Tibetan Royal Year of 2151 | Year of the Wood Dragon

ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་ལྷ་སར་ནད་མནར་རྐྱེན་གྱིས་འདས་གྲོངས་སུ་གྱུར་འདུག

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

བོད་ལྷོ་ཁ་ཡར་འབྲོག་ནས་ཡིན་པ་མི་ལོ་ ༡༧ རིང་བཙོན་ཁང་འདྲ་མིན་ནང་བཙོན་དུ་ཚུད་མྱོང་ཡོད་པ་བོད་མིའི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་གྱི་ཐོ་རེངས་ལྷ་སའི་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་འདུག

རླུང་འཕྲིན་ཁང་གིས་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་དམ་པ་ཁོང་གི་སྤུན་མཆེད་ཨོ་སི་ཊོ་ལི་ཡར་གནས་སྡོད་བཀྲིས་དབང་འདུས་ལགས་སུ་བཀའ་འདྲི་ཞུས་སྐབས་དམ་པ་ཁོང་ཟླ་འདིའི་ཚེས་ ༡༦ དང་བོད་ཟླ་ ༦ པའི་གནམ་གང་གི་ཐོ་རེངས་བོད་ཀྱི་རྒྱལ་ས་ལྷ་སའི་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་ཡོད་པར་ངོ་སྤྲོད་དང་འབྲེལ། དམ་པ་ཁོང་རྒྱ་གཞུང་གིས་དུས་ཡུན་མི་འདྲ་བ་ཐེངས་གསུམ་རིང་བཙོན་བཅུག་བྱས་པའི་ཁོངས་སུ་མཐའ་མ་ལོ་ ༡༢ ཅན་གྱི་བཙོན་བཇུག་དུས་ཡུན་གཙང་ནས་གློད་བཀྲོལ་བཏང་ཡོད་ཀྱང་རྒྱ་ནག་གཞུང་གིས་ག་ལེར་འཆི་རྒྱུའི་སྨན་ཁབ་བརྒྱབ་པར་བརྟེན་རིམ་བཞིན་གཟུགས་གཞི་མི་བདེ་བ་དང་དེ་ནས་སེམས་ཁམས་མི་བདེ་བར་གྱུར་ནས་མཐར་ཉེ་ལམ་ཕྱི་ཚེས་ ༡༦ ཉིན་འདས་གྲོས་སུ་གྱུར་ཡོད་པ་གསུངས་སོང་།

གཞི་རྩའི་བོད་མིའི་ཆབ་སྲིད་བརྩོན་ཟུར་བསོད་ནམས་རྒྱལ་པོ་ལགས་དམ་པ་ཁོང་ཕྱི་ལོ་ ༡༩༨༩ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ ༢༡ གིས་སྣེ་ཁྲིད་པའི་ཞི་རྒོལ་ནང་མཉམ་ཞུགས་གནང་རྐྱེན་ལོ་གསུམ་རིང་བཙོན་བཅུག་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཙོན་བཅུག་བྱས་ཤིང་། བཙོན་གྲོལ་ཐོབ་རྗེས་རྒྱ་གར་དུ་གནས་སྐོར་ཕྱིན་པའི་དབང་གིས་བོད་དུ་ཕྱིར་ལོག་གནང་སྐབས་འགྲམ་གྲོང་བརྡལ་ནས་འཛིན་བཟུང་གིས་རང་ཁྱིམ་དུ་ཕྱིར་སློག་བྱས་ཀྱང་ཉིན་ཤས་རྗེས་འཛིན་བཟུང་བྱས་ཏེ་ཁྲིམས་འགལ་བྱས་པའི་ཉེས་མིང་འོག་ལོ་གཉིས་རིང་བཙོན་བཅུག་བྱས། སླར་ཕྱི་ལོ་ ༢༠༠༥ ཟླ་ ༩ པར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༤༠ འཁོར་བའི་དུས་དྲན་མ་འཚོགས་གོང་ཕྱི་ལོ་ ༢༠༠༥ ཟླ་ ༨ ཚེས་ ༢༨ ཉིན་ཁོང་གི་བཞུགས་གནས་སྔོག་གཤེར་སྐབས་༸རྒྱལ་བ་རིན་པོ་ཆེའི་༸སྐུ་པར་གཙོས་བོད་ཀྱི་རྒྱལ་དར་དང་འགྲོ་བ་མིའི་ཐོབ་ཐང་གི་དཔེ་དེབ། དེབཞིན་བཅའ་ཁྲིམས་རིན་པོ་ཆེ་སོགས་རྙེད་སོན་བྱུང་སྟབས། རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག་དུས་ཡུན་ལོ་ ༡༢ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཙོན་བཅུག་བྱས་པ་དང་། ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༣ ཉིན་ཆུ་ཤུལ་བཙོན་ཁང་དུ་གནས་སྤོ་བྱས་པ་བཅས་ཁྱོན་མི་ལོ་མི་ལོ་ ༡༧ རིང་བཙོན་དུ་བཞུགས་དགོས་བྱུང་ནས་དམ་པ་ཁོང་ཟླ་ ༨ ཚེས་ ༡༦ ཉིན་ལྷ་སའི་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་ཡོད་པ་རེད།

དམ་པ་ཁོང་གི་གཅུང་པོ་བཀྲིས་དབང་གྲགས་ལགས་ཀྱིས་བོད་དོན་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་གནང་མཁན་དག་གི་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཞིག་མ་གནང་ཚེ་རང་ཉིད་ཀྱི་མི་ཚེ་འདི་དོན་དང་ལྡན་པ་ཞིག་ཡོང་གི་མེད་སྟབས། ཁོང་གི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཞུ་གཏུག་གནང་རྒྱུར་འབད་བརྩོན་གནང་རྒྱུ་ཙམ་མ་ཟད། དམ་པ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཕྱིར་བསྒྲགས་བྱུང་བའི་སྐོར་ལ་རྒྱ་གཞུང་ནས་འདྲི་རྩེད་བྱ་ཚེ་དེ་ནི་བཀྲིས་དབང་གྲགས་ཀྱིས་བཟོས་པ་རེད་ཅེས་གསུངས་དགོས་ཞེས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།