོན་འཁོད་པའི་འཕྲེད་དར་ཕྱར་ཏེ། ས་གནས་ཀྱི་མང་ཚོགས་དང་། ཡལ་སྐོར་སྤྲོ་འཆམ་པ་རྣམས་ལ་ཁོར་ཡུག་གི་གལ་གནད་ཐོག་གོ་རྟོགས་ཀྱི་ལས་འགུལ་སྤེལ་སོང་།

འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་པདྨ་ཆོས་སྒྲོན་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་གོ་སྐབས་འདིའི་བརྒྱུད་ནས་བོད་ཀྱི་ཁོར་ཡུག་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་ཨེ་ཤི་ཡའི་ཡུལ་ལུང་མང་ཆེ་བ་བོད་ཀྱི་ཆུ་ལ་བརྟེན་ནས་ཡོད་སྟབས། མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་རེད་ཅེས་འགྲེལ་བརྗོད་དང་འབྲེལ། ང་ཚོས་ད་ལྟའི་ཆར་ཁོར་ཡུག་བདག་གཅེས་མ་བྱས་ཚེ་མི་རབས་རྗེས་མ་རྣམས་ལ་ཇི་ལྟར་རྩིས་སྤྲོད་བྱ་རྒྱུ་ཡིན་པ་བསམ་བློ་གཏོང་དགོས་མ་ཟད། རྒྱ་གཞུང་གིས་བོད་ནང་ཁོར་ཡུག་གཏོར་བཅོམ་གཏོང་བཞིན་ཡོད་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་གདོང་ལེན་དང་བོད་པར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་།

མ་ཟད་རྒྱ་གཞུང་གིས་བོད་ནང་འབྲོག་པ་མང་པོ་གནས་སྤོ་བྱེད་བཞིན་ཡོད་པ་དང་། ཉེ་བའི་ཆར་ཁམས་སྡེ་དགེའི་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེའི་འོག་མ་འོངས་པར་བོད་ཀྱི་ཁོར་ཡུག་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པ་ནན་བརྗོད་གནང་སོང་།

མེགྷན་ཁྲོམས་གཞུང་དུ་ལས་འགུལ་གྲུབ་མཚམས་གོ་སྒྲིག་ཚོགས་པ་ལྔ་པོས་སྣེ་ཁྲིད་འོག་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་རྣམས་ནས་ Bagsunath བྷག་སུ་ནྷག་ས་ཚིགས་བ་གོམས་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

རྩ་བའི་མེགྷན་ཁྲོམས་གཞུང་དུ་དེ་རིང་ལས་འགུལ་དེ་མ་སྤེལ་གོང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་སྡེ་ཚན་གཙོས་པའི་རྡ་ས་ཁུལ་གྱིས་རྒྱ་གར་ཁོར་ཡུག་སྡེ་ཚན་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁོར་ཡུག་ཚན་པ། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་བཅས་ནས་རྡ་ས་ Bagsunath བྷག་སུ་ནྷག་གཙང་པོའི་གཡས་གཡོན་དུ་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་ཡོད་པ་མ་ཟད། རྡ་ས་ས་གནས་བུད་མེད་ལྷན་ཚོགས་ཀྱིས་གཙུག་ལག་ཁང་གི་གཡས་གཡོན་དུ་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་ཀྱང་སྤེལ་འདུག

གཞི་རྩའི་འཛམ་གླིང་ཁོར་ཡུག་ཉིན་མོ་དེ་རྒྱལ་ཚོགས་ནས་ཕྱི་ལོ་ ༡༩༧༢ ལོར་གཏན་འབེབས་གནང་སྟེ། ཕྱི་ལོ་ ༡༩༧༣ ལོ་ནས་སྲུང་བརྩི་ཞུ་འགོ་བཙུགས་ཡོད་པ་དང་། འདི་ལོའི་འཛམ་གླིང་ཁོར་ཡུག་གི་ཉིན་མོ་འདི་བཞིན་ Saudi Arabia རྒྱལ་ཁབ་ཀྱི་གོ་སྒྲིག་བྱེད་ཀྱི་ཡོད་ཅིང་། རྒྱལ་ཚོགས་ཀྱི་གཏན་འབེབས་བྱས་པའི་བརྗོད་གཞི་ནི་ Land restoration, desertification and drought resilience ཞེས་ས་ཞིང་བསྐྱར་གསོ། བྱེ་ཐང་དང་ཐན་པ་སོར་ཆུད་ཅེས་པ་དེ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།