Tibetan Royal Year of 2151 | Year of the Wood Dragon

དགེ་འདུན་པ་ཞིག་འཛིན་བཟུང་བྱས་ནས་ཉིན་གྲངས་བཅུ་ལྷག་སོང་ཡང་ཤེས་རྟོགས་མེད་པར་གྱུར་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱ་གཞུང་གིས་དབྱེ་བའི་བོད་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་གཡིས་པ་ཡུལ་ཚོའི་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ནས་ཉིན་གྲངས་བཅུ་ལྷག་སོང་ཡང་ད་ལྟའི་ཆར་ཁོང་དང་འབྲེལ་བའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག

འདས་པའི་ལོ་ཤས་ནས་རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་ལ་དམ་བསྒྲགས་ཆེས་ཆེར་བྱས་དང་བྱེད་བཞིན་པའི་ཁྲོད་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གཅིག་སྤེལ་འདུག་ཟེར་བའི་ནག་ཉེས་དང་ཕྱི་ཕྱོགས་ལ་འབྲེལ་བ་གནང་བའི་ནག་ཉེས་སྣ་ཚོགས་གཡོགས་ཏེ་བོད་མི་མང་ཅག་ཅིག་གང་བྱུང་དུ་འཛིན་བཟུང་གིས་བཀག་ཉར་བྱེད་མུས་ཁྲོད་ཉེ་ལམ་རྒྱ་གཞུང་ཉེན་རྟོག་པས་ཐེ་བོ་རྫོང་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཉིན་གྲངས་བཅུ་ལྷག་འགྲོ་མུས་ཡིན་ཀྱང་། ད་ཆ་ཁོང་ས་གནས་དང་བཙོན་ཁང་གང་དུ་ཡོད་པ་དང་གཟུགས་གཞིའི་གནས་སྟངས་ཇི་ཆགས། ཁོང་འཛིན་བཟུང་བྱས་པའི་རྒྱུ་མཚན་གང་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག

འབྲེལ་ཡོད་བོད་མི་ཞིག་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་གསལ་ཁོང་གི་ནང་མི་རྣམས་ནས་ཐུགས་འཚབ་དང་བཅས་ཏེ་ཉེན་རྟོག་པར་ཁོང་དང་ཐུག་འཕྲད་གནང་འཐུས་ཀྱི་ཆོག་མཆན་ཞུས་ཡོད་ཀྱང་ཉེན་རྟོག་པའི་ངོས་ནས་ཆོག་མཆན་སྤྲད་མི་འདུག

ཁོང་གིས་ད་དུང་རྒྱ་གཞུང་ཉེན་རྟོག་པས་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་གསལ་པོ་ཤེས་རྟོགས་མེད་པ་དང་། ཁོང་ནི་རྣམ་ཀུན་ནས་ཆོས་ཕྱོགས་ཀྱི་ལས་དོན་དུ་མ་གཉེར་གནང་མཁན་ཞིག་ཡིན་པ་ལས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ལས་འགལ་བའི་ཕྱག་ལས་གནང་མཁན་ཞིག་རྩ་བ་ནས་མིན་པ་དང་འདས་པའི་ལོ་ཤས་སྔོན་བལ་ཡུལ་བརྒྱུད་ནས་ཉེར་མཁོ་ཅན་གྱི་མཆོད་རྫས་དང་དངོས་ཆས་འགའ་བླུ་ཡོན་ཞུས་ཡོད་ཀྱང་། དེ་ནི་ཕལ་ཆེར་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་འགལ་བའི་བྱ་བ་ཞིག་གཏན་ནས་མ་རེད་ཅེས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།