Tibetan Royal Year of 2151 | Year of the Wood Dragon

ཆོས་དབྱིངས་སྐྱིད་ལགས་སུ་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་གྱི་གསེར་གྱི་རྟགས་མ་སྒྲོན་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱ་ནག་གི་ Hangzhou གྲོང་ཁྱེར་དུ་ 19th Asian Cup འམ་ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་ཐེངས་ ༡༩ འཚོགས་བཞིན་ཡོད་པ་དང་། ཕྱི་ཚེས་༤ ཉིན་ཨེ་ཤ་ཡའི་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ་ ༣༥ འདུར་རྒྱུག་འགྲན་བསྡུར་ཁྲོད་ཆོས་དབྱིངས་སྐྱིད་ལགས་ཀྱིས་སླར་ཡང་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་པར་མ་ཟད། ཁ་ཉིན་རེས་གཟའ་ལྷག་པའི་ཉིན་དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་དུ་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་སྐབས་ཀྱི་གསེར་གྱི་རྟགས་མ་དེ་ཉིད་དངོས་སུ་སྒྲོན་ཡོད་པ་དང་། དེ་ནི་བོད་པ་ཞིག་ལ་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་ནང་གསེར་གྱི་རྟགས་མ་ཐོབ་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ AIU ཞེས་པའི་རྒྱལ་སྤྱིའི་རྩེད་འགྲན་མཉམ་འབྲེལ་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་དུ་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྟེང་སྤྱི་ལེ་ ༢༠ ལྷག་གི་བུད་མེད་ཀྱི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་གྱི་ཨུ་རུ་སུའི་རྩེད་འགྲན་པ་ Elena Lashmanova ལགས་དང་ཨང་གཉིས་པ་ཐོབ་མཁན་ཨུ་རུ་སུའི་བུད་མེད་རྩེད་འགྲན་པ་ Kaniskina ལགས་རྣམ་གཉིས་གཟུགས་པོར་སྟོབས་ཤུགས་འབྱིན་པའི་རྫས་འགྱུར་བེད་སྤྱོད་བཏང་ཡོད་པ་ར་སྤྲོད་ཀྱིས་གཟེངས་རྟགས་ཕྱིར་བསྡུ་གནང་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་པ་ལྟར། ཁ་ཉིན་རེས་གཟའ་ལྷག་པའི་ཉིན་སྐབས་དེར་ཨང་རིམ་གསུམ་པ་སོན་མཁན་ཆོས་དབྱིངས་སྐྱིད་ལགས་ལ་དངོས་སུ་སྐབས་དེའི་འདུར་རྒྱུག་ཁྲོད་ཨང་དང་པོའི་གསེར་གྱི་རྟགས་མ་དེ་ཉིད་སྒྲོན་ཡོད་པ་རེད།

རྒྱལ་སྤྱིའི་རྩེད་འགྲན་མཉམ་འབྲེལ་ཚོགས་པས་གཟེངས་རྟགས་ཕྱིར་བསྡུ་གནང་རྒྱུའི་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་མ་ཐག་ཆོས་དབྱིངས་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་དུ་ལོ་ངོ་བཅུ་གཅིག་གི་རྗེས་སུ་ ཁོང་ལ་རིམ་བཞིན་གསེར་གྱི་རྟགས་མ་ཐོབ་པར་བརྗོད་མི་ཤེས་པའི་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དེ་ལྟར་ཡང་། ཨང་དང་པོ་ཐོབ་པའི་གཟི་བརྗིད་དེ་དངོས་སུ་མྱོང་ཐུབ་མེད་པ་དེ་འགྱོད་པ་ཞིག་ཡིན་པར་ཕྱིར་བསྒྲགས་གནང་སྟེ། མང་ཚོགས་ཀྱིས་ཁོང་ལ་ལོ་མང་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

གཞི་རྩའི་ཕྱི་ལོ་ ༢༠༡༢ ལོར་ཆོས་དབྱིངས་སྐྱིད་ལགས་བུད་མེད་ཀྱི་འདུར་རྒྱུག་ཁྲོད་ཨང་གསུམ་པ་ཐོབ་ཡོད་ཀྱང་། སྐབས་དེར་ཨང་གཉིས་པ་ཐོབ་པའི་ཨུ་རུ་སུའི་བུད་མེད་རྩེད་འགྲན་པ་ Kaniskina ལགས་ཕྱི་ལོ་ ༢༠༡༥ ལོར་གཟུགས་པོར་སྟོབས་ཤུགས་འབྱིན་པའི་རྫས་འགྱུར་བེད་སྤྱོད་བཏང་ཡོད་པ་ར་སྤྲོད་བྱུང་རྗེས་གཟེངས་རྟགས་ཕྱིར་བསྡུ་གནང་ཡོད་པ་ལྟར། ད་ཆ་སྐབས་དེར་ཨང་དང་པོ་ཐོབ་མཁན་ཀྱི་ཨུ་རུ་སུའི་རྩེད་འགྲན་པ་Elena Lashmanova ལགས་ཀྱིས་ཀྱང་སྨན་རྫས་སྤྱད་ཡོད་པ་ངོས་ལེན་བྱས་ཡོད་སྟབས། བོད་རིགས་བུད་མེད་ཆོས་དབྱིངས་སྐྱིད་ལགས་ཨང་དང་པོ་དང་། དེ་བཞིན་རྒྱ་ནག་གི་རྩེད་འགྲན་པ་ཨང་བཞི་དང་ལྔ་པ་ཐོབ་མཁན་གཉིས་ཨང་གཉིས་པ་དང་གསུམ་པ་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།