Tibetan Royal Year of 2151 | Year of the Wood Dragon

བོད་དེ་ལག་ཆ་ལྟ་བུར་བདེ་སྤྱོད་གཏོང་རྒྱུ་མེད་པ་གསུངས་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཁ་སང་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་གར་གྱི་གཞུང་ཚན་ཆེན་མོ་གནང་མྱོང་ཡོད་པ་དང་། ད་ལྟའི་ཆར་ Asian Development Research Institute ཞིབ་འཇུག་ལྟེ་གནས་སུ་འགན་འཛིན་ལྷན་ཚོགས་ཁོངས་སུ་ཡོད་པ་སྐུ་ཞབས་ Dilip Sinha ལགས་ཀྱིས་བརྩམས་པའི་ Imperial Games In Tibet: The Struggle for Statehood And Sovereignty ཞེས་པའི་དཔེ་དེབ་དེ་ཉིད་དབུ་འབྱེད་གནང་འདུག

Imperial Games in Tibet
Photo: FNVA

དེའང་ The Times གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༠༠ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ India International Centre ལྟེ་གནས་ཁང་དུ་ཡུལ་དེའི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་སྐུ་ཞབས་ Shivshankar Menon ལགས་ཀྱི་དབུས་པའི་བོད་དོན་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས། གསར་འགོད་པ་གྲགས་ཅན་ Smita Sharma ལགས་བཅས་རྣམ་པ་གསུམ་གྱིས། སྐུ་ཞབས་ Dilip Sinha ལགས་ཀྱིས་བརྩམས་པའི་ Imperial Games In Tibet: The Struggle for Statehood And Sovereignty ཞེས་པའི་དཔེ་དེབ་དབུ་འབྱེད་གནང་འདུག

dilip sinha
Dilip Sinha

ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དཔེ་དེབ་དེ་ཉིད་བརྩམས་གནང་མཁན་དང་དེ་སྔ་རྒྱལ་ཚོགས་སུ་རྒྱ་གར་གྱི་གཞུང་ཚན་ཆེན་མོ་གནང་མྱོང་མཁན་སྐུ་ཞབས་ Dilip Sinha ལགས་ཀྱིས་དཔེ་དེབ་འདིའི་ནང་། གཙོ་བོ་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ་དང་། ཕྱོགས་ཕན་ཚུན་དབར་བྱུང་བའི་བཙན་འཛུལ་དང་དམག་གི་དོན་རྐྱེན། དེ་བཞིན་རྒྱ་གཞུང་གིས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་ལོ་རྒྱུས་ཀྱི་འཁྱོག་བཤད་དེ་ནི་དངོས་ཡོད་མིན་པ། གནའ་བོའི་ Manchu དང་ Tang རྒྱལ་རབས་སྐབས་སུའང་བོད་དེ་རྒྱ་ནག་གི་འཛིན་སྐྱོང་ཁོངས་སུ་མེད་པ། དེ་བཞིན་རྒྱ་ནག་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པ། ལྷག་དོན་རྒྱ་གར་གཞུང་ངོས་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་གནད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་།  ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལངས་ཕྱོགས་གསལ་པོ་བཟོ་དགོས་པའི་དུས་ལ་བབས་ཡོད་པ་སོགས་ཀྱི་སྐོར་གླེང་ཡོད་པ་གསུངས་འདུག

རྩ་བའི་དེ་སྔ་གསར་ཁང་གིས་སྐུ་ཞབས་ Dilip Sinha ལགས་སུ་ཁོང་གིས་བརྩམས་པའི་དཔེ་དེབ་དང་འབྲེལ་ནས་བཅར་འདྲི་གནང་བའི་ནང་། ཁོང་གིས་དེ་སྔ་ཕྱི་ལོ ༡༩༥༠ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་སྐབས་རྒྱ་གར་ངོས་ནས་དེ་ནོར་འཁྲུལ་ཡིན་པ་དང་། བོད་ཀྱི་གནད་དོན་དེ་ཞི་བའི་ལམ་ནས་ཐག་གཅོད་བྱེད་དགོས་པ། དེ་བཞིན་བོད་ལ་རང་སྲིད་རང་སྐྱོང་གི་གནས་སྟངས་ཡོད་པའི་ལངས་ཕྱོགས་ཞིག་བཟུང་ཡོད་པ་དེ་ལྟར་ཡང་། རྒྱ་ནག་ངོས་ནས་ལངས་ཕྱོགས་དེ་དག་ཡོངས་སུ་རྫོགས་པ་རྩིས་མེད་རྡོག་རོལ་བཏང་ཡོད་པར་བརྟེན། རྒྱ་གར་ནས་ད་ཆ་གནད་དོན་འདི་ལ་བསྐྱར་དུ་བསམ་གཞིག་བྱ་དགོས་པའི་དུས་ལ་བབས་ཡོད་པ་གསུང་འདུག་པ་ཙམ་མ་ཟད། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལངས་ཕྱོགས་གསལ་པོ་བཟོ་དགོས་པ་གསུངས་འདུག

