Tibetan Royal Year of 2151 | Year of the Wood Dragon

ཉི་འོང་ནང་དུ་ཨེ་ཤི་ཡ་ས་ཁུལ་ཚོགས་འདུ་དང་འབྲེལ་བའི་བཅར་འདྲི།

Tibetan News Headlines

  • Dreaming Tibet: A Youth Art Exhibition Designed to Foster Expression and Ignite Creativity in Children
  • Embracing Heritage: Danang Summer Camp Fosters Kids’ Understanding and Connection to Culture
  • His Holiness Dalai Lama’s Teaching on The Importance of Paying Attention to and Studying Tibetan Language.

རེས་གཟའ་སྤེན་པ། ༢༠༢༤།༠༨།༡༠

  • བོད་ཀྱི་འཆར་སྣང་། དེང་དུས་རི་མོའི་སྒྱུ་རྩལ་གྱི་ཟབ་སྦྱོང་།
  • ཟླ་སྣང་ཐེབས་རྩ་ཚོགས་པའི་ཟླ་སྣང་རིག་གཞུང་སློབ་གྲྭའི་དབྱར་ཆོས།
  • ༸གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཡིན་པའི་བཀའ་སློབ།

ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་ ༢༢ བར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་དང་ཉི་འོང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་མཐུན་འགྱུར་འོག་ཉི་འོང་གི་རྒྱལ་ས་ཀྲོ་ཀིཡོ་ནང་དུ་ Asia Regional Meeting ཞེས་ཨེ་ཤི་ཡའི་ས་ཁུལ་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་གཙོས་པའི་གསུང་བཤད་པ་ཁག་གཅིག་དང་། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། བོད་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་གནས་ལྟ་ཞིབ་ཁང་། འཚེ་མེད་ཞི་བའི་ཐབས་ལམ་བསྟི་གནས་ཁང་སོགས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ཕྱི་རྒྱལ་བ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༤༠ ལྷག་མཉམ་ཞུགས་ཀྱིས་བོད་ཀྱི་གནད་དོན་སྤྱི་དང་མ་འོངས་ལས་འགུལ་སྤེལ་ཕྱོགས་དེ་བཞིན་བོད་དོན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་སོགས་ཀྱི་ཐོག་ལ་གྲོས་བསྡུར་གནང་ཡོད་པ་རེད་འདུག

འདི་ག་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་བགྲས་པ་བློ་བཟང་དབྱངས་འཛོམས་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

འབྲེལ་ཡོད་གསར་གནས།

གསར་གནས།