Tibetan Royal Year of 2151 | Year of the Wood Dragon

བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་གནང་དགོས་གལ་ཡིན་པར་བཀའ་སྩལ་བ།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཊི་ནམ་གྱི་ཆོས་ཞུ་བ་ཁག་གཅིག་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་ཀྱི་ལྗགས་ལུང་དང་སྟོང་ཉིད་རྟོགས་པའི་ལྟ་བ་ངོ་སྤྲོད་མཛད་པ་དང་སྦྲགས་ཏེ། མགོན་པོ་༸གང་ཉིད་མཆོག་གི་ཉམས་བཞེས་མཛད་རྒྱུ་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཡིན་པ་ལྟར་ཁྱེད་རང་ཚོས་ཀྱང་དེ་ལྟར་གནང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁའི་ཐོག་མར་མགོན་པོ་༸གང་ཉིད་མཆོག་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་པོར་ཐུགས་བརྩོན་ཆེན་པོས་ཉམས་བཞེས་གཙོ་བོ་མཛད་ཀྱི་ཡོད་ཅེས་བཀའ་སྩལ་དང་འབྲེལ་ནས་ཁྱེད་རང་ཚོས་ཀྱང་དེ་ལྟར་གནང་དགོས་ཞེས་དང་། དེ་ལྟར་གནང་ཚེ་ལོ་ནས་ཟླ་བ་དང་ཟླ་བ་ནས་ཞག་བཅས་རིམ་པས་རང་རྒྱུད་ལ་འགྱུར་ལྡོག་འགྲོ་ངེས་ཡིན་པར་ལམ་སྟོན་མཛད་འདུག
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་སྙིང་པོ་ནང་གསལ་བའི་བདེན་གཉིས་པོ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་ཚུལ་རྣམ་ངོ་སྤྲོད་མཛད་པ་སྦྲགས། དམིགས་པའི་ཡུལ་གཟུགས་སྒྲ་དྲི་སོགས་སྣང་བ་ལྟར་མེད་པའི་དོན་དམ་པའི་དངོས་པོའི་རང་བཞིན་གང་ཡིན་བཅས་བཀའ་སྩལ་ཏེ། དེ་ལྟར་དངོས་པོ་རྣམས་ཀྱི་ཆོས་ཉིད་ལ་ཞིབ་མོར་དཔྱད་ཚེ་བདེན་གྲུབ་ཀྱི་བློ་དེ་ཆུང་དུ་འགྲོ་ཐུབ་ངེས་ཡིན་པ་སོགས་བཀའ་སྩལ་ཡོད།གཞན་ཡང་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་མུས་ཏང་གི་དད་ལྡན་མི་གྲངས་ ༡༥༠ ཙམ་ལ་མཇལ་ཁ་སྩལ་འདུག
གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལ་གཞིགས་ན། ༸གང་ཉིད་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཟླ་བ་འདིའི་ཕྱི་ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་ཀྱི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་བཀའ་དྲིན་མཛད་རྒྱུ་དང་། དེ་བཞིན་འདི་ཚེས་ ༣༠ ཉིན་འབྲས་སྤུངས་སྒོ་མང་དང་། ལྷ་ལྡན་ཆོས་སྤྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག པར་དབང་དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།