Tibetan Royal Year of 2151 | Year of the Wood Dragon

དཔལ་འབྱོར་དང་ཆབ་སྲིད་ཀྱི་རྙོག་གླེང་དུ་མའི་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མཇུག་སྒྲིལ།

Tibetan News Headlines

  • Ramon Magsaysay award foundation launches 7-volume series in commemoration of Dalai Lama’s 65th anniversary award
  • Rain-triggered flood kills 6 in Amdo province
  • U.S. Ambassador Eric Garcetti reaffirms support for Tibetan values at a Tibet festival in Delhi
  • National Democratic Party of Tibet celebrates the 30th Founding Anniversary
  • Ukraine criticises Mongolia’s failure to arrest Putin

རེས་གཟའ་ལྷག་པ། ༢༠༢༤།༠༩།༠༤

  • ༸གོང་ས་མཆོག་གིས་ Ramon Magsaysay གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་བ།
  • བོད་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཁུལ་དུ་དྲག་ཆར་དང་ཆུ་ལོག་གི་དོན་རྐྱེན་འོག་བོད་མི་ ༦ རྐྱེན་འདས་སུ་འགྱུར་བ།
  • གཞུང་ཚབ་པ་ Eric Garcetti མཆོག་གིས་བོད་མིའི་རྒྱབ་ཏུ་ཨ་མི་རི་ཀའི་ལངས་ཕྱོགས་བརྟན་པོ་ཡིན་གསུངས་སོང་།
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་སུམ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི།
  • Ukraine གྱིས་སོགས་ཡུལ་གཞུང་ལ་ཨུ་རུ་སུའི་སྲིད་འཛིན་ Putin འཛིན་བཟུང་མ་བྱས་པར་སྐྱོན་བརྗོད།

ཁ་སང་མཇུག་སྒྲིལ་བའི་རྒྱ་ནག་དམར་ཤོག་ཚོགས་པ་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བསྒྲགས་གཏམ་སྤེལ་བའི་ནང་དུ། སྲིད་འཛིན་ཞི་ཅིན་ཕིང་གི་འཆར་སྣང་ལྟར་རྒྱ་ནག་དེ་བཞིན་དེང་རབ་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཞིག་བཟོ་རྒྱུ་དང་། སྔར་ལྷག་བསྒྱུར་བཅོས་གཏིང་ཟབ་ཏུ་གཏང་རྒྱུ། དེ་བཞིན་རྒྱལ་ཡོངས་བདེ་འཇགས་ནུས་ཤུགས་ཆེ་རུ་གཏང་རྒྱུ་སོགས་འཁོད་ཡོད་འདུག ཡིན་ནའང་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་དྲུང་ཟུར་ཀུན་དགའ་བཀྲིས་ལགས་ཀྱི་གསུངས་ན། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གི་འཛིག་པོ་ག་ཚོད་བཤད་ཀྱང་དོན་དངོས་ཐོག་ད་ལྟའི་རྒྱ་ནག་ནང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་སྟངས་ལ་ལྟས་པ་ཡིན་ན་རྒྱ་ནག་དམར་ཤོག་གཞུང་གིས་མི་མང་གི་འདོད་བློ་སྲུང་ཐུབ་ཀྱི་མེད་པ་གསལ་པོ་ཡིན་པ་གསུངས་སོང་།

china third plenum concluded

དེ་ཡང་རྒྱ་ནག་གིས་རྒྱལ་ས་པེ་ཅིང་དུ་ཟླ་བ་འདིའི་ཚེས་ ༡༥ ནས་འགོ་འཛུགས་བྱས་པའི་དམར་ཤོག་ཚོགས་པ་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་ ༣ པ་དེ་ཁ་སང་མཇུག་སྒྲིལ་བྱས་པ་དང་འབྲེལ། བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་དུ། རྒྱ་ནག་རྒྱལ་ཁབ་འདི་ཕྱོགས་གང་ས་ནས་ཡར་རྒྱས་བཏང་སྟེ་ཆེས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཞིག་བཟོ་རྒྱུ་དང་། རྒྱལ་ཡོངས་བདེ་འཇགས་ལས་དོན་ཤུགས་ཆེ་རུ་གཏང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲ་བརྟན་བཟོ་རྒྱུ། དམིགས་ཡུལ་དེ་དག་འགྲུབ་པར་དམར་ཤོག་ཚོགས་པས་འགོ་ཁྲིད་པའི་ལམ་ལུགས་མུ་མཐུད་རྒྱུན་གནས་དགོས་ངེས་ཡིན་པ། ཆེས་དེང་རབས་ཅན་གྱི་ཚད་མཐོའི་འཕྲུལ་ལས་རིག་རྩལ་ཡར་རྒྱས་གོང་འཕེལ་གཏང་རྒྱུ། དེང་སྐབས་རྒྱ་ནག་དང་ཨ་རི་ཐེ་བའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་དབར་མཚོ་གླིང་བདག་དབང་ཐད་རྙོག་གླེང་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་གིས་རང་གི་དྲག་པོའི་དཔུང་སྡེ་ཆེས་དེང་རབས་ཅན་དུ་བསྒྱུར་རྒྱུ་སོགས་དང་འབྲེལ། ཚོགས་འདུའི་ཐོག་བཞག་པའི་དམིགས་ཡུལ་དེ་དག་ཕྱི་ལོ་ ༢༠༢༩ སྟེ་རྒྱ་ནག་དམར་ཤོག་ཚོགས་པ་འགོ་འཛུགས་བྱས་ཏེ་ལོ་ངོ་ ༨༠ འཁོར་བའི་དུས་དྲན་སྐབས་བསྒྲུབ་ཐུབ་པ་བྱ་རྒྱུ་ཡིན་པ་བརྗོད་འདུག

