Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གྱི་ལྡེབས་རིས་སྒྱུ་རྩལ་གཞུང་ལམ་ཐོག་བོད་དོན་དྲིལ་བསྒྲགས་གནང་བ།

Tibetan News Headlines

  • Tibet Initiative deputy director detained at Hong Kong airport for 13 hours, barred from entry
  • Tibetan activist A-Nya Sengdra granted family visits but continues to be detained in Chinese custody
  • Australian Tibet advocates wrap up 13th annual lobbying event, presenting four-point agenda to officials
  • Chinese government appears to plan large-scale dam construction on the Yarlung Tsangpo River
  • China’s ‘disappeared’ foreign minister demoted to low-level publishing job, say former U.S. officials

རེས་གཟའ་ཟླ་བ། ༢༠༢༤།༠༩།༠༩

  • འཇར་མ་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་ཞུགས་ཐད་བཀག་སྡོམ།
  • ཨ་ཉག་སེང་སྒྲ་ལགས་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུག་ཀྱང་ད་དུང་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ།
  • དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་སྒྲིལ།
  • རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེ་གྲས་བརྒྱག་འཆར་ཡོད་པ་མངོན་གསལ།
  • གར་སོང་ཆ་མེད་དུ་གྱུར་བའི་ཇིན་ཀང་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་བརྗོད་འདུག

དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་གི་ Brick Lane ལྡེབས་རིས་སྒྱུ་རྩལ་གཞུང་ལམ་གྱི་གྱང་ངོས་སྟེང་བྲིས་པའི་འབོད་ཚིག་དང་འབྲེལ་རྒྱ་གཞུང་དང་ལྟ་སྤྱོད་མཐུན་པའི་རྒྱ་རིགས་སློབ་ཕྲུག་དང་དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བའི་དབར་ལ་རྩོད་རྙོག་བྱུང་བའི་ཁྲོད་བོད་དོན་དྲིལ་བསྒྲགས་གནང་འདུག

བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། ཟླ་ ༨ ཚེས་ ༥ ཉིན་དབྱིན་ཡུལ་གྱི་ཤར་མཚམས་སུ་ཡོད་པའི་ BrickLane ལྡེབས་རིས་སྒྱུ་རྩལ་གཞུང་ལམ་གྱི་གྱང་ངོས་སྟེང་ཁུལ་དེར་རི་མོ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་ཕྲུག་ཁག་ཅིག་གིས་ཞི་ཅིན་ཕིང་གི་ལྟ་སྤྱོད་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་དང་འབྲེལ་ཏེ་མང་གཙོ་དང་རང་དབང་། འདྲ་མཉམ། དྲང་བདེན། ཁྲིམས་ལུགས་དབང་བསྒྱུར་སོགས་འབོད་ཚིག་འདྲ་མིན་འཁོད་པའི་ཚིག་དུ་མ་བྲིས་རྗེས་འབོད་ཚིག་དེ་དག་སྤྱི་ཚོགས་དྲྭ་རྒྱའི་སྟེང་ཁྱབ་སྤེལ་ཆེས་ཆེར་སོང་སྟེ་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ལས་འགུལ་བ་རྣམས་ཀྱིས་དེར་སྐྱོན་བརྗོད་ཀྱིས་མཆན་བྲིས་པར་མ་ཟད། ལ་ལས་གཞུང་ལམ་དེ་ཉིད་ལ་ཆེད་བསྐྱོད་ཀྱིས་གྱང་ངོས་སུ་བྲིས་པའི་འབོད་ཚིག་དག་ལ་བཟོ་བཅོས་ཀྱིས་རྒྱ་ནག་ནང་མང་གཙོ་དང་རང་དབང་། འདྲ་མཉམ། དྲང་བདེན་སོགས་གང་ཡང་མེད་པར་མངོན་གསལ་གནང་བ་དང་ཆབས་ཅིག་ཚོན་འདྲ་མིན་གྱི་ཟེགས་ཆུ་གཏོར་ནས་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་འདུག

གནས་སྟངས་དེའི་ཁྲོད་ཁ་སང་སྔ་དྲོ་ Tower Hamelts གྲོང་སྡེ་ལས་ཁུངས་ཀྱིས་ Brick Lane ལྡེབས་རིས་སྒྱུ་རྩལ་གྱི་གྱང་ངོས་སྟེང་བཀོད་པའི་འབོད་ཚིག་ཡོངས་རྫོགས་རྩི་བསུབ་ཚོན་དཀར་གྱིས་ནག་བསུབ་བཏང་རྗེས་ཁུལ་དེར་ཡོད་པའི་དབྱིན་ཡུལ་བོད་རིགས་ཚོགས་པ་དང་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་དོན་ལས་འགུལ་ལྟེ་གནས་ཁང་བཅས་ཟུང་སྦྲེལ་གྱིས་གོ་སྐབས་དེ་དམ་འཛིན་གནང་སྟེ་ Brick Lane གྱི་གྱང་ངོས་སྟེང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འདུག

ཁ་སང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་སྐབས་བསྟན་འཛིན་ཀུན་དགའ་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་གཙོ་བོ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་སྐོར་ཞུ་གཏུག་གནང་བ་དང་སྦྲགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འགུལ་འབྲེལ་མཐུད་པ་ Rashi Jauhri ལགས་ཀྱིས་རྒྱ་གཞུང་ནས་ད་བར་བོད་ནང་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ཡས་མས་ཀྱི་རིགས་རྫས་བཙན་དབང་གིས་བསྡུ་ལེན་བྱས་ཡོད་པའི་ཁྲོད་འདིར་ད་ཆ་དབྱིན་ཡུལ་གྱི་ལྡེབས་རིས་སྒྱུ་རྩལ་སྟེང་བོད་ཀྱི་གནད་དོན་ལ་འཁྱོག་བཤད་དྲིལ་བསྒྲགས་དེ་ལྟ་བུ་བྱས་ཡོད་པའི་བསམ་བློ་དེ་ནི་ནོར་འཁྲུལ་ཡིན་པར་ནན་བརྗོད་དང་རྒྱ་གཞུང་གིས་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་ནང་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་དང་དྲག་གནོན་བཏང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།