རྒྱ་གཞུང་གིས་དྲ་རྒྱའི་མི་སྣ་དང་ཕྱི་སྡོད་རྒྱ་རིགས་སླད་རྒྱལ་གཅེས་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏང་རྒྱུའི་ཁྲིམས་གཞི་གྲ་སྒྲིག

Tibetan News Headlines

  • China Intensifies Political Campaign in Tibetan Monasteries Across Golok Region Under ‘Religious Affairs’ Drive
  • Tibetan Parliament Debates Standardization of Flag, Emblem, and National Anthem
  • Rights Group Slams China’s “Ethnic Unity” Law as Tool of Control at the UNHRC
  • China Deploys Advanced Stealth Fighters Within 100 Miles of India’s Sikkim Frontier
  • After Six-Year Halt, India–China Trade via Lipulekh Pass Set to Restart
  • Interview on China’s “Law on Promoting Ethnic Unity and Progress” Passed during Two Sessions

ཪེས་གཟའ་སྤེན་པ། ༢༠༢༦།༠༣།༢༡

  • མགོ་ལོག་དར་ལག་རྫོང་གི་དགོན་པ་ཁ་ཤས་ནང་ཆོས་ལུགས་ཁྱབ་ཁུངས་ཀྱི་ཡིག་ཆ་དང་པོའི་དགོངས་དོན་ཟེར་བའི་བྱེད་སྒོ་སྤེལ་བ།
  • དེ་རིང་ཉིན་འཁྱོངས་རིང་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་ཁྲིམས་བཟོའི་ལས་དོན་ཐོག་ཕེབས་སོང་།
  • རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་གི་བོད་ནང་དྲག་གནོན་དང་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་གླེང་བ།
  • རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་འཐབ་འཛིང་གནམ་གྲུ་ ༡༤ ལྷག་འགྲེམས་འཇོག་བྱས་འདུག
  • རིང་མིན་ Lipulekh ས་མཚམས་བརྒྱུད་རྒྱ་གར་དང་རྒྱ་ནག་བར་གྱི་ཚོང་འབྲེལ་འགོ་འཛུགས་བྱ་རྒྱུ་རེད་འདུག
  • རྒྱ་ནག་གི་ཚོགས་འདུ་གཉིས་ཀྱི་ཐོག་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གཞི་གསར་པའི་སྐོར་གླེང་མོལ།

རྒྱ་ནག་དམར་པོའི་གཞུང་གིས་ཡུལ་དེའི་དྲ་རྒྱའི་མི་སྣ་དང་སློབ་ཕྲུག ལྷག་པར་དུ་ཕྱི་སྡོད་རྒྱ་རིགས་རྣམས་ཀྱི་ཆེད་དུ་རྒྱལ་གཅེས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་ཤུགས་ཆེ་རུ་གཏང་རྒྱུའི་ཁྲིམས་གཞི་གྲ་སྒྲིག་གཏན་འབེབས་བྱ་འཆར་དང་སྦྲགས། ཁ་སང་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུར་དེ་འབྲེལ་ཟིན་བྲིས་འགོད་འབུལ་བྱས་འདུག

དེ་ཡང་ Xinhua རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་ཁ་སང་རེས་གཟའ་ཟླ་བའི་ཉིན་སྐབས་ ༡༤ པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུ་ཐེངས་ ༣ པ་ཚོགས་པའི་སྟེང་རྒྱལ་གཅེས་ཀྱི་སློབ་གསོ་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་ཟིན་བྲིས་ཁག་ལ་བསྐྱར་ཞིབ་བྱས་ཡོད་པ་རེད། 

