Tibetan Royal Year of 2151 | Year of the Wood Dragon

བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་གཞུང་མང་ལ་གཅེས་ནོར་ཞིག་རེད་ཅེས་གསུངས་སོང་།

Tibetan News Headlines

  • Bhartruhari Mahtab and Tapir Gao become new convener and co-convener of the all party Indian parliamentary forum for Tibet
  • 6th General body meeting of Tibetan trader’s association commences in Ludhiana
  • U.S. expands ban on Chinese imports over Uyghur rights abuses
  • Large-scale construction projects are being carried out in the border areas of Tibet and India
  • Tibetan Diaspora : Sera Jey international online school

རེས་གཟའ་པ་སངས། ༢༠༢༤།༠༨།༠༩

  • སྐུ་ཞབས་ Bhartruhari Mahtab མཆོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག
  • བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ།
  • ཡུ་གུར་རང་དབང་རྡོག་རོལ་བཏང་བར་ཨ་རིས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བཀག་སྡོམ་རྒྱ་སྐྱེད།
  • འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། སེར་བྱེས་དྲ་ཐོག་སྐད་ཡིག་སློབ་གྲྭ།

རྒྱ་གར་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Harsh Vardhan ཧཱརྴ་ཝཱརདྷན་ལགས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ནི་རྒྱ་གར་གཞུང་མང་ལ་གཅེས་ནོར་ལྟ་བུ་ཞིག་ཆགས་ཡོད་ཅེས་གསུངས་པ་མ་ཟད།  ཁོང་ཚོའི་ཆབ་སྲིད་ཚོགས་པའི་ངོས་ནས་བོད་མི་ཚོར་གང་འོས་རྒྱབ་སྐྱོར་ཞུ་རྒྱུའི་ཞལ་བཞེས་ཀྱང་གནང་སོང་།  

ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱལ་ས་ལྡི་ལིའི་ ChandniChowk འོས་བསྡུའི་ས་ཁོངས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Harsh Vardhan ལགས་བོད་སྒར་བསམ་ཡས་གླིང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་བྷུ་དྷ་སྦི་ཧར་ནང་ཆེད་ཕེབས་གནང་བ་དང་བསྟུན། ཁུལ་དེར་གཏན་སྡོད་གནང་མཁན་གྱི་བོད་མི་དང་། ཁྲོམ་འདོན་ཚོགས་པ་བཅས་ནས་ཁོང་ལ་སྣེ་ལེན་དང་སྦྲགས། མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་སོང་།

སྐབས་དེར་སྐུ་ཞབས་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཛད་འཕྲིན་ལ་རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་མི་མང་ཡོངས་ཀྱིས་གུས་བཀུར་ཆེན་པོ་ཞུ་ཡི་ཡོད་པ་དང་། ༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་རྒྱ་གར་གཞུང་མང་ལ་གཅེས་ནོར་ལྟ་བུ་ཞིག་ཡིན་པ་མ་ཟད་། མགོན་པོ་༸གང་ཉིད་མཆོག་ལོ་ངོ་དྲུག་བཅུ་ལྷག་བཙན་བྱོལ་དུ་བཞུགས་པའི་བྱིན་རླབས་དེ་རྒྱ་གར་རྒྱལ་ཡོངས་སུ་ཁྱབ་ཡོད་སྐོར་སོགས་གསུངས་སོང་།

གཞི་རྩའི་སྐུ་ཞབས་ཧཱརྴ་ཝཱརདྷན་ལགས་ཕྱི་ལོ་ ༢༠༢༤ ལོའི་འོས་བསྡུ་ཆེན་མོའི་འགྲན་རྩོད་སླེབ་ལ་ཉེ་བ་དང་བསྟུན་བྷུ་དྷ་སྦི་ཧར་ལྟ་བུའི་རང་ཉིད་ཀྱི་ཁྱབ་ཁོངས་ས་ཁུལ་ཁག་ཏུ་སྔོན་འགྲོའི་འོས་བསྡུའི་གྲ་སྒྲིག་དང་དྲིལ་བསྒྲགས་ཆེད་ས་གནས་སྐོར་བསྐྱོད་གནང་བཞིན་ཡོད་པ་དང་། བོད་མི་རྣམས་ཀྱིས་གོ་སྐབས་དེ་དང་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱི་བརྒྱུད་སྐུ་ཞབས་ཁོང་ལ་ས་གནས་ཀྱི་ལམ་ཆེན་ཐོག་ངེས་པར་དུ་ལྡིང་ལམ་ཞིག་གསར་སྐྲུན་དགོས་པ་དང་། འགྲུལ་འཁོར་འཇོག་ཡུལ། སྤྱི་པའི་གསང་སྤྱོད། དེ་བཞིན་ཆར་དུས་སུ་ཆུ་རུད་འགོག་ཐབས་སླད་ཆུ་འགྲོ་ཡུར་བུ་སོགས་གསར་བཟོ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བོད་དོན་དང་འབྲེལ་བའི་གླེང་སློང་ཡོང་ཐབས་ཀྱི་ཞུ་སྐུལ་ཡང་གནང་སོང་།

སྐུ་ཞབས་ཁོང་གིས་བོད་མིའི་རེ་འབོད་ཁག་ལ་དོ་སྣང་ཡོད་སྐོར་གསུངས་པ་དང་འབྲེལ། དབུས་དང་ས་གནས་གཉིས་ཀྱི་ཆབ་སྲིད་ཚོགས་པའི་དབར་བསམ་ཚུལ་མི་མཐུན་པའི་དཀའ་ངལ་འགྲེལ་བརྗོད་གནང་སྟེ།   འབོད་སྐུལ་ཞུས་པའི་དཀའ་ངལ་ཁག་གཅིག་ལྡི་ལི་ས་གནས་ཀྱི་ AamAadmi ཨམ་ཨད་མིའི་ཆབ་སྲིད་ཚོགས་པ་དང་འབྲེལ་བ་ཆགས་ཀྱི་ཡོད་ཀྱང་། མ་འོངས་པར་ལྡི་ལི་ས་གནས་སུ་ BJP ཆབ་སྲིད་ཚོགས་པ་ཐོབ་པའི་ཉིན་མོ་དེར་དཀའ་ངལ་ཚང་མ་སེལ་ཐུབ་རྒྱུའི་གདེང་ཚོད་ཡོད་ཅེས་ཁས་ལེན་དང་། ལོ་རྗེས་མར་འོས་བསྡུ་ཆེན་མོ་སླེབ་ལ་ཉེ་བ་དང་བསྟུན། སྐུ་ཞབས་ Harsh Vardhan ཧཱརྴ་ཝཱརདྷན་ལགས་ཀྱིས་སྲིད་བློན་མོ་དྷི་མཆོག་གིས་སྣེ་ཁྲིད་པའི་ BJP ཆབ་སྲིད་ཚོགས་པའི་ལོ་དགུ་གཞུང་འཛིན་བྱས་པའི་བྱས་རྗེས་ཀྱི་སྙན་མཐོ་འགྲེམས་སྤེལ་གནང་སྟེ་མང་ཚོགས་ངོས་ནས་དེ་དག་ལ་དོ་སྣང་དགོས་པའི་འབོད་སྐུལ་སོགས་ཀྱང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།