Tibetan Royal Year of 2151 | Year of the Wood Dragon

བོད་མིའི་ཁྱིམ་ཚང་ལྔས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༤ པ་འཚོགས་བཞིན་པ་དང་བསྟུན། ཟླ་བ་འདིའི་ཕྱི་ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན་ཁུལ་དེར་གནས་སྡོད་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་མཁན་བོད་མི་ཁྱིམ་ཚང་ལྔས་རྒྱལ་ཚོགས་ཀྱི་མདུན་དུ་སླར་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་འདུག

སྟག་ཚང་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གཙོས་མདུན་ཆུ་ཚེ་རིང་རྒྱལ་པོ་ལགས་དང། ངག་དབང་ཚང་ངག་དབང་དཔལ་ལྡན་ལགས། རྒྱལ་བ་ཚང་བཀྲིས་ལྷ་མོ་ལགས། དེ་བཞིན་ཡེ་ཤེས་ལྷ་མོ་ལགས་བཅས་བོད་མི་ཁྱིམ་ཚང་ལྔས་ དང་བླངས་ཀྱིས་བོད་ཕྱི་ནང་གཉིས་སུ་བོད་དོན་ཆེད་སྐུ་ལུས་ཞུགས་འབུལ་གནང་མཁན་ཚོའི་སྐུ་པར་དང་ཞལ་ཆེམས། བོད་ནང་གི་དངོས་ཡོད་གནས་སྟངས་གསལ་བའི་པར་རིས། དེ་བཞིན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་རྣམ་ཐར། བོད་དོན་དང་འབྲེལ་བའི་ཡིག་ཆ་བཅས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བཤམ་སྟོན་གྱིས་རྒྱལ་ཚོགས་ནས་བོད་ཀྱི་གནད་དོན་ལ་འགན་འཁུར་ཆེ་བཞེས་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་རིག་གཞུང་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་པ། བོད་ཀྱི་བདག་པོ་བོད་མི་ཡིན་པ་སོགས་ཀྱི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

བོད་མི་ཁྱིམ་ཚང་ལྔ་པོས་རྒྱལ་ཚོགས་ནང་བཞག་པའི་བོད་དོན་གྲོས་ཆོད་ཁག་ལག་བསྟར་དོན་འཁྱོལ་དགོས་པ་དང་་བོད་ནང་རྒྱ་གཞུང་གིས་སྤེལ་བཞིན་པའི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་རྣམས་འཕྲལ་མར་མཚམས་འཇོག་དགོས་པ། བོད་མི་ཚོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོ་འཛིན་ཞུ་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་སོགས་ཀྱི་ཐོག་རྒྱལ་ཚོགས་ ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ། རྒྱ་གཞུང་ནས་བོད་རྒྱའི་དཀའ་སེལ་ཕྱིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས་པ། བོད་ནང་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་གཏན་འཇགས་སློབ་གྲྭ་མཚམས་འཇོག་དགོས་པ། བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་ཐོག་ལ་སློབ་གཉེར་གྱི་ཐོབ་ཐང་སྤྲོད་དགོས་པ། རྒྱལ་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་དགོས་པ་སོགས་གསུངས་འདུག

༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། བོད་དེ་འཛམ་གླིང་དང་འབྲེལ་མེད་ཁྱེར་རྐྱང་འཇོག་རྒྱུ་མེད་པ། རྒྱལ་སྤྱིའི་དཔོན་རིགས་རྣམས་ནས་ཛ་དྲག་རང་བཞིན་གྱི་གནས་སུ་ལྷུང་བའི་བོད་ཀྱི་ཁོར་ཡུག་ཐོག་དགོངས་པ་བཞེས་དགོས་པ། དེ་བཞིན་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚགས་ཀྱིས་རྒྱ་ནག་དེ་ཉིད་འགན་འཁུར་ལྡན་པ་ཞིག་བཟོ་དགོས་པ་དང་དེ་ལྟ་བུའི་རྒྱ་གཞུང་གི་དྲག་གནོན་ཅན་གྱི་ལས་གཞི་རྣམས་འཕྲལ་མར་མཚམས་འཇོག་ཆེད་ནུས་པ་སྤུངས་དགོས་གལ་ཡིན་པ་སོགས་གསུངས་ཡོད།

གཞི་རྩའི་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་འདས་པའི་ལོ་ ༡༡ ལྷག་གི་ནང་ཁོང་རྣམ་པས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་མཚན་བྱང་འོག་ཡོ་རོབ་བོད་དོན་གོམ་བགྲོད་འགུལ་དང། བོད་དོན་དྲིལ་བསྒྲགས་ལས་འགུལ། ཡོ་རོབ་འཐུས་ཚོགས་དང་གྲོས་ཚོགས། དེ་བཞིན་སུད་སི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ། གཞུང་ཚབ་ཁག་ལ་བོད་དོན་ཞུ་གཏུག། བོད་པའི་མི་འབོར་འཕེལ་རྒྱལ་ལས་འགུལ་སོགས་བོད་དོན་འཐབ་རྩོད་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་མང་དག་ཅིག་སྤེལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།