ད་ལྟའི་ཆར་ཟིན་བྲིས་ཡིག་ཆེའི་ནང་དོན་གང་ཡིན་ཡོངས་གྲགས་སྤེལ་མེད་ཀྱང་། CCTV སོགས་གཞུང་འབྲེལ་བརྒྱུད་ལམ་ཁག་ལ་ཡིག་ཆེའི་ནང་དོན་ཁག་ཅིག་མངོན་གསལ་བྱས་འདུག་པའི་ནང་དྲ་རྒྱའི་ཐོག་ལས་རིམ་བཟོ་སྐྲུན་དང་འབྲེལ་བའི་ལས་དོན་གཉེར་མཁན་རྣམས་ནས་རྒྱལ་གཅེས་ཀྱི་སློབ་གསོ་དང་འབྲེལ་བའི་གནད་དོན་གང་མང་བཟོ་སྐྲུན་དང་བརྒྱུད་སྤེལ་བྱེད་དགོས་པར་མ་ཟད། ལྷག་པར་དྲ་རྒྱ་སྤྱོད་མཁན་དང་དྲ་རྒྱའི་མཐུན་རྐྱེན་སྦྱར་མཁན་གྱི་ཚོང་ལས་ཁང་སོགས་ནས་བརྙན་ཆས་དང་གླེང་སྟེགས་གསར་པ་བཟོ་སྐྲུན་གྱིས་རྒྱལ་གཅེས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་དགོས་པ་བཀོད་འདུག
Xinhua བརྒྱུད་ལམ་གིས་སྤེལ་བའི་གནས་ཚུལ་ནང་རྒྱལ་གཅེས་ཀྱི་བློ་གོང་ཐོར་གཏང་རྒྱུ་དང་། མང་ཚོགས་ཀྱི་ནུས་པ་གཅིག་ཏུ་སྒྲིལ་རྒྱུ། དེ་བཞིན་རྒྱལ་ཁབ་ཀྱི་སྲ་བརྟན་གོང་འཕེལ་སླད་རྒྱལ་གཅེས་ཀྱི་སློབ་གསོའི་ཁྲིམས་སྒྲིག་དེ་ལག་བསྟར་བྱ་གནད་ཆགས་ཡོད་པ་ཆེད་བཀོད་བྱས་འདུག 

ཟིན་བྲིས་ཁྲིམས་ཡིག་ནང་ཧོང་ཀོང་དང་ Macau དེ་བཞིན་ཐེ་ཝན་གཙོས་ཕྱི་སྡོད་རྒྱ་རིགས་རྣམས་ལ་ཁྲིམས་སྒྲིག་དེ་ངེས་པར་དུ་ལག་བསྟར་བྱེད་དགོས་པ་དང་། དེའང་རྒྱལ་ཁབ་ཀྱི་རྒྱལ་དར་སྒྲེང་འཛུགས།  རྒྱལ་གླུ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ངག་རྒྱུགས་སྤྲོད་དགོས་པ་སོགས་ཀྱི་བརྒྱུད་ནས་རྒྱལ་གཅེས་ཀྱི་སློབ་གསོ་སྤེལ་དགོས་པ་མ་ཚད་པར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཁང་དང་གལ་ཆེའི་ས་ཚིགས་ཁག་རྒྱལ་གཅེས་སློབ་གསོའི་ལྟེ་གནས་ལྟ་བུར་བཟོ་དགོས་པ་སོགས་ཀྱི་ནང་དོན་འཁོད་ཡོད་པ་རེད་འདུག

དེང་སྐབས་ཐེ་ཝན་དང་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད་རྒྱ་ནག་གཞུང་གི་ངོས་ནས་ཐེ་ཝན་རང་བཙན་གྱི་ལས་འགུལ་ཁག་ལ་སྟངས་འཛིན་སླད་ཕྱི་སྡོད་རྒྱ་རིགས་ཁག་ནས་རྒྱབ་སྐྱོར་རག་ཐབས་བྱས་དང་བྱེད་བཞིན་ཡོད་པ་རེད།

ཁྲིམས་ཡིག་ཟིན་བྲིས་ནང་ད་དུང་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་དམིགས་འབེན་གཙོ་བོ་གཅིག་ནི་སློབ་གྲྭར་འགྲོ་བཞིན་པའི་སློབ་ཕྲུག་རྣམས་ཡིན་པ་འཁོད་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོའི་བར་དུ་རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་རྒྱལ་གཅེས་ཀྱི་སློབ་གསོ་སྤེལ་སའི་ལྟེ་གནས་ཁྱོན་ ༥༨༥ ཙམ་གསར་རྒྱག་བྱས་ཟིན་ཡོད་པ་བཀོད་འདུག

རྒྱ་ནག་དབུས་ཤེས་ཡོན་ལྷན་ཚོགས་ནས་ཀྱང་ཕྱི་ལོ་ ༢༠༡༧ ནས་ཡུལ་དེའི་སློབ་གྲྭ་ཁག་གི་བསླབ་གཞིར་སྲིད་འཛིན་ཞི་ཅིན་ཕིང་གི་བསམ་བློ་པ་དང་། དུས་རབ་གསར་པའི་ནང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སོགས་ཀྱི་གནད་དོན་བཀོད་རྒྱུ་དང་། ཕྱི་ལོ་ ༢༠༢༡ ནས་བཟུང་སློབ་གྲྭ་ཁག་གི་སློབ་དེབ་ནང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་སྙིང་པོ་ཞེས་པ་སོགས་ཀྱི་སློབ་ཁྲིད་བྱས་ཡོད་སྐོར་འཁོད་འདུག 

གསར་འགོད་པས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།