Tibetan Royal Year of 2151 | Year of the Wood Dragon

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ Wu Yingjie ལ་ཞིབ་བཤེར་བྱེད་བཞིན་པ།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་བོད་ནང་ལོ་ངོ་ ༤༧ ཙམ་ལས་ཀ་བྱས་མྱོང་མཁན་ Wu Yingjie ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་དང་འགལ་བའི་ལས་དོན་སྤེལ་བའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་པ་རེད་འདུག

Wu Yingjie

རྩ་བའི་ Wu Yingjie ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་དེ་སྔ་ཕྱི་ལོ་ ༡༩༧༤ ནས་ ༢༠༢༡ བར་ཁྱོན་ལོ་ ༤༧ རིང་སྲིད་གཞུང་གི་ལས་གནས་འདྲ་མིན་ཐོག་ལས་ཀ་བྱས་མྱོང་ཡོད་པའི་ཁྲོད། བོད་རང་སྐྱོང་ལྗོངས་སློབ་གསོ་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གཞོན་པ། དེ་བཞིན་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་ཐོག་ལས་ཀ་བྱས་མྱོང་ཡོད་པ་རེད། དེ་རྗེས་ཕྱི་ལོ་ ༢༠༢༡ ནས་བཟུང་ཁོ་པ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་དང་། སྐབས་བཅུ་བཞི་པའི་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་གསོ་ལས་ཁུངས་ཀྱི་འགན་འཛིན་གྱི་ལས་གནས་འཛིན་ཡོད་པ་རེད།

Wu Yingjie

ཁ་སང་ཕྱི་ཚེས་ ༡༦ ཉིན་ Xinhua སོགས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་དུ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས། རིག་གཞུང་དང་ལོ་རྒྱུས་ཞིབ་འཇུག་ཚོགས་ཆུང་གི་འགན་འཛིན་ Wu Yingjie ཡིས་ དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་དང་འགལ་བའི་ལས་དོན་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཚུལ་བཀོད་འདུག

Wu Yingjie ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་དམར་ཤོག་ཚོགས་པའི་དྲུང་ཆེའི་ངོ་བོའི་ཐོག་ལས་ཀ་བྱས་པའི་སྐབས་སུ་བོད་ནང་ཆེས་དྲག་གནོན་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་ཡོད་པ་མ་ཟད། དུས་རྟག་ཏུ་ཏ་ལའི་ཁ་བྲལ་རུ་ཚོགས་ལ་གདོང་ལེན་ནན་པོ་བྱ་དགོས་པ་བཤད་དེ་༸གོང་ས་མཆོག་ལ་མཚན་སྨད་ཤུགས་ཆེ་ཞུས་མཁན་ཞིག་ཀྱང་ཡིན་པ་རེད། དེའི་ཁྲོད་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་བའི་གནད་དོན་འོག Wu Yingjie དང་བོད་རང་སྐྱོང་ལྗོངས་ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་ Zhang Hongbo གཉིས་ལ་སྲིད་དོན་ཉེས་ཆེད་བཀལ་ཏེ། དཔོན་རིགས་གཉིས་པོའི་ཨ་རི་ནང་ཡོད་པའི་རྒྱུ་དངོས་དང་དངུལ་དངོས་སྤྲོད་ལེན་གྱི་ལས་དོན་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་རེད།

འདི་གའི་གསར་འགོད་པས་དེ་རིང་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་བོད་རིགས་འབྲེལ་མཐུད་པ་དང་བོད་དང་རྒྱ་ནག་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་ལྟ་ Wu Yingjie ལ་ཞིབས་སྤྱོད་བྱེད་བཞིན་ཡོད་ཟེར་བའི་སྐབས་སུ་ཁོ་པ་ཕལ་ཆེར་འཛིན་བཟུང་བྱས་ཟིན་པར་ངོས་འཛིན་བྱ་ཆོག་པ་དང་། Wu Yingjie འཛིན་བཟུང་བྱས་པ་དེ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལྐོག་བཟའ་རུལ་སུངས་ལ་རྡུང་རྡེག་གི་བྱ་འགུལ་ཁྲོད། མངའ་སྡེ་རིམ་པའི་དཔོན་རིགས་ཆེ་ཤོས་ཞིག་དང་བོད་ནང་ལོག་ནས་དཔོན་རིགས་མང་པོ་འཛིན་བཟུང་བྱས་པའི་ཁོངས་ནས་མཐོ་ཤོས་ཞིག་ཆགས་ཀྱི་ཡོད་པ་དང་། གནད་དོན་དེ་དག་ནས་ད་ལྟའི་རྒྱ་ནག་གོ་ཁྲིད་ལ་དབང་ཆ་ཇི་ཙམ་ཡོད་ཟེར་ཀྱང་བློས་སྐྱེལ་ས་མེད་པའི་དཀའ་ངལ་ཞིག་ཕྲད་བཞིན་ཡོད་པ་གསལ་པོ་མངོན་རྒྱུ་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།