Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་ཉིན་གྲངས་གཉིས་རིང་གི་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས།

Tibetan News Headlines

  • HHDL is recovering exceptionally well, says Dr. Tsetan Dorji Sadutshang
  • For now, this is my temple: Devotees flock to the Dalai Lama’s hotel in NYC for circumambulation
  • We are born activists; Political consciousness is in us at a very young age: Bhutila Karpoche
  • 4 years of draconian National Security Law: RSF calls for greater support for diaspora-led media
  • India, China foreign ministers agree to resolve border issues at earliest
  • Health and Wellness : Dr. Tenzin Dechen on monsoon health precaution

རེས་གཟའ་ཕུར་བུ། ༢༠༢༤།༠༧།༠༤

  • ༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་དད་ལྡན་མི་མང་རྣམས་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་འདུག
  • ༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་དད་ལྡན་པས་ཕྱག་འཚལ་སྐོར་སྦྱོང་གནང་བཞིན་པ།
  • བཙན་བྱོལ་བོད་མིའི་ཁྲོད་ཆབ་སྲིད་ཀྱི་བསམ་བློ་དེ་རང་བཞིན་ལྷན་རྒྱས་སུ་ཡོད་པ་གསུངས་འདུག
  • རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཙན་བྱོལ་ནང་གི་གསར་ཁང་ཁག་ལ་རྒྱབ་སྐྱོར་གནང་དགོས་གསུངས་འདུག
  • རྒྱ་དཀར་ནག་གཉིས་ནས་གང་མགྱོགས་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་བྱ་རྒྱུ་ཡིན་པ་བརྗོད་འདུག
  • འཕྲོད་བསྟེན་ལེ་ཚན། ཆར་དུས་དང་ཆུ་ལོག་ཁྲོད་ཀྱི་ནད་རིགས་དང་དེར་གདོང་ལེན་གནང་ཕྱོགས།

དེ་རིང་ཕྱི་ཟླ་ ༩ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་ཉིན་གྲངས་གཉིས་རིང་གི་བཀའ་ཆོས་དབུ་འཛུགས་མཛད་སོང་།

དེ་རིང་སྔ་དྲོ་ཕྱག་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་བཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཀའ་ཆོས་དབུ་འཛུགས་མཛད་པ་དང་འབྲེལ། མགོན་པོ་མཆོག་གིས་སྟོན་པ་ཐུགས་རྗེ་ཅན་བཅོམ་ལྡན་འདས་ཉིད་ཀྱིས་ལམ་བསྟོན་མཛད་པ་བཞིན་རང་གཅེས་འཛིན་གྱི་བློ་དེ་རང་གཞན་གཉིས་ཀར་གང་ཡང་ཕན་གྱི་མེད་སྟབས་ག་ཚོད་ཐུབ་ཐུབ་ཀྱིས་གཞན་གཅེས་འཛིན་གྱི་བློ་སྒོམ་དགོས་ཞེས་བཀའ་སྩལ་བ་དང་ཆབས་ཅིག ལྷག་པར་ད་ལྟའི་དུས་འདི་བཞིན་དུས་སྙིགས་མ་ཡིན་པར་ལྟོས་མེད་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་པོ་ཆེས་ཉེ་བར་མཁོ་བས་ཉམས་ལེན་གནང་གནད་ཆགས་ཡོད་པ་དང་རྐྱེན་ངན་གང་འཕྲད་ཀྱང་དེ་དག་གི་རྒྱུ་རྣམས་ལ་སྙིང་རྗེ་ནས་ལྟོས་ཤིག་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།

དེ་བཞིན་༸གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཆགས་སྟབས་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་དང་དེ་ལྟར་སྒོམ་ཚེ་དེ་ནི་ཚེ་སྒྲུབ་ངོ་མ་དེ་རེད་ཅེས་བཀའ་སྩལ་སོང་།

མགོན་པོ་༸གང་ཉིད་མཆོག་གིས་བཀའ་ཆོས་ལེགས་གྲུབ་དང་འབྲེལ་ནས་ང་ཚོར་སངས་རྒྱས་ཀྱི་ཆོས་རྒྱ་ཆེ་ལ་གཏིང་ཟབ་ཡོད་པ་དེ་དག་ཕྱག་དཔེ་ནང་དུ་མཇལ་རྒྱུ་ཡོད་པ་བཞིན་ཐབས་དང་ཤེས་རབ་གཉིས་ཟུང་འབྲེལ་ཐོག་ནས་ནང་ཆོས་ལ་སློབ་གཉེར་གནང་དགོས་པར་ལམ་སྟོན་མཛད་ཡོད།

ཐེངས་འདིའི་ཆོས་འབྲེལ་ཐོག་ཝི་ཏི་ནམ་དང་སིངྒ་པུར། ཐའེ་ལན་ཌི། མཱ་ལེ་ཤེ་ཡ་སོགས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བའི་ཞལ་གྲངས་ ༦༠༠ ཡས་མས་གཙོས་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་ཆེད་བཅར་ཞུས་འདུག

དེ་རིང་གི་བཀའ་ཆོས་ནི་ཉེ་ལམ་༸གོང་ས་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་པའི་རྗེས་ཀྱི་བཀའ་ཆོས་སྩལ་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། མཛད་འཆར་ཐུགས་གཏན་ཁེལ་བར་གཞིགས་ན།  ཕྱི་ཟླ་ ༡༠ ཚེས་ ༢ ནས་ཚེས་ ༤ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཐུགས་གཏན་ཁེལ་ཡོད་པ་རེད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།