Shivshankar Menon
Shivshankar Menon

མ་ཟད་སྐབས་དེར་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་སྐུ་ཞབས་ Shivshankar Menon ལགས་ཀྱིས་སྐུ་ཞབས་ Dilip Sinha ལགས་ཀྱི་དཔེ་དེབ་དེ་ནི་གཞོན་སྐྱེས་ཚོར་བོད་ས་མ་ཤོར་སྔོན་ནས་ད་ལྟ་དབར་གྱི་རྒྱ་གར་དང་བོད། རྒྱ་ནག་བཅས་ཀྱི་རྙོག་འཛིངས་ཅན་གྱི་དངོས་ཡོད་གནད་དོན་རྣམས་ངོ་སྤྲོད་ཐུབ་ཐབས་སུ་ཕན་ཐོགས་ཡོང་ངེས་ཡིན་སྐོར་གསུངས་པ་དང་ཆབས་ཅིག ལྷག་པར་ལོ་མང་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་རྩ་གཏོར་གཏང་ཐབས་ཀྱི་སྲིད་བྱུས་སྣ་ཚོགས་སྤེལ་གྱི་ཡོད་ཀྱང་། རྒྱ་གར་གཞུང་གིས་མཐུན་འགྱུར་འོག་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཆེན་པོའི་ཐོག་ནས་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་གནང་བཞིན་ཡོད་པར་བསྔགས་བརྗོད་ཙམ་མ་ཟད། རྒྱ་ནག་གིས་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་ཀྱི་ཡོད་པ་དང་འབྲེལ་ནས་༸སྐུའི་ཡང་སྲིད་ཀྱི་བདག་དབང་ཆ་ཚང་༸གོང་ས་མཆོག་སྐུ་སྒེར་དང་གང་ཉིད་ཀྱི་སྐུ་འཁོར་དེ་བཞིན་བོད་མི་རྣམས་ལ་ཡོད་པ་གསུངས་འདུག

Shivshankar Menon
Photo: FNVA

དེ་བཞིན་སྐུ་ཞབས་ Menon ལགས་ཀྱིས་ཉེ་ཆར་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་བཅད་པའི་གནད་དོན་དེ་ནི་ཨ་རིའི་གཞུང་གིས་བོད་མིའི་འཐབ་རྩོད་ཐད་དོ་སྣང་ཆེན་པོ་ཡོད་པ་མངོན་ཐུབ་ཀྱི་ཡོད་པ་དེ་ལྟར་ཡང་། ད་ཐེངས་ཨ་རི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་བཞིན་ཁྲིམས་སུ་བཅད་པའི་གནད་དོན་དེ་ད་ལྟའི་ཨ་རྒྱ་གཉིས་ཀྱི་ཆེས་ཟང་ཟིང་གི་འབྲེལ་ལམ་ལ་བརྟེན་ནས་བྱུང་ཡོད་པ་འགྲེལ་བརྗོད་ཀྱིས། བོད་དེ་ལག་ཆ་ལྟ་བུ་སྤྱོད་རྒྱུ་མེད་པ་དང་། གལ་ཏེ་དེ་ལྟར་གནང་ཚེ་དེ་ནི་བོད་མི་རིགས་ཀྱི་འཐབ་རྩོད་ལ་ཁྱད་གསོད་བྱས་པ་ཞིག་ཡིན་པ་གསུངས་འདུག

Ravi Shankar Prasad
Ravi Shankar Prasad

གཞི་རྩའི་སྐུ་ཞབས་ Dilip Sinha ལགས་ཀྱིས་བརྩམས་པའི་ Imperial Games In Tibet: The Struggle for Statehood And Sovereignty ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་གྱི་གྲོས་ཚོགས་མཐུས་མི་སྐུ་ཞབས་ Ravi Shankar ལགས་དང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དུ་རྟེན་གཞི་བྱས་པའི་ Foundation for Non-Violent Alternatives ཞེས་འཚེ་བ་མེད་པའི་ཐབས་ལམ་གྱི་འདམ་གའི་ཐེབས་རྩ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་འདུལ་ལགས། དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་རྒྱ་གར་འབྲེལ་མཐུད་པ་ངག་དབང་ཆོས་ལྡན་ལགས།  རྒྱ་ནག་སྐོར་ཉམས་ཞིབ་གནང་མཁན་གྱི་མཁས་པ། བོད་དོན་ཆེད་མཁས་པ་དང་ལས་འགུལ་བ། གསར་འགོད་པ། དེ་བཞིན་ས་གནས་བོད་མི་ཁག་གཅིག་ནས་ མཉམ་ཞུགས་དང་སྦྲགས། དྲི་བ་ཁག་གཅིག་ཀྱང་འདྲི་ཐུབ་པ་བྱུང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།