Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་མཐུན་ཚོགས་ཀྱི་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་མཚམས་འཇོག་དགོས་པ་གསུངས་འདུག

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

ཟླ་བ་འདིའི་ཚེས་ ༡༦ ཉིན་རྒྱ་ནག་གྱི་ Chongqing གྲོང་ཁྱེར་ནང་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་གྲོས་མོལ་ཐེངས་ ༣༩ པ་དེ་ཚོགས་པ་མ་ཟད། གྲོས་མོལ་གྱི་སྔོན་ཚུད་ཟླ་བ་འདིའི་ཚེས་ ༡༣ ནས་ ༡༥ བར་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རུ་ཁག་ནས་བོད་ནང་སྐོར་བསྐྱོད་གནང་ཡོད་པ་དང་འབྲེལ། ཁ་སང་ཡོ་རོབ་མཐུན་ཚོགས་ཀྱིས་གཞུང་འབྲེལ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གཞུང་ལ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་གནང་འདུག

EU

དེ་ཡང་ཁ་སང་ཡོ་རོབ་མཐུན་ཚོགས་ཀྱི་གཞུང་འབྲེལ་དྲ་གནས་ཐོག་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དང་འབྲེལ་ནས་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ། ཐེངས་འདིའི་གྲོས་མོལ་ཐོག་ཡོ་རོབ་མཐུན་ཚོགས་ནས་མང་ཚོགས་ཀྱི་གཞི་རྩའི་རང་དབང་ལ་དམ་དྲག་དང་ངལ་རྩོལ་གྱི་ཐོབ་ཐང་། བཙན་དབང་གི་ངལ་རྩོལ་བཀོལ་སྤྱོད། རྒྱ་ནག་ནང་ཁྲིམས་ཀྱི་རང་དབང་མེད་པ་དང་ཁྲིམས་ལུགས་ཀྱི་འགྲོ་ལུགས་དང་མཐུན་པའི་བྱ་རིམ་གྱི་ཐོབ་ཐང་ལ་ཚད་བཀག་བྱེད་པ་བཅས་ཀྱི་ཐད་ལ་སེམས་འཚབ་ཡོད་པ་ནན་བརྗོད་གནང་བ་མ་ཟད། སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། ཆོས་ལུགས་དད་མོས་ཀྱི་རང་དབང་། བུད་མེད་དང་ཕོ་མ་འདྲ་མཉམ་ཀྱི་ཐོབ་ཐང་བཅས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་གནང་ཡོད་པ་གསུངས་འདུག

ལྷག་པར་དུ་བོད་མི་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་སྐོར་དང་འབྲེལ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་ཆོས་ལུགས་ཀྱི་འགོ་ཁྲིད་ཁག་འདེམས་ཕྱོགས་ཐད་སྲིད་གཞུང་གི་ཐེ་བྱུས་བྱས་རྒྱུ་མེད་པ་ནན་བརྗོད་གནང་ཡོད་པ་གསུངས་འདུག

members-of-eu

ཕྱོགས་མཚུངས་རྒྱ་ནག་གིས་ཧོང་ཀོང་ནང་དུ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་རྐྱེན་པས་ས་ཁུལ་དེའི་ཚད་མཐོའི་དམངས་གཙོའི་གནས་བབས་དང་ཧོང་ཀོང་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་ལ་དོ་ཕོག་འགྲོ་བཞིན་ཡོད་པ་བཅས། གང་ལྟར་བོད་དང་ཤིན་ཅང་། ཧོང་ཀོང་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་འགྲེལ་བརྗོད་དང་འབྲེལ། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་རྣམས་རྩད་ཞིབ་དང་མཚམས་འཇོག་བྱས་དགོས་པ་གསུངས་འདུག

ཐེངས་འདིའི་རྒྱ་ནག་ལྷན་དུ་འགྲོ་བ་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་ཐེངས་ ༣༩ པའི་ཐོག འདི་ལོའི་ཕྱི་ཟླ་ ༣ པའི་ནང་དུ་ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ཚོགས་ཀྱི་ཆེས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་མཚན་བཏོན་གནང་བའི་བོད་མི་ཆབ་སྲིད་བཙོན་པ་ Go Sherab Gyatso ལགས་དང་བཀྲིས་རྡོ་རྗེ་ལགས་ཀྱི་གནད་དོན་གཙོས་པའི་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་ཆབ་སྲིད་བཙོན་པ་ཁག་གི་གནས་སྟངས་སྐོར་ལ་ཡང་གླེང་སློང་གནང་ཡོད་པ་གསུངས་འདུག

Release-Go-Sherab-Gyatso-Now

ཐེངས་འདིའི་གྲོས་མོལ་ཐོག་རྒྱ་ནག་གི་དེ་གའི་ཁྲིམས་དང་འགྲོ་ལུགས་སྐོར་གནས་ཚུལ་སྙན་སེང་ཞུས་ཡོད་པ་ལྟར། ཡོ་རོབ་མཐུན་ཚོགས་ཀྱི་གསུངས་ན། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གཙོས་པའི་ས་ཁུལ་ཁག་གི་ནང་དུ་མང་ཚོགས་ཀྱི་གཞི་རྩའི་རང་དབང་སྲུང་སྐྱོབ་བྱ་རྒྱུ་ལས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་ལ་གདོང་ལེན་གྱི་ལས་དོན་རྣམས་གལ་ཆེ་བར་འཛིན་བཞིན་པ་མངོན་གསལ་བྱུང་ཡོད་པ་གསུངས་འདུག

ད་ལན་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རུ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྔོན་ཚུད་དུ་བོད་ནང་དུ་སྐོར་བསྐྱོད་གནང་བའི་ཁྲོད། བོད་ཀྱི་རྒྱལ་ས་ལྷ་ས་དང་ཉིང་ཁྲི་ས་ཁུལ་ནང་དུ་སྐོར་བསྐྱོད་གནང་ཡོད་པ་ལྟར། ཡོ་རོབ་སྐུ་ཚབ་རུ་ཁག་གི་རེ་འདུན་བཞིན་ས་ཁུལ་དེ་དག་ནང་གི་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་དང་རིག་གཞུང་ཆོས་ཕྱོགས་ཀྱི་ས་གནས་ཁག དེ་བཞིན་གཞིས་སྤོས་བྱས་པའི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ཁག་གཅིག་དང་བཙོན་ཁང་བཅས་ལ་སྐོར་བསྐྱོད་གནང་ཐུབ་པ་བྱུང་ཡོད་པ་དེ་ལྟར་ཡང་། བོད་མི་ཆབ་སྲིད་བཙོན་པ་གང་ཟག་གི་ལྷན་དུ་མཇལ་འཕྲད་གནང་བཅུག་མེད་པ་རེད་འདུག སྐོར་བསྐྱོད་ཀྱི་རྗེས་སུ་ཡོ་རོབ་སྐུ་ཚབ་རུ་ཁག་ནས་རྒྱ་ནག་གཞུང་ལ་བོད་ནང་དུ་བོད་མིའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་དགོས་པའི་སྐུལ་མ་གནང་བ་མ་ཟད། རྒྱལ་སྤྱིའི་གཞུང་ཚོགས་ཁག་གི་མི་སྣ་མང་ཙམ་བོད་ནང་ཆེད་གཏོང་དགོས་པའི་རེ་འདུན་བཏོན་གནང་ཡོད་འདུག

humanrights

འབྲེལ་ཡོད་གསར་གནས།

གསར་གནས།