china third plenum concluded

འདི་གའི་གསར་འགོད་པའི་དེ་རིང་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་དྲུང་ཟུར་ཀུན་དགའ་བཀྲིས་ལགས་སུ་རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་འདིའི་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས་ཐེངས་འདིའི་ཚོགས་འདུའི་ཐོག་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Qin Gang གི་དགོངས་ཞུ་ལ་ངོས་ལེན་དང་། རྒྱལ་སྲུང་བློན་ཆེན་ཟུར་པ་ Li Shangfu གཙོས་པའི་ཞིབ་སྤྱོད་བྱས་བཞིན་པའི་རྒྱ་ནག་དཔོན་རིགས་ཁག་གཅིག་གི་གནས་བབ་ལ་གསལ་ཁ་བྱུང་ཡོད་སྐོར་སོགས་དང་འབྲེལ། སྤྱིར་ད་ལན་རྒྱ་ནག་གིས་ཞི་ཅིན་ཕིང་ལ་བསྟོད་པ་དང་དཔལ་འབྱོར་གནས་བབ་ཡར་རྒྱས་གཏང་རྒྱུ་སོགས་གྲ་ཆགས་པོ་ག་ཚོད་བཤད་པ་ཡིན་ནའང་ད་ལྟའི་བྱུང་རབ་ཁག་ལ་ལྟས་པ་ཡིན་ན་རྒྱ་ནག་དམར་ཤོག་གཞུང་གིས་ད་ལྟའི་ཆར་མི་དམངས་ཀྱི་འདོད་བློ་བསྐོང་ཐུབ་ཀྱི་མེད་པའི་རྣམ་པ་གསལ་པོ་མངོན་རྒྱུ་ཡོད་པ་གསུངས་སོང་།

china third plenum concluded

རྩ་བའི་རྒྱ་ནག་གི་ལོ་རྒྱུས་ཁྲོད་དེ་སྔ་ཕྱི་ལོ་ ༡༩༧༨ ལོར་ཚོགས་འདུ་གསུམ་པའི་ཐོག Deng Xiaoping གིས་དཔལ་འབྱོར་གུ་ཡངས་ཀྱི་བསྒྱུར་བཅོས་སྲིད་བྱུས་གསལ་བསྒྲགས་བྱས་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༣ ལོར་སྲིད་འཛིན་ཞི་ཅིན་ཕིང་གིས་ཚོགས་འདུ་གསུམ་པའི་སྐབས་རྒྱ་ནག་གི་ཕྲུ་གུ་གཅིག་མ་གཏོགས་སྐྱེས་མ་ཆོག་པའི་སྲིད་བྱུས་ལ་བསྒྱུར་བ་བཏང་བ་སོགས་ཚོགས་འདུ་གསུམ་པ་དེའི་ཐོག་རྒྱ་ནག་གི་ལོ་རྒྱུས་རང་བཞིན་དང་སྲིད་བྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་ཐེབས་པ་མང་པོ་བྱུང་མྱོང་ཡོད་པ་རེད། ཡིན་ནའང་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འདིའི་བསྒྲགས་གཏམ་ནང་དུ། རྒྱ་ནག་དེ་བཞིན་དེང་རབ་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཞིག་བཟོ་རྒྱུ་དང་སྔར་ལྷག་བསྒྱུར་བཅོས་གཏིང་ཟབ་ཏུ་གཏང་རྒྱུ། རྒྱལ་ཡོངས་བདེ་འཇགས་ནུས་ཤུགས་ཆེ་རུ་གཏང་རྒྱུ་སོགས་འཁོད་པ་མ་གཏོགས། ད་ལྟ་ཡོད་བཞིན་པའི་ས་ཁང་དང་དཔལ་འབྱོར་གི་དཀའ་ངལ་སོགས་ལས་གྲོལ་ཐབས་ཀྱི་ཕུག་རྒྱང་རིང་པོའི་ཐབས་ལམ་སྲིད་བྱུས་རིགས་གང་ཡང་སྟོན་མེད་པ་མ་ཟད། ཐེངས་འདིིའི་ཡིག་གྲུ་ ༥༠༠༠ ཙམ་གྱི་བསྒྲགས་གཏམ་ནང་དུ་བཅོས་བསྒྱུར་གང་དང་གང་གཏང་རྒྱུ་ཡིན་མིན་སོགས་ཀྱི་གསལ་ཁ་མེད་པ་ཡིན་སྟབས། དེའི་ཐོག་ཞིབ་ཁྲའི་ཡིག་ཆ་འདོན་སྤེལ་མ་བྱས་བར་དུ་མང་ཚོགས་ཀྱི་ཚོད་དཔག་རང་གི་ཐོག་ལ་བསྡད